གཅན་ཡུ་མོའི་སྙན་ངག་བདམས་བཀོད།

IMG_2245.JPG

མིང་ལ་གཅན་ཡུ་མོ་འམ་དངོས་མིང་ལ་དྲུག་དཀར་མཚོར་འབོད། བོད་མདོ་སྨད་གཅན་ཚ་ནས་སྐྱེས་ཤིང་ཆུང་དུས་ནས་ཤེས་རིག་བཅུད་ཀྱིས་བལྟམས་པའི་སློབ་གླིང་ནས་བོད་རྒྱའི་ཡིག་རིགས་ལ་སྦྱངས་པ་བྱེད་པའི་སྐལ་བཟང་ཤར་མྱོང་། ༢༠༠༠ལོར་རྒྱུ་རྐྱེན་གང་མང་ཞིག་གིས་རྒྱ་གར་དུ་ལ་འབྱོར་ཞིང་དེ་ནས་ཀྱང་བོད་དབྱིན་ལ་སྦྱངས། དེ་སྔ་གསར་འགོད་པ་དང་ཡིག་སྒྱུར་བ། དྲ་བའི་རྩོམ་སྒྲིག་པ་སོགས་ཀྱི་ལས་ཀ་བསྒྲུབས་མྱོང་།  མོ་ལ་མཚོན་ན་རྩོམ་རིག་ལ་དུང་བ་ཟབ་ལ་ལྷག་པར་སྙན་ངག་ནི་རང་གི་མིག་ཟུང་ཡིན་པའི་བསམ་བློ་ནས་འཚར་ལོངས་བྱུང་སྟེ་བོད་ཕྱི་ནང་གི་དྲ་རྒྱ་དང་དུས་དེབ་ཁག་ནང་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་ངག་སོགས་མང་པོ་བཀོད་མྱོང་ཞིང་། དེ་བཞིན་གསར་འགྱུར་དང་མཁས་པའི་གདམས་ངག་དེ་འདྲ་བོད་ཡིག་ནང་སྒྱུར་བཞིན་ཡོད།  ལྷག་པར་རང་ཉིད་བུད་མེད་ཅིག་ཡིན་པའི་ཆ་ནས་བོད་ཀྱི་བུད་མེད་ཚོའི་ལས་དབང་ལ་ནམ་ཡང་བསམ་གཞིགས་བྱེད་མཁན་ཞིག་ཡིན་པས། བོད་ཀྱི་བུད་མེད་ཚོའི་ཐོབ་ཐང་དང་བུད་མེད་ཀྱི་འཕྲོད་བསྟེན་སོགས་ཀྱི་གནས་བབ་སྐོར་ལའང་མང་བོ་ཞིག་བྲིས་མྱོང་བས་ཀློག་པ་པོ་མང་པོས་གདེང་འཇོག་ཐོབ།  སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཕྱི་ཟླ་དྲུག་པའི་ཚེས་གཉིས་ཉིན“ཉི་མ་འབུམ་གྱི་གཟི་བྱིན”ཞེས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོའི་མདོ་འཛིན་པ་བྱས།    ད་ལྟ་ཡོ་རོབ་སྦེལ་ཇམ་དུ་སློབ་སྦྱོང་དང་ལས་ཀ་ལས་ཀྱིན་ཡོད།

                      ཚུལ་འཆོས་ཤིག

གྱོང་གུན་མེད་མདོག་གིས
རི་བོའི་ཕ་རོལ་ནས་ཁྱེད་ལ་གཏམ་གསུམ་བཤད
ཆིག་ལབ་ཅུང་ཙམ་གྱི་བར་དུའང
རང་ཉིད་ལ་ང་རྒྱལ་ཧ་ཅང་ཡོད་མདོག་བསྟན
གྲོག་རོང་ལྟ་བུའི་ཁང་བརྩེགས་དེའི་འོག་ཏུ
ཡུ་མོ་ནི་གྲོག་མ་ཞིག་དང་མཚུངས་ནའང
གྲོག་མ་དེར་ཡང་བདེ་སྐྱིད་ཆེ་མདོག་དང་གཟི་བརྗིད་ཡོད་མདོག་བཤད

འདི་ནི་གཤིས་རྒྱུད་ཅིག་གང་ནས
ཁྱིམ་སྲོལ་ཞིག་ཀྱང་གང་ནས
རླུང་གིས་སྤུར་ཟིན་པའི་གཤོག་སྒྲོ་ལྟར
ཕ་གའི་རི་འདབས་སུ་ལྷག་འདུག
གཡུ་མདོག་གི་རྩྭ་ཐང་ཡང་རྒྱང་རིང་ཞིག
སྦྲ་ནག་གི་མཛེས་པ་ཡང་རྨི་ལམ་ཞིག
སྔོན་གཞུག་གང་དུའང་སྐོམ་གདུང་གིས་འཁྱིལ་བའི་སེམས
རླུང་གིས་རྒྱང་ནས་རྒྱང་དུ་འཁུར
ཧ་ཅང་སྐོམ  སྐོམ་པས་གཟིར་བའི་མིད་ཐག
རྨ་ཁ་ཞིག་མིན
འཁུན་སྒྲ་རྫོགས་མེད་དུ་ཤོང

དུས་ཚིགས་དང་ལོ་ཟླའི་བཞིན་རས་སུ
རྩྭ་གསེབ་ནས་འཐོར་བའི་མིག་ཆུ་མང
ནམ་མཁའ་སྔོ་ཞིང་དྭངས་ཀྱང
ས་གཞི་ལ་མུན་ནག་འཐིབས
ཉི་ཟླ་བཀོག་ནས་འགྲོ་བ་ཐོས་ཕྱིར
ཨག་སྐད་ཅིག་རང་དབང་མེད་པར་ཤོར
འདི་ཡང  ཞེད་སྣང་མིན་དེ
འཇའ་ཤུལ་གྱི་དྲན་ཤིང་ཁོ་ན་ཡིན་དེ
ཡུ་མོས་སྔར་ལྟར་ཚུལ་འཆོས་ཤིག་བསྟན

                     ༢༠༡༧/༠༦/༢༩

IMG_2253.JPG
                      ཁ་གཡར་བ།

དེ་རིང་མཚོ་འགྲམ་ནས
ང་དང་ཉྭ་མོའི་མགུར་གླུ་དྲན་སོང
དྲང་བདེན་གྱི་གཞས་ཆུང་སེམས་ཀྱིས་ཕོད་བཞིན
འཛུམ་ལ་མི་ཆགས་པའི་དམ་བཅའ་བཞག་པ་དྲན

རང་གཤིས་གོར་མོ་རྡོ་ལོག་འདྲ་མོ
རྒྱ་མཚོའི་རླབས་དང་འཁྱུད་བཞིན
མགོ་དཀྲིས་དམར་བོ་དེའི་མཐིལ་ལ་དུངས་སེམས་བརྗོད་པ་དྲན
རེ་བའི་སྒོ་གླེགས་དལ་གྱིས་རྡུང་བའི་དུས་ཚོད་རེ་རེ
ལྗན་ལྗིན་གྱིས་བཏེགས་པའི་ཚོར་བའི་དབྱིངས་ན་དགའ་སྐྱིད་ཀྱིས་ཁེངས་པ་རྟོགས

སྒྲོ་མ་བཏགས་པའི་རྨི་ལམ་ལྗིད་པོ
འོད་དུ་འཚེར་བའི་རེ་བའི་ཁང་ཆུང་ན
ཟླ་བ་དང་རྒྱུ་སྐར་གྲངས་མེད་ཁྲོད
ཡིད་ཆེས་ཀྱི་གོམ་སྟབས་སྒྱུར་བཞིན
གནས་ལུགས་གཙང་མར་གཟི་བྱིན་བསྐྲུན

རེ་སྒུག་གི་མངའ་ཁོངས་ལ་འོད་སྣང་གིས་སྤྲོ་བའི
ཐོབ་འདོད་ཀྱི་བྱམས་བརྩེར་གཡོ་བསླུ་མ་མཆེད་པའི
ལྷད་མེད་ཀྱི་བཞད་སྒྲར་དྭངས་གཙང་གིས་ཁེངས་པའི
ཁེར་རྐྱང་གི་རྣམ་ཤེས་ལ་ཁ་ལོ་བསྒྱུར་ཐུབ་པའི
རྟག་བརྟན་གྱི་འདུན་པ་དེ་རྒྱང་རིང་གི་གནས་ན
ད་དུང་གསོན་པོ་ཡིན་པས
ང་ཚོའི་རང་གཤིས་གཙང་མའི་མཛེས་སྡུག་དེ་སུས་ཀྱང་འཁྱེར་མི་ཐུབ
ངའི་དད་མོས

                                      ༢༠༡༧/༠༢/༠༩

IMG_2254.JPG

                       ཉིན་གཅིག

ཨེད་མཱ་ལགས  དེ་རིང  
སྔོ་བསང་གི་སྟོང་ཁམས་ན་བྱ་ཚོགས་མེད
སྡོང་ལོའི་ཡལ་ག་རེ་རེ་ནས་ལོ་མ་འཛུམ་པས་ངའི་སྣང་བ་ཡང་རེ་ཞིག་དེར་ཤོར་སོང
འཇིག་རྟེན་ན  མི་འགྱུར་བའི་བརྩེ་འདང་ངོ་མ་ཡོད་མི་སྲིད

ཨེད་མཱ་ལགས  ལས་དབང་གིས་བཏུལ་བའི་ཁྱེད་ཀྱི་ཚེ་སྲོག
ལོ་ངོ་བཅོ་ལྔར་བསྒུགས་པའི་བརྩེ་དུང་གི་རི་མོ
མཚམས་རེར  ཁྱོད་དང་ཁ་ཐག་ཉེ་བར་གྱུར་ཡོད་ལ
ཡང་སྐབས་འགར ཁྱོད་དང་རྒྱང་ཐག་ཧ་ཅང་རིང་པོར་གྱེས་ཡོད
ཁྱོད་ཀྱི་འཇོ་སྒེག་ལ་བབས་པའི་མི་དེའི་སྣང་བརྙན
ཁྱོད་ཀྱི་ཡ་ཆུང་དུ་གསལ་བོར་འབྱར་བའི་མི་དེའི་རང་གཤིས
ཡོད་ཚད  མཐའ་མ་དེར
ཁྱོད་ཀྱིས་ཡིད་ཚིམས་པའི་ལོ་ཟླ་ག་ཚོད་ཅིག་ལ་མཉམ་སྐྱེལ་བྱེད་ཐུབ་ཡོད་དམ

ཨེད་མཱ་ལགས  ཁྱོད་ཀྱིས་རྩོམ་རིག་ལ་བཅངས་པའི་ཕུགས་འདུན
ཁྱོད་ཀྱིས་བརྩེ་དུང་ལ་བཅོལ་བའི་རེ་སྒུག
ཡོད་ཚད་ནས་ཡོད་ཚད
སྐད་ཅིག་ཉིད་ལ་མངོན་འགྱུར་བྱུང་ཞིང
ཡང་སྐད་ཅིག་ཉིད་ལ་འཆི་བདག་གིས་ཕྲོགས་སོང
ཁྱོད་ཀྱིས་བསམ་གཞིག་ལ་འདམ་ག་མེད
ཁྱོད་ཀྱིས་འདམ་ག་ལའང་འདེམས་དབང་མེད
ཡིད་སྐྱོ་བའི་ཚོར་སྣང་རེ་རེ
འདི་ལྟར་ཡལ་སོང

ཨེད་མཱ་ལགས  དགའ་བ་གཏིང་ཟབ་དྲགས་པས
དུང་བ་ཤུགས་ཆེ་དྲགས་པས
ཁྱོད་ཀྱིས་ཆང་རག་གིས་སྨྱོས་པའི་མི་དེའི་ཆེད་དུ
ཁྱོད་ཀྱིས་བུད་མེད་ལ་འདོད་སེམས་ཆེ་དྲགས་པའི་མི་དེའི་དོན་དུ
ནམ་རྒྱུན  རང་ཉིད་བློས་བཏང་གིས་ཁོའི་འདོད་པ་སྒྲུབ
སྣང་ཚུལ་ཞིག་ལ  མི་དེའི་སྐྱོ་སྡུག་གི་ཕ་རོལ་རེ་རེ་ན
ཁྱོད་ཀྱིས་ཞབས་གཡོག་བསྒྲུབས་པའི་སྡེ་ཚན་རེ་རེ་མངོན་ཡོང
སྐབས་འགར  ངས་ཁྱོད་ནི་རང་ཚུགས་མེད་པའི་མི་ཕོ་དེའི་གཡོག་མོ་ཞིག་ལའང་ངོས་བཟུང་མྱོང་མོད
མཐར་ཐུག་ན  ཁྱོད་ནི་ངས་ད་བར་ཏུ་མཐོང་མ་མྱོང་བའི་བུད་མེད་བརྩེ་འདང་ཅན་ཞིག་རེད

ཨེད་མཱ་ལགས  ཁྱོད་རང་འཆི་ཁའི་སེམས་པ་དང
ཌེད་ཁུ་སི་ཋུར་ཡིས་སྒུག་ཡོད་པའི་སེམས་འཚབ་སོགས
ད་དུང་མིག་མ་བཙུམས་བར་ཏུ
སྨུག་པ་དེའི་གསེབ་ནས  མི་ཚོགས་དེའི་གསེང་ནས
ཆར་ཐིགས་དེའི་དཀྱིལ་ནས  ལག་བསྲིངས་དང་བཅས་ཏེ
གཏན་དུ་སད་རྒྱུ་མེད་པའི་རྨི་ལམ་ཞིག་གིས་ཁྲིད་སོང་བས
ངོ་མ  སྙིང་དུ་མི་འབབ་ཅིང
ང་ལ  ད་དུང་ཡང་ལྗིད་ཏིག་གེར་བསམ་གཞིག་ལ་ལྷུང་བའི་ན་ཟུག་ཅིག་ལྡང

                              ༢༠༡༨/༤/༦ ཉིན་༼   ཉིན་གཅིག ༽  ཞེས་པའི་བརྩེ་དུང་བརྩམས་སྒྲུང་དེ་བཀླགས་རྗེས་སུ།  

IMG_2246.JPG

                     རང་ཚུགས།

མཚན་མོ་ཡིས་ས་ཆེན་ལ་བརྩེ་བ་ཐེངས་གཅིག་སྤྲད
རླུང་བུས་དབུགས་རྒྱུན་གྱིས་རོལ་མོ་དཀྲོལ
འབུ་མེ་ལྕེབས་ཁོ་ནས་གར་ལ་རྩེན་བཞིན་རམ་འདེགས་བྱས
རྒས་ཁོག་ཏུ་གྱུར་བའི་སེམས་པ་ཞིག
དར་ལྕོག་ལ་བཏགས་པས
རླུང་བུ་གཡུག་ཐེངས་རེ་ལ་རང་ཚུགས་འགའ་རེ་ཤོར

འབུ་གྲོག་མ་འགས་ཁ་པར་ལས་ཡིག་སྐྱེལ་བྱས
དུག་སྡོམ་འགས་ལམ་ཁའི་སྲུབས་ཀ་རེ་རེར་སྡོམ་ཐག་འཐེན་པས
དོན་མེད་ལ་ཉེས་མེད་ཀྱི་འབུ་སྦྲང་མང་པོའི་ཚེ་སྲོག་ཤོར
འདུ་ཁང་གི་སྒོ་འགྲམ་དུ་ཞི་བའི་འཛུམ་ཀོང་དོད་པའི་གཞོན་ནུ་ཡོད་ནའང
ཞལ་ཏ་མའི་སྒེར་སེམས་ཀྱི་སྣེ་མོར་ལྷུང་བའི་རྐང་ཐང་བ
ད་དུང་ཡང་མུ་མཐུད་དུ་གཡོ་འོག་ལ་ཚུད

                                ༢༠༡༨/༧/༠༡
IMG_2248.JPG

                     གྲོག་མའི་རང་མཚང་། 

ཆར་བ་བབ་ཀྱང་ས་ནི་སྐམ།  
སྤྲིན་པ་འཐིབས་ཀྱང་ཉི་འོད་མ་ཁོག
བྱིའུ་ཁོ་ནས་མཁའ་དབྱིངས་ལ་དྲོད་སྣང་སྦྱིན་ཀྱང་།  
རླུང་བུ་ཕྲག་དོག་གིས་རྒུན་ཆང་ལ་རོལ།  
མི་ཟོག་ཁྱུ་གཅིག་ཐག་རིང་ལ་བགྲོད་དེ་ཅུང་ཙམ་ཕྱིན་སོང་།
ཡིན་ཡང་དྲི་ངན་ཞིག་ད་དུང་རྒྱབ་ལོག་ཏུ་འཐིབ་འདུག  
དགུན་ཁ་ཞིག་མགྱོགས་པོར་མ་སླེབས་ཚེ།
མང་པོ་ཞིག་ལ་དྲི་ཕོག་པར་གདོན་མི་ཟ།

ལོ་མས་ཁྲུས་གསོལ་བྱེད་བཞིན།
རྩ་བ་ལ་སེམས་གསོ་གཏོང་།
གྲོག་མ་འདར་འདར་གྱིས་སྡོང་བོར་འཐམས་ཏེ་མིག་ཆུ་གཏོར།  
གད་སྙིགས་མང་པོ་ཞིག་གིས་བླ་འབོད་བྱེད་རྒྱུ་ཕར་བཞག

ད་དུང་ཡང་གྲོག་མར་རམ་འདེགས་བྱས་ཏེ་སྡོང་བོ་དང་མཉམ་དུ་བསྡམས།  
ལྕེབས་ཐག་དེ་སྐེ་ལ་བསྐོན་དོན་སུས་ཀྱང་བཤད་དཀའ་ཨང་།
གྲོག་མ་ཡང་རླུང་གིས་གར་སྟབས་ལ་འཁྱུད་རྒྱུ་ཧ་ཅང་དགའ་འདུག

མང་པོ་ཞིག  སྒེའུ་ཁུང་ཁོ་ན་ལས་སྐེ་བསྲིངས་ཏེ།  
གྲོག་མས་ཅི་བྱེད་ལ་ལྐོག་ལྟ་བྱེད།  
འགྲན་རྩོད་ཀྱི་གཡུལ་ལ་ཞུགས་མཁན་མེད་ནའང་།  
ཕྲག་དོག་གིས་བ་མོ་ཆགས་སྟེ།
རང་ཉིད་རང་གིས་རྒྱད་ཕུད་བཏང་འདུག་ཟེར།  
བྱེ་རླུང་འཁྲུགས་པ་མིན་ན།  
ངས་ཅི་ཡང་མཐོང་མ་སོང་།  

                      ༢༠༡༨/༦/༣༠

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅན་ཡུ་མོའི་སྙན་ངག་བདམས་བཀོད།

2018-07-17 གཅན་ཡུ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།