སློབ་དཔོན་ཆེན་མོ༧ཨ་ཁུ་ཚུལ་ཁྲིམས་ཚང་གི་སྙན་རྩོམ་ཕྱོགས་བསྒྲིགས།

ཨ་ཁུ་ཚུལ་ཁྲིམས།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-06-26

སློབ་དཔོན་ཆེན་མོ༧ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི་སྤྱི་ལོ1941ལོར་མཛོད་དགེ་ཉིན་མའི་མཁན་པོ་ཤོག་ཏུ་རྒྱ་བཟའ་ལྷ་མོ་ཚེ་རིང་གི་བུ་རུ་འཁྲུངས། སྤྱི་ལོ1951ལོར་པཎ་ཆེན་བཅུ་བ་ཆེན་མོའི་ཡོངས་འཛིན་རྗེ་ཨ་ཁུ་བསང་ཁོག་འཇིགས་མེད་ཚང་གི་མདུན་ནས་རབ་ཏུ་བྱུང་ཞིང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཚོགས་ཞུགས་གནང་སྟེ། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་སྐལ་བཟང་ཆོས་འབྱོར་རྒྱ་མཚོ་ཚང་དགེ་རྒན་ཏུ་བསྟེན་ནས་གཞུང་ཆེན་མོ་ལ་གསན་སྦྱོང་གནང་ཞོར་ཐུན་མོང་རིག་གནས་སོགས་ལ་ཟུར་དུ་སྦྱངས། དེ་ལས་ཆོས་གྲོགས་རེབ་གོང་སེང་གེ་གཤོང་གི་བསྟན་པའི་རྒྱལ་མཚན་(1931_2010)ཏེ་ཕྱིས་སུ་སེང་གེ་གཤོང་གི་དགེ་བཤེས་ཚང་དུ་འབོད་པའི་མདུན་ནས《བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས》ཆ་ཚང་སྦྱངས་ལ་བཤེས་གཉེན་ཆེན་པོ་མགོ་ལོག་བློ་བཟང་གི་མདུན་ནས་ཀྱང་སུམ་རྟགས་དང་སྙན་ངག་ལ་ཞིབ་པར་སྦྱངས།  1958ལོར་བླ་བྲང་ནས་ཕ་ཡུལ་དུ་མི་ཕེབས་ཀ་མེད་བྱུང་། ཡུལ་ལ་ཕེབས་རྗེས་མཁན་པོ་རུ་བ་དང་མཁར། ར་མང་རུ་བ་སོགས་ནས་ནོར་ཕྱུགས་སྐྱོང་བ་དང་ས་ལས་རྡོ་ལས་བྱེད་པའི་ངལ་རྩོལ་གྱི་ལས་ལ་ཞུགས་སུ་བཅུག་ནས་སྐུ་ངལ་མང་བོ་མྱངས་ཀྱང་དམ་ཚིག་དང་སྡོམ་པ་མིག་འབྲས་བཞིན་བསྲུངས་པའི་ཐོག་སྦས་པའི་ཚུལ་གྱིས་སློབ་གཉེར་རྒྱུན་ཆགས་གནང་། 1980ལོར་སྲིད་ཇུས་ཅུང་གུ་ཡངས་བྱུང་དུས་འབྲེལ་ཡོད་མི་སྣས་ཡང་ཡང་བསྐུལ་ངོར་དགོས་པ་དུ་མར་གཟིགས་ཏེ་ཉིན་མ་སློབ་ཆུང་དུ་དམངས་སྒྲུབ་དགེ་རྒན་གནང་ཞིང་1981ལོར་གཞུང་སྒྲུབ་དགེ་རྒན་ཏུ་བསྒྱུར། 1981ལོ་ནས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ཕེབས་ཤིང་ལོ་ངོ་སུམ་ཅུ་ལྷག་ལ་བོད་ཡིག་དགེ་རྒན་གནང། སྐབས་དེར་རིམ་གྱིས་ཆོས་སྒོ་ཕྱེ་ནས་བླ་བྲང་དགོན་པ་སླར་ཡང་འཚོགས་ཆོག་པ་བྱུང་བས། གྲྭ་བ་རྒན་པ་ཚོས་ཉིན་མའི་ཨ་ཁུ་ཚུལ་ཁྲིམས་དང་འབོར་ལྟེས་མ་བརྩོན་འགྲུས་སོགས་ལ་སྔོན་མ་ནས་སྐད་གྲགས་ཡོད།  ད་ལྟ་ཚུལ་ཁྲིམས་བླ་བྲང་ལ་མ་ཡོང་བ་མ་འགྲིག་ཟེར་ནས་འགྲམ་ཤ་འཐེན་མཁན་ཡང་མང་བོ་ཡོད།  སྤྱིར་བོད་ཀྱི་རིག་གནས་སྤྱི་ལ་ཆག་སྒོ་བྱུང་ནས་སྐྱ་ཆད་སྔོ་སྡུག་གི་དུས་ཡིན་པ་དང་།  ཁྱད་པར་དུ་རྨ་ཆུ་ས་གནས་ལ་བོད་རིགས་སློབ་འབྲིང་ཞིག་མེད་པ་ནས་ཡོད་པ་དང་།  ཡོད་པ་ནས་གོང་འཕེལ།  གོང་འཕེལ་ནས་འདབ་ལག་རྒྱས་པའི་བར་དུ་སྐུ་ཚེ་གང་གི་བྱ་བཞག་ཆེན་པོ་མང་བོ་བློས་བཏང་ནས་བསྐྱངས་སྟབས།  རྨ་ཆུ་རྫོང་གི་རིག་གནས་སློབ་གསོའི་བྱ་བཞག་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། དེར་མ་ཟད། ཁོང་ལ་“རྒྱལ་ཡོངས་སློབ་གསོའི་སྡེ་ཡི་ངལ་རྩོལ་དཔེ་བཟང་གཟེངས་སྐྱེས”དང་ཞིང་ཆེན་རིམ་པའི་ཕུང་བྱུང་དགེ་རྒན་གྱི་མཚན་སྙན་དང་བྱ་དགའ་སོགས་མང་དུ་ཐོབ་སྟེ། “རྒྱལ་ཡོངས་ཕུལ་བྱུང་དགེ་རྒན”ཞེས་པའི་དེབ་ཐེར་ལ་བཀོད།གཞན་ཡང་ཨ་ལགས་དོར་ཞི་སོགས་ནས་ནུབ་བྱང་མི་རིགས་སློབ་གླིང་དུ་གདན་འདྲེན་ཞུས་ཀྱང་ས་གནས་སློབ་གསོ་གལ་ཆེན་ལ་དམིགས་ཏེ་མ་ཕེབས་པར་སྐད།1998ལོ་དང2004ལོར་རྨ་ཆུ་རང་སའི་སློབ་མ་དང་དགེ་རྒན་གཙོས་ཕྱོགས་ཡོངས་ཀྱི་གྲྭ་པ་དང་སློབ་མ་སོགས་བརྒྱ་ཕྲག་གཉིསགསུམ་ལ་སུམ་རྟགས་ཀྱི་གཉིས་ཀྱི་སློབ་ཁྲིད་ཞིབ་རྒྱས་གནང་། 2004ལོར་རྒན་ཡོལ་ཞུས་པ་ནས་བཟུང་ཚ་གན་བཱེ་ཤིང་དགོན་དགའ་ལྡན་རབ་རྒྱས་གླིང་དུ་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བཞིན་བཞུགས་ཡོད། ད་ལྟའི་དུས་སུའང་ཀན་ལྷོའི་ཕྱོགས་ཀྱི་སློབ་གསོའི་ལས་དོན་དང་ལྷག་པར་བོད་སྐད་ཡིག་སློབ་ཁྲིད་ལ་མཛད་རྒྱས་ཆེ་བའི་ཀ་ཆེན་ལྟ་བའི་སྐྱེས་བུར་ཨ་ལགས་བསེ་ཚང་དང་། དྲུང་ཡིག་སྨོན་ལམ་ཚང་། ཨ་ཁུ་བསྟན་པ་རྒྱ་མཚོ་ཚང་། ཀླུ་ཆུའི་རྒྱ་ནག་པ་ཚང་། རྨ་ཆུའི་ཨ་ཁུ་ཚུལ་ཁྲིམས་ཚང་། འབོ་རའི་ཨ་ཁུ་ཤེས་རབ་སོགས་བགྲང་གིན་ཡོད་དོ།།
 
བརྩེ་བའི་རླབས་ཕྲེང་རྒོད་པའི་འཛུམ་དཀར།
 
གཞན་གྱི་ཤ་ལ་རྔམ་པའི་སྤྱང་ཀི །།
མ་ཡིན་ཡ་རབས་གསེར་གྱི་ཉིང་ཁུ །།
དུས་ཀུན་བདག་གི་ཡིད་ན་ལྷག་གེ །།
འཛུམ་པ་ཁྱེད་ལ་ཞུ་བྱ་མང་ངོ།།
ཞིམ་རྒུའི་ཡིད་འདྲེན་ཟས་ཀྱི་སྣོད་ཀ །
ཚ་བའི་གདུང་བ་ཀུན་འཕྲོག་དབྱར་ཁ །།
ཀུན་འཛོམས་ཁྱེད་ཀྱི་འཕྲིན་ཡིག་དེ་ག །
ཨེ་མ་དགའོ་ཡིད་མཐུན་གྲོགས་ང།།
བདག་ནི་ཧམ་ཅན་མགུ་བའི་ཀ་ཅ།།
རྒྱ་ཆེན་ཤེས་བྱའི་གནས་ལ་བྱང་ཆ།།
ཐ་ན་མགྲོན་ལ་འདྲེན་རྒྱུའི་རྒྱ་ཇ།།
གང་ཡང་མེད་པ་རྫིང་བུའི་འདམ་ཉ །།
ཚུལ་མིན་གླེང་ཕྱོགས་འཁྱོག་པོའི་ཞལ་ཏ།།
ཀུན་ལ་འཆལ་བོའི་སྤྲོད་པའི་ཉལ་ཐ།།
སྒྲོབ་ཀྱིས་མཆོག་ལ་རྫུ་བའི་སྲེ་ད།།
འདི་དག་ཀུན་ཏུ་བདོ་བའི་ཁྲོད་ན།།
ན་གཞོན་ཕལ་ཆེར་བྱིས་པའི་བྱིས་པ།།
འོན་ཀྱང་ཕྲུ་གུ་དུ་མའི་ཨ་ཕ།།
རྒན་པོ་ཕལ་ཆེར་ཡིག་རྨོངས་རྐྱང་བ།།
བདག་ཀྱང་རིག་གནས་སྤེལ་བའི་བླ་མ།།
བསམ་གྱིན་ས་འདིའི་ངང་ཚུལ་ཨ་ཙ།།
འདི་ཡི་གདུང་བས་ལུས་ཀྱི་སྐྱི་ཚ།།
འོན་ཀྱང་སྟོབས་ཆེན་རྨོངས་པའི་ར་ཛ།།
དེས་བཟུང་ཐམས་ཅད་གཟེབ་ཀྱི་བཙོན་ཝ།།
ཁྱོད་ཅག་དགྲ་ལ་འཕྱ་བའི་ག་ཞ།།
དགོད་བཞིན་དེང་རབས་ཅན་བཞིའི་བསྲེག་ཟ།།
སྦར་ནས་ཀློག་ལ་ཞུགས་ཚེ་ཨ་འ།།
མི་བྱེད་བླུན་པོའི་ཁྱུ་འདི་ཐུལ་ཡ།།
རང་བུ་རིག་པའི་གནས་ཀྱི་དོ་ར།།
ལོ་མང་འགྲིམ་པའི་ལག་གི་རྗེས་ལ།།
གཉེན་འདུན་འོངས་པར་འདྲེན་པའི་སྐོང་ཤ།།
འབྱུང་བ་རྒན་པོ་ཡོངས་ཀྱི་རེ་ས།།
དོན་མེད་ཚིག་གི་གར་འདི་ཧ་ཧ།།
འོན་ཀྱང་ནང་མཐུན་རྩེད་མོ་ཡིན་ཨ།།
     1991ལོའི《ཟླ་ཟེར》དེབ་བཞི་བ་ལས་བཤུས།
 
ཤིས་ཚིག
 
བཀྲ་ལེགས་དབྱར་གྱི་ལང་ཚོའི་དཔལ་རྒྱས་ཏེ།།
ཤིས་བརྗོད་དབྱངས་ཀྱིས་བྲེལ་བའི་རྐང་དྲུག་པ།།
བདེ་སྐྱིད་པད་མའི་ཚལ་ན་རབ་དགའ་བའི།།
ལེགས་བྱས་འབྲས་བཟང་སྨིན་པ་དེང་གི་ཆར།།
 
རྨ་ཀླུང་དལ་གྱིས་འབབ་པའི་ཆུའི་ཟེགས་མ།།
བློ་ལྡན་ཕྱག་གི་སོར་མོས་ཉེར་བླངས་ཏེ།།
རིས་མེད་མཁས་པའི་སྤྱན་སྔར་བཀྲམས་པ་གང་།།
ལུང་རིགས་རྒྱ་མཚོའི་ཆབ་དང་ལྷན་ཅིག་རྒྱས།།
 
ཚུལ་འདི་འདི་ལྟར་དོན་གཉེར་གཞོན་ནུ་ཡང་།།
ཚན་རིག་རིག་གནས་རྒྱ་མཚོའི་མཐར་ཕྱིན་ནས།།
མེས་རྒྱལ་རྒྱལ་སྲིད་ནོར་བུའི་བ་དན་ཆེ།།
འདེགས་བྱེད་བྱེད་པོའི་མཆོག་ཏུ་གྱུག་ཅིག་གུ །།
       1994ལོའི《རྨ་ཀློང་སྤྱན་ཆབ》ལས་བཤུས།
 
རྨ་ཆུ་རྫོང་བོད་སློབ་འབྲིང་གི་སྙན་ངག་ཚགས་པར་ལ་ཕུལ་བའི་ཤིས་ཚིག          
 
རྗོད་བྱེད་ཚིག་གི་སྐྱེ་དབྱིབས་མང་མཆིས་ཀྱང་།།
གང་མང་དོན་བཟང་འབྲས་བུ་གཡུར་དུ་ཟ།།
གསར་འཁྲུངས་སྙན་རྩོམ་ཨ་མྲའི་ཚོམ་བུ་འདིར།།
རབ་དགའ་བསྔགས་པའི་རོལ་མོ་ཅིས་མི་འཁྲོལ།།
              1997.10.24
 
            ཤིས་ཚིག
 
མེས་རྒྱལ་གསེར་གྱི་སྙིང་བོའི་སྤྲིན་ཆེན་ལས།།
ཇུས་བཟང་གསེར་གྱི་གྲུ་ཆར་མ་སྨད་པ།།
རབ་ཡངས་གསེར་ལྡན་ཁྱོན་དང་མཉམ་བརྡལ་བས།།
ལྔ་རིག་གསེར་གྱི་འབྲས་བཟང་ཕྱོགས་སུ་སྨིན།།
 
དེ་མཐུས་དགག་སྒྲུབ་རིགས་པའི་རྩེ་མོ་རྣོ།།
ཚིག་སྦྱོར་མར་གད་ཞུན་མའི་མདངས་བཟང་ཅན།།
མི་མངོན་རྩོམ་བསྡུས་དཔྱིད་ཀྱི་མྱུ་གུ་ཞིག །
འདིར་ཡང་ཉིན་བཞིན་ལང་ཚོའི་འཕེལ་བ་རྩོམ།།
 
འདི་ཉིད་བློ་གསལ་རྐང་བ་དྲུག་པའི་ཁྱུ།།
རྩོམ་རིག་པད་མའི་དགའ་ཚལ་སྙེག་པའི་སྒོ།།
མཆོག་གྱུར་ཡོངས་འདུའི་ཤིང་ཡང་ཟིལ་མནན་ཏེ།།
ཀུན་གྱི་འདོད་པ་འཇོ་བའི་སྨོན་འདུན་བགྱི།།
        1997ལོའི《དཔྱིད་ཀྱི་མྱུ་གུ》ཞེས་པའི་རྨ་ཆུ་རྫོང་བོད་སློབ་འབྲིང་གི་དམའ་གསུམ་མཐར་ཕྱིན་གྱི་དེབ་ཆུང་ལས་བཤུས།

ཚངས་པའི་སྲས་མོར་བསྔགས་པ་དོན་ལྡན་ངག་གི་མེ་ཏོག
 
ན་མོ་གུ་རུ།
རྒྱ་ཆེན་ཚོགས་གཉིས་རྒྱ་མཚོའི་འཇིངས་ལས་འཁྲུངས།།
འཕྲིན་ལས་འོད་དཀར་ཕྱོགས་བཅུ་ཀུན་ཏུ་འགྱེད།།
སྤངས་རྟོགས་དཀྱིལ་འཁོར་ཡོངས་རྫོགས་ཟླ་མཛེས་མས།།
བྱང་ཆུབ་བར་དུ་བརྩེ་བས་རྗེས་སུ་ཟུངས།།

སྤྲིན་དཀར་དལ་གྱིས་གཡོ་བའི་ཉམས་འགྱུར་དང་།།
པད་ཟླའི་གདན་ལ་དགྱེས་བཞུགས་ཁྱོད་ཀྱི་སྐུ།།
མཚུངས་ཀྱང་ཆུ་འཛིན་སེམས་མེད་བེམ་པོ་སྟེ།།
ཁྱོད་སྐུ་བརྩེ་བས་གཡོ་ཕྱིར་ཐ་དད་ཉིད།།

འོན་ཀྱང་ཡིད་འཕྲོག་རིན་ཆེན་རྒྱན་མང་བོ།།
མཚན་དཔེའི་མཛེས་པར་འཛིངས་པའི་མཚར་སྡུག་གིས།།
སྐྱེངས་ཏེ་འཆི་མེད་བུ་མོས་སུམ་རྩེན་གནས།།
བསྙེགས་སྙམ་བདག་བློ་རྟག་ཏུ་དོགས་པས་གདུང་།།

རབ་དཀར་ཞལ་གྱིས་ཟླ་བའི་མདངས་བཟང་དང་།།
འཇམ་མཉེན་ཕྱག་གིས་པད་མའི་ལྕུག་ཕྲན་ཏེ།།
རབ་རྒྱས་ནུ་མས་ཤེལ་གྱི་བུམ་བཟང་ཡང་།།
ཕམ་ན་སྐུ་ལ་རྒྱན་གྱི་ཁུར་གྱིས་ཅི།།

མི་ཞན་མི་རྩུབ་གསུང་དབྱངས་ཉག་གཅིག་གི།།
སྒྲ་བཟང་སྒྲ་འཛིན་བུ་གར་ཞུགས་པའི་མོད།།
ཡིད་ཅན་ཡིད་ཀྱི་རི་དྭགས་འཛིན་བྱེད་པ།།
ཕང་འགྲོ་ཕང་བར་བསྣམས་འདིའང་རྡོས་མིན་ནམ།།

མཁྱེན་པས་ཇི་ལྟ་ཇི་སྙེད་ཅིག་ཅར་གཟིགས།།
བརྩེ་བས་ཉམ་ངའི་འགྲོ་འདི་བུ་བཞིན་དགོངས།།
ནུས་པས་བདུད་བཞིའི་གཡུལ་ངོ་ལས་རྒྱལ་བ།།
ཁྱོད་ལ་བསྔགས་པའི་ལས་འདི་དོན་དང་ལྡན།།

མ་སྦྱངས་བྱིས་པའི་ངག་གི་འདབ་མ་ཡང་།།
སྙན་པའི་ཚིག་གི་གཏེར་དུ་བསྒྱུར་བ་འདིས།།
ལས་ཀྱི་ནང་ན་ཁྱོད་ཀྱི་འཕྲིན་ལས་ལ།།
ཚངས་ཆེན་བློས་ཀྱང་འགྲན་ཟླ་མེད་པ་ཤེས།།

འོན་ཀྱང་ཡིད་ཀྱིས་འཁྱུག་པ་གློག་གི་རླབས།།
ཇི་སྲིད་ལས་ཅན་ཀུན་གྱི་དོན་བགྱིད་ཅིང་།།
གང་ལ་གང་འཚམས་སྤྲུལ་པའི་གར་བགྱིས་ན།།
ཁྱོད་ཀྱི་ལས་བཞིའི་འཕྲིན་ལས་ཕྱོགས་ཙམ་མཚོན།།

ཨེ་མ་སྲིད་འདིའི་ཡོན་ཏན་ཡོད་དོ་ཅོག །
ཁྱོད་ཀྱི་སྐུ་ལ་ལྷན་ཅིག་འདུས་པའི་ལྗིད །།
འདི་ཉིད་གྱེན་དུ་འདེགས་པའི་ནོར་འཛིན་མ།།
ཆུ་གཏེར་ཀློང་དུ་མ་བྱིང་གང་གི་མཐུ།།

འཆད་པས་གཞུང་བརྒྱའི་དགོངས་དོན་ཐང་མར་རྡལ།།
རྩོད་པའི་ཕས་ཀྱི་རྒོལ་བའི་སྤོབས་པ་འཕྲོག །
རྩོམ་པའི་ཤེས་བྱའི་ས་ཆེན་ཀུན་གསལ་བའི།
མཁས་པའི་ཁྲི་ལ་དབང་བར་བྱིན་གྱིས་རློབས།།

མཐའ་བྲལ་ཟབ་མོ་ལྟ་བའི་མཚོན་རྣོན་དང་།།
ཞུམ་མེད་འགྲོ་ལ་བརྩེ་བའི་སྙིང་སྟོབས་གཉིས།།
བསྡུ་བཞིའི་དཔུང་དང་འབྲེལ་བའི་གཡུལ་འགྱེད་ཀྱིས།།
འགྲོ་ཀུན་སྲིད་ལས་སྒྲོལ་བར་བྱིན་གྱིས་རློབས།།

ཁྱོད་བསྟོད་ལེགས་བྱས་ཟླ་བའི་བསིལ་ཟེར་གྱིས།།
རྒྱལ་བསྟན་རྒྱ་མཚོ་བཤད་སྒྲུབ་རླབས་ཀྱིས་བརྗིད།།
ལུས་ཅན་ཀུ་མུད་ཕན་བདེའི་འདབ་བརྒྱ་བཞད།།
ལྔ་བདོའི་མཚན་གྱི་མུན་པ་ཞི་གྱུར་ཅིག།
       2000ལོའི《རིག་གནས་ཡར་སྤེལ》ལས་བཤུས།
 
གབ་ཚིག་རིག་པའི་རོལ་རྩེད།
 
ཁྱོ་བྲལ་ནམ་མཁའི་བུ་མོ་རང་མལ་དུ་ཉལ་ཚེ །།
དྲི་བྲལ་ཀ་ཤིའི་གོས་བཟང་ས་གཞི་ལ་བཀྲམ་པ །།
རྩེ་བྲལ་སྟོབས་ཀྱི་ལྷ་ཡི་ཕོ་ཉ་ཡིས་བརྐུས་ཏེ །།
མུན་བྲལ་ལྷ་བུ་གཞོན་ནུ་ཤམ་གོས་སུ་བྱིན་ཏོ །།
 
ཀུན་ཀྱི་འབོད་བྱའི་མགྲོན་གྱི་ཐོག་མ་ན་བཞུགས་ཤིང་།།
དགྲ་ལ་འཐབ་པའི་དམག་གི་དབུས་མ་རུ་ཕེབས་ཀྱང་།།
རང་སྡེ་གྲལ་དུ་བསྒྲིགས་པའི་ཐ་མ་ན་གནས་པ །།
འདི་ནི་བུ་ཞིག་ཡིན་ན་ཐོག་མ་ནས་མཁྱེན་ངེས །།
      2004ལོའི《ལྗང་གཞོན་དུས་དེབ》ལས་བཤུས།  

《ལེ་དོར》རྩོམ་སྒྲིག་གི་བྱ་བར་ཞུགས་པའི་ཕྱོགས་ནས་ཞུས་པ།

ཕ་ཡིས་བརྡར་ནས་ལག་ཏུ་གཏད་པའི་མཚོན།།
བཟུང་ནས་དགྲ་ལ་འཐབ་པ་ཡལ་བོར་ནས།།
དོན་མེད་ཡུལ་གྱི་རྗེ་བོའི་བྲན་བགྱིས་ཏེ།།
ཕྱུགས་ཀྱི་གཤེད་དུ་བཀོལ་བའི་སྨྱོན་པ་ཞིག།
དགུན་གྱི་གྲང་ངར་རྫོགས་པར་མ་ཡལ་བའི།།
དཔྱིད་དཔལ་ཐོག་མར་བཞད་པའི་དུས་ཤིག་ལ།།
རྨ་ཆུའི་འགྲམ་དུ་གཏོར་བའི་ནས་ཀྱི་སོན།།
འཕེལ་ནས་ཕ་མེས་དགྱེས་པའི་ཞིང་ན་བཀྲ།
ཁེངས་ལྡན་ཁྲེལ་ནས་དགོད་པའི་བྱ་བཞག་ལ།།
དོན་གྱི་སྙེ་མ་སྨིན་པའི་ཚུལ་འདི་ཡིས།།
སུ་ཡང་མ་བཅོས་ཡིད་ཀྱི་ཆུ་གཏེར་ལ།།
རབ་དགའ་རླབས་ཀྱི་ཕྲེང་བ་ཅིས་མི་རྩེག།
ཨེ་མ་དེ་ནས་འཁྲུངས་པའི་འབྲས་བཟང་དེ།།
འདི་ནས་ལྷོ་ལ་འཕུར་བའི་གཞན་གསོས་བུ།།
གཤོག་ཡངས་བྱང་ལ་བསྒྱུར་བ་དེ་ཡི་ཚེ།།
དགྱེས་བྱེད་མཆོད་པའི་སྤྲིན་དུ་གྱུར་ཅིག་གུ།
       1993ལོའི《ལེ་དོར》ལེགས་རྩོམ་བསྡུས་དེབ་ལས་བཤུས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སློབ་དཔོན་ཆེན་མོ༧ཨ་ཁུ་ཚུལ་ཁྲིམས་ཚང་གི་སྙན་རྩོམ་ཕྱོགས་བསྒྲིགས།

2021-06-26 ཨ་ཁུ་ཚུལ་ཁྲིམས།(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།