«གདུང་བའི་སྐྱ་རེངས»—སློབ་གྲྭའི་སློབ་གསོ་བ་ཨ་འབུམ་ལགས་ལ་སྐྱེལ་མ་ཞུས་པའི་་སྙན་ངག་ཕྱོགས་བསྒྲིགས།

བྱང་ཁུ་ལོ་སོགས། 琼迈文学网 2022-01-28

ངོ་སྤྲོད་བསྡུས་པ།
རྒན་དབང་འགྲུབ། མིང་གཞན་ལ་ཨ་འབུམ་ཞེས་འབོད། མཚོ་ལྷོ་མང་རྫོང་གི་མི་ཡིན། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་སློབ་མཐར་ཕྱིན་རྗེས་དགེ་རྒན་གྱི་ལས་གནས་སུ་ཞུགས། དགེ་རྒན་གྱི་ལས་གནས་ལ་བརྩི་བཀུར་དང་གདེང་འཇོག་བླ་ལྷག་བྱས་ཤིང་། ད་ལྟའི་བར་དུ་མི་རིགས་སློབ་གསོར་རང་ནུས་ཀྱིས་ཤུགས་བརྒྱབ་སྟེ་ཡོང་། 2022ལོའི་ཟླ་དང་པོ་སྟེ་ཉིན་འགའི་སྔོན་ལ་སྐུ་གཤེགས། ཁོང་ནི་མི་རིགས་སློབ་གསོ་དང་མི་རིགས་སློབ་མར་ཤ་དུང་རུས་དུང་གི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཡིན།

དགེ་བའི་གྲོགས་ལ་བསྲིངས་པ།
 
                                                                                             བྱང་ཁུ་ལོས་བརྩམས།
 
འཁོར་བའི་འོབས་ན་འཚོ་བའི་འཁོར་བའི་མི།།
ཁྲོ་དང་སྡང་བའི་མུན་པ་རབ་འཐིབས་ཤིང་།།
རང་དང་གཉེན་ལ་ཆགས་པ་འཕེལ་འགྱུར་བས།།
བརྩེ་བའི་འོད་ཙམ་མེད་དོ་མ་སྙམ་དང་།།
 
མ་རིག་ལས་ཉོན་དབང་གིས་བསྐྱེད་ན་འང་།།
མ་དག་འགྲོ་བ་འདྲེན་པའི་མགོན་སྐྱབས་ཡོད།།
མ་གྱུར་སེམས་ཅན་འཁོར་བའི་བཙོན་ར་ན།།
མ་གཅིག་རྗེ་བཙུན་སྒྲོལ་མའི་བྱིན་རླབས་འཁྱིལ།།
 
མུན་པའི་སྨག་རུམ་འཐིབས་པའི་ཞིང་ཁམས་ན།།
གངས་ལ་ཉི་མ་ཤར་འདྲའི་བརྩེ་བ་ཡོད།།
ཁེ་དང་ཚོང་ལ་བྲེལ་བའི་ཁོར་ཡུག་ན།།
དགེ་རྒན་དམ་པ་ཞིག་གི་ལྷག་བསམ་ཡོད།།
 
ལྷག་བསམ་མཚོ་མོའི་ཀློང་ན་ངང་བ་ཁྱུ།།
དལ་གྱིས་རྩེན་པའི་བདེ་ལ་རབ་ཏུ་ཆགས།།
ཉ་མོ་ཁྲི་སྟོང་མང་པོའི་འཁྱུག་རྩལ་གྱིས།།
རྒྱ་མཚོ་ཆེན་པོར་འཇུག་ལ་ངལ་བ་ཅི།།
 
ལྷག་བསམ་ཉི་འོད་འོག་ན་པདྨའི་ཚོགས།།
ལྷུག་པར་གྲོལ་བའི་མཛེས་པ་ཅི་ཡང་འཛིན།།
སྐྱེས་པའི་དངོས་པོ་ཀུན་ལ་སྟོབས་སྦྱིན་པས།།
འཇིག་རྟེན་དཀར་ངོགས་འདི་ན་སྐྱིད་སྣང་ཞིག།
 
ཟང་ཟིང་འདུ་ལོང་འཁྲུགས་པའི་འཁོར་བ་ན།།
དགའ་དང་དགོད་པའི་སྣང་བ་ཅི་ཡང་འགྱེད།།
ལོ་དང་ཟླ་བ་རྫོགས་པའི་ཕ་རོལ་ན།།
མྱ་ངན་བརྗོད་མཁན་མེད་དོ་མ་ཟེར་དང་།།
 
ལྷག་བསམ་མཚོ་མོ་བསྐམས་པའི་མྱ་ངན་གྱིས།།
ངང་བའི་ཚོགས་ལ་སྡུག་གི་ཁུར་བོ་རེ།།
ཉ་མོ་རེ་ལ་མི་འདོད་སྡུག་བསྔལ་དང་།།
ནམ་ཡང་བརྗེད་ཐབས་མེད་པའི་རྨ་ཁ་བཞག།
 
ལྷག་བསམ་ཉི་འོད་ནུབ་པའི་མཚན་ངོགས་ན།།
པདྨའི་མཛེས་པ་བཅོམས་པའི་སྐྱོ་ངལ་དང་།།
མཛེས་པ་ཐམས་ཅད་སྐད་ཅིག་འགགས་པ་ཡི།།
འཁོར་བའི་མི་ལ་མྱ་ངན་བརྗོད་ལས་འདས།།
 
ཀྱེ་མ་འཁོར་བའི་ཆོས་ལ་སྙིང་བོ་མེད།།
སྙིང་བོ་ཡོད་ན་རྐྱེན་འདིའི་ཚུལ་ལ་ལྟོས།།
ཀྱི་ཧུད་མི་ཡི་ཚེ་འདི་མི་རྟག་པ།།
རྟག་པར་འདོད་ན་གྲོགས་པོ་གང་དུ་བཞུགས།།
 
འཇིག་རྟེན་དཀར་ངོགས་འདི་ཡི་ཚུར་རོལ་ན།།
གྲངས་མེད་སློབ་བུ་མང་པོའི་གྲལ་མགོ་ན།།
ལག་ལ་དེབ་དང་སེམས་ལ་བརྩེ་སེམས་ཀྱིས།།
ད་དུང་གཞན་དོན་གཉེར་བའི་སྣང་བ་འབྱུང་།།
 
ནམ་ཞིག་སྲང་དང་གྲོང་ན་འགྲོ་བའི་དུས།།
འཛུམ་པའི་མདངས་དང་མཐོན་པོའི་སྐད་ངག་བཅས།།
ལག་པ་མདུན་ལ་བསྲིངས་ནས་ཁམས་འདྲི་བའི།།
སྣང་བ་ཡང་ཡང་འཆར་རོ་དགེ་བའི་གྲོགས།།
 
འཇིག་རྟེན་འདི་ན་སུས་ཀྱང་མི་འདོད་པའི།།
འཆི་བའི་བཀའ་ལུང་གྲོགས་ཀྱི་སྟེང་ལ་བབས།།
འཁོར་བ་འདི་ན་སུས་ཀྱང་མི་བཟོད་པའི།།
ཤི་གསོན་སོ་སོར་གྱེས་པའི་སྡུག་བསྔལ་ཡོད།།
 
ད་ནི་འཁོར་བའི་འདམ་ལ་མ་ཆགས་པར།།
གཞན་དོན་འབྲས་བུ་སྨིན་པའི་གདེང་ཚོད་ཀྱིས།།
བར་དོའི་འཕྲང་ལས་སྒྲོལ་བའི་དེད་དཔོན་དང་།།
ཕྱི་མའི་ལམ་སྣ་ཟིན་པའི་ས་མཁན་ཡོད།།
               2022.01.25ཉིན།
 
མི་རྟག་པའི་འཇིག་རྟེན།
 
                                                                                          མགར་ཚེ་འབར་གྱིས་བརྩམས།
 
ཉི་མ་ནུབ་ཟིན།
སང་ཉིན་མང་པོ་ཞིག་བསྐྱུར་ནས་ནུབ་སོང་།
རྒྱུ་འབྲས་ཀྱི་ཞགས་པ་དྲུད་ནས་ནུབ་སོང་།
ལོ་ཟླའི་སྒལ་ཚིགས་ཀྱི་ན་ཟུག་གཉོར་གྱིན་ནུབ་སོང་།
 
སྒྱུ་འཕྲུལ་གྱི་མི་ཡུལ་འདི་རུ།
སད་སྔ་བའི་རྒོད་པོ་དེ་མཁའ་མཐར་འཁྱམས་སོང་།
ཡང་ན།
ས་སྒང་སྣང་བར་བཀོད་པའི་སྐྱེས་བུ་རླབས་ཆེན་ཞིག
མི་རྟག་པའི་འཇིག་རྟེན་དང་བྲལ་སོང་།
 
བསླུ་བྲིད་ཀྱི་སྐུད་པ་རྐྱ་བཤིག་སྟེ།
མི་ཡུལ་གྱི་བདེན་ལུགས་རྟོགས་མཁན་དེ།
ཁྱེད་ཀྱི་རྣམ་དཔྱོད་ཡིན་ནམ།
གང་ལྟར།
དགེ་རྒན་ལགས་བདེ་བར་བཞུད།
བཤད་སྲོལ་དུ།
གདུང་བས་ནམ་མཁའ་བཀང་།
མིག་ཆུས་རི་རབ་གཤགས་ཟེར།
དེ་ཡང་།
སྐྱོ་གདུང་མཚོན་བྱེད་གཞན་ཞིག་རེད།
མི་རྟག་པའི་ན་ཟུག་མཚོན་བྱེད་གཞན་ཞིག་རེད།
དགེ་རྒན་ལགས་བདེ་བར་བཞུད།
          2022ལོའི་ཟླ1པའི་ཚེས་པ24ཉིན།
 
 དབྱར་ཟླ་དྲུག་པའི་མཇུག་མཐའི་ཐུག་འཕྲད།
 
                                                                                                བཀྲ་བྷོས་བརྩམས།
 
ཟླ་བ་མེད་པའི་མཚན་མོ་འདི་དག་གི་རིང་ལ།
རྨི་ལམ་མང་བའི་ལོ་ཟླ་འདི་དག་གི་རིང་ལ།
གྱེས་བྲལ་གྱིས་གདུང་བའི་ཉིན་མཚན་འདི་དག་གི་རིང་ལ།
སྨྲ་བ་འགག་པའི་གཏམ་རྒྱུད་ག་ཙམ་ཞིག་ལ་ཉིས་ཤད་བྲིས།
 
ཟླ་འོད་མག་མོག་གི་རབ་ཁ་བརྒལ་ནས།
རྨི་ལམ་བོར་བའི་ཉིན་གཅིག་འདས་ཁར།
གཏམ་ངན་རླུང་ཁུར་དེ་དག་རྣ་བར་རྒྱུ་དུས།
གློ་སྙིང་ཐམས་ཅད་དུམ་བུ་དགུ་རུ་བགོས།
 
འཁོར་བའི་གྲོང་གི་སྙིང་ཉེ་བའི་ང་ཚོ།
དཀར་ཡོལ་འབྲུག་རིས་མ་ཞིག་དང་ཅིས་ཀྱང་མཚུངས་ཨང་།
 
དབྱར་ཟླ་དྲུག་པའི་མཇུག་མཐའི་སློབ་ཐུན་ཐེངས་ཤིག་གིས།
དབྱར་ཟླ་དྲུག་པའི་མཇུག་མཐའི་མཇལ་འཛོམས་ཐེངས་ཤིག་གིས།
དབྱར་ཟླ་དྲུག་པའི་མཚན་ནུབ་དེའི་གློག་འོད་ཁྲོད་ཀྱི་ལག་འཇུ་ཐེངས་ཤིག་གིས།
དབྱར་ཟླ་དྲུག་པའི་འཕྲིན་ཕྲན་གྱི་གླེང་མོལ་ཐེངས་ཤིག་གིས།
ཕྱོགས་གཉིས་སུ་ཆད་པའི་ལོ་ཟླ་ཞིག་ལ་གྱེས་ཕྱག་ཕུལ།
 
ནམ་མཁའ་སྟོང་བའི་དབྱིངས་སུ་སྤྲིན་ནག་འཁྲིགས།
ནང་སེམས་གདུང་བའི་དྲན་པ་སྐྱོ་བས་མནར།
ཁྱེད་ཞལ་དྲན་པས་སྣང་བ་ཡོམ་ཡོམ་གཡོ།
 
འགྲོ་ལམ་དེ་དག་རང་དབང་ཞིག་ཀྱང་ཡིན།
བཞུད་ལམ་དེ་རུ་བདེ་བ་གང་ཞིག་ཡོད་ཀྱང་སྲིད།
གང་ལྟར་ཁྱེད་ཀྱི་རྒྱང་རིང་འཚོལ་སྟངས་དེས།
ང་ལ་སོས་ཐབས་མེད་པའི་རྨ་ཁ་ཆེ་ཞིག་བཟོས།
 
ཁྱེད་ཕེབས་པས་ང་ཡི་སྨྲ་བ་གཏིང་ནས་འགགས།
ཁྱེད་ཕེབས་པས་ང་ཡི་མགྲིན་པ་ཡང་ཡང་བརྣངས།
ཁྱེད་ཕེབས་པས་ང་ཡི་མིག་ཆུ་རྨ་ཆུར་འདྲེས།
རྨ་ཆུའི་རྒྱུན་དང་འདྲེས་པས་ང་ཡི་མིག་ཆུ་སྐམ།
 
ལ་གཞས་དགུ་ཚིག་སྐོར་གྱི་དཔྱད་རྩོམ་དེ་དག
འཆད་ཁྲིད་མེ་ལོང་སྐོར་གྱི་ཟིན་བྲིས་དེ་དག
སློབ་མའི་ཀུན་སྤྱོད་སྐོར་གྱི་ཞལ་གདམས་དེ་དག
སློབ་གསོའི་གནད་ཚིག་སྐོར་གྱི་བརྗེད་ཐོ་དེ་དག
ད་དུང་དཔེ་ཀློག་དང་འབྲེལ་བའི་ལྟ་ཚུལ་དེ་དག
ངས་མིག་ལམ་དུ་ད་དུང་གསལ་ལེར་མངོན་ཡོང་།
ཡིག་འབྲུ་རེ་རེའི་དབྱངས་ཡིག་གི་བཞིན་ཤ་དྲན་ཡོང་།
 
སློབ་རའི་དཔེ་ཀློག་ཚོགས་པ།
སློབ་རའི་ལམ་དུས་དེབ།
སློབ་རའི་ཡ་རབས་ཚོགས་པ།
སློབ་རའི་ལམ་རྩོམ་སྒྲིག་ཁང་།
སློབ་རའི་ཡིག་གཟུགས་མཐུན་ཚོགས།
སློབ་རའི་དུད་གཅོད་ཚོགས་པ།
སློབ་རའི་སྨྲ་ལྕེ་རྒོད་པོའི་དཔུང་རབས།
ཁྱེད་ཀྱིས་ང་ཚོར་ཕུལ་བ་དངོས་གནས་མི་ཉུང་།
ལོ་ཟླ་འདིར་གདུག་རྩུབ་ཆེ་བ་ལ་ཨང་།
ང་ཡི་ནང་སེམས་ཀྱི་གཉོམ་སོ་ཁུར་བའི་ཁྱོད་གང་དུ་ཕེབས།
          རྒན་ལགས་གློ་བུར་དུ་འདས་སོང་བའི་གཏམ་ངན་དེ་དག་ཐོས་རྗེས་ནང་སེམས་གདུང་བའི་ངང་འབྲི་ཁུལ་བྱས།
                                ༢༠༢༢ལོའི་ཟླ༡པའི་ཚེས་པ༢༥ཉིན།

བཤེས་གཉེན་དམ་པ་ལགས། བཞུད་པ་སྔ་དྲགས་སོང་།
 
                                                                                       མགར་ཐང་དཀར་གྱིས་བརྩམས།
 
བླ་མ་ལ་སྐྱབས་སུ་མཆིའོ།།
སངས་རྒྱས་ལ་སྐྱབས་སུ་མཆིའོ།།
ཆོས་ལ་སྐྱབས་སུ་མཆིའོ།།
དགེ་འདུན་ལ་སྐྱབས་སུ་མཆིའོ།།
 
རྟག་འཛིན་མི་ཐུབ་པའི་འཆི་བ།
ཁ་ཆད་བྱས་པའི་སང་ལོའི་དབྱར་ཟླ་དྲུག་པ།
ཁྱེད་རང་རྒོད་པོ་བཞིན།
དོ་ནུབ་ནི་ལས་དབང་གི་སྒྲོ་དཀར་སུམ་བརྒྱ་དྲུག་ཅུ།
མུ་མཐའ་མེད་པའི་མཁའ་དབྱིངས་སུ་སྦྱིན་ཚར།
ཁྱེད་ཀྱིས་མི་ཚེ་ཧྲིལ་བོ་འཕྲོ་བརླག་ཏུ་བཏང་མི་འདུག་སྟེ།
ཡ་ཧུ་དཱ་པའི་སློབ་གསོ་ཟེར་བའི་ཡང་སྙིང་དེ།
ཁྱེད་ཀྱིས་དངོས་གནས་ལོན་ཡོད་ཅིང་།
ཤེས་རིག་གི་སྐྱེད་ཚལ་གང་དུ།
ལྷད་མ་གོས་པའི་སྦྲང་ཆར་ཕབ་ཡོད།
 
ང་ནི་གཉིད་དུ་ཡུར་བའི་བྱིའུ་ཆུང་ཞིག་སྟེ།
ལུས་སེམས་གྲང་འདར་རྒྱག་པའི་གནམ་གཤིས་ཤིག་གིས།
གློ་བུར་གཉིད་ལས་བསླངས།
འཁང་ར་དང་གདུང་སེམས་མེད་པའི་ནམ་མཁའ་དང་ས་གཞི།
སྔར་ལྟར་སྔོ་ཤིག་གེར། སེར་ལམ་མེར་འདུག
ཡིན་ཡང་།
ངའི་སྐད་འཕྲིན་དུ།
གདུང་སེམས་དང་འཁང་ར།
འོ་དོད་དང་ན་ཟུག
གཅིག་རྗེས་གཉིས་མཐུད་དུ་འབྱོར་བྱུང་།
གཏམ་བཟང་ལ་བདེན་ཁ་སྟེར་དཀའ་ཡང་།
གཏམ་ངན་པར་མི་བདེན་པ་ཞིག་གང་ན་ཡོད།
 
ཞོ་ལྟར་ཆགས་པའི་རི་རབ།།
སྤྲིན་པའི་རྗེས་སུ་བསྙེག་ཀྱང་།།
གདུང་བ་ཁུར་བའི་བྱིའུ་ཆུང་།།
གཤོག་རྩལ་གཉོམ་པས་སྐྱོ་བྱུང་།།
དགུན་ལ་གྲང་ལྷགས་བཙན་པ།།
དུས་ཀྱི་རང་གཤིས་ཡིན་ཡང་།།
སེམས་ལ་གྲང་འདར་རྒྱག་པ།།
ལས་ཀྱི་བཀོད་པ་ཨེ་རེད།།
 
བཤེས་གཉེན་ལགས།
ཁྱེད་ཀྱིས་སློབ་བུ་ང་ཚོར་རྨི་ལམ་གྱི་རྒྱབ་གཟུགས་བསྩལ་ཡོད།
རློམ་རན་མེད་པའི་སྤྱི་ཚོགས་ཀྱི་ཟང་ཟིང་ཤེས་སུ་བཅུག
བཤེས་གཉེན་ལགས།
དེ་རིང་ངས་གནམ་མཐའི་སྤྲིན་དཀར་ལ་བལྟས་ནས་ཁྱེད་ཀྱི་གཟུགས་བརྙན་བཙལ་གྱིན་ཡོད།
ངུས་མི་ཚར་བའི་སེམས་ཀྱི་མིག་ཆུ་བསྐམ་ནས།
ཁྱེད་ལ་མ་ཎི་འདྲེན་བཞིན་ཡོད།
བཤེས་གཉེན་ལགས།
བདེ་བར་བཞུད་ཅིག
ས་སྲོད་ཀྱི་མཚམས་སྤྲིན་དང་ལྷན་དུ་བདེ་བར་བཞུད་ཅིག
 
བཤེས་གཉེན་ལགས།
མི་རྟག་པ་ནི་དངོས་གནས་མི་རྟག་པ་སྟེ།
མིག་རྡེབ་དབང་ཙམ་རེད།
ལོ་འཁོར་བཞི་ལྔ་ཙམ།
ཁྱེད་དང་གྱེས་ནས་ལོ་འཁོར་བཞི་ལྔ་ཙམ།
ཡང་དག་པའི་ཁྱེད་ཀྱི་སློབ་གསོའི་གདམས་ངག་དང་གྱེས་ནས་ལོ་འཁོར་བཞི་ལྔ་ཙམ།
འོན་ཀྱང་། བཤེས་གཉེན་ལགས།
སློབ་བུ་ང་ཚོ་ནར་སོན་ཡོད།
ཁྱེད་ཀྱིས་གནང་བའི་གདམས་ངག་གི་སྐྱེད་ཚལ་ནས་ནར་སོན་ཡོད།
བཀུར་བསྟི་ཤེས་ཡོད།
སྤྱི་ཚོགས་རྟོགས་ཡོད།
དགེ་རྒན་ལགས་བདེ་བར་བཞུད།
དངོས་གནས་་་ ་་་།
ད་ནི་ཕྱིར་ལྟས་ཕྲན་ཙམ་ཡང་མེད་པར་བདེ་བར་བཞུད་ཆོག་ཨང་།
                      2022.01.25ཉིན།
 
སྒྲོན་མེ་ལགས། ཁྱེད་གཟིམས་སྔ་སོང་།
 
                                                                                                 ཁ་བ་ན་རོས་བརྩམས།
                    
                ཨོཾ
སྒྲོན་མེ་ལགས།   ཁྱེད་གཟིམས་སྔ་སོང་།
སྐབས་དེ་དུས་སུ།
ཁྱེད་ནི་འགྲོ་བ་མིའི་རིགས་ཀྱི་བླ་སྲོག་གི་བཟོ་བཀོད་པ་ཞིག་ཡིན།
ཁྱེད་ནི་ཤེས་བྱ་སློང་བའི་སློང་མོ་བ་དག་གི་སྦྱིན་བདག་ཅིག་ཡིན།
ཁྱེད་ནི་ཁ་ཕྱོགས་མི་ཤེས་པའི་བྱིས་པ་ཞིག་གི་ལམ་སྟོན་པ་ཡིན།
ཁྱེད་ནི་ཁོར་ཡུག་ཅིག་གི་འོད་སྣང་འཚོལ་བའི་སྒྲོན་མེ་ཡིན།
                   མ་ཎྀ
སྒྲོན་མེ་ལགས། ཁྱེད་གཟིམས་སྔ་སོང་།
ང་ཚོ་སློབ་གྲོགས་དག་གིས་བརྗེད་དཀའ་ཞིང་དྲན་སླ་བ་ནི།
ཁྱེད་ཀྱིས་ཀུ་རེ་རྩེད་མཚར་དང་འབྲེལ་ནས་སློབ་བུ་ཚོའི་སེམས་པ་བཀུག་སྟེ།
མཁས་པའི་གཏམ་རྒྱུད་དང་འབྲེལ་ནས་མི་ཚེ་ཡི་བསླབ་བྱ་གནངས།
ས་སྐྱ་ལེགས་བཤད་དང་འབྲེལ་ནས་འཇིག་རྟེན་གནས་ལུགས་བརྗོད།
དུས་དེ་རིང་་་་་་་་ད་དུང་།
སློབ་བུ་ཚོའི་ཕུགས་བསམ་དང་མི་ཆོས་ཀུན་སྤྱོད་ཀྱི་སྲུང་འཁོར་དུ་གྱུར་ཡོད་ངེས།
               པདྨེ
སྒྲོན་མེ་ལགས།    ཁྱེད་གཟིམས་སྔ་སོང་།
སློབ་གྲོགས་ལགས་ཁྱེད་ཚོས་དྲན་ནམ།
སློབ་བུ་དང་དཔེ་ཆའི་གསེང་ནས།
ས་སྨྱུག་དང་སྒོ་སམ་བར་ནས།
དགེ་རྒན་ལགས་ཀྱི་མི་ཚེ་སློབ་བུའི་སྟེང་ཟད་ཡོད་ལ།
དགེ་རྒན་ལགས་ཀྱི་གཏམ་རྒྱུད་སྒོ་སམ་སྟེང་བྲིས་ཡོད།
འདི་ལྟར་བསམས་ཤིང་བསམ་ན།
དགེ་རྒན་ཁོང་ནི།
ཤེས་རིག་ལ་དགའ་ཞིང་སློབ་བུ་ལ་དུངས་པས།
ཁོང་གིས་སློབ་བུ་ཚོའི་དཔེ་ཀློག་གི་དབྱངས་རྟའི་ཁྲོད་མི་ཚེ་བསྐྱལ་ཞིང་།
ཁོང་གིས་སློབ་བུ་ཚོའི་ཨ་ཀྱོག་པ་ཀྱོག་གི་ལས་བྱའི་ཁྲོད།
མི་ཚེ་ཡི་གླེགས་བམ་བྲིས་ཡོད།
ད་དུང་ནམ་རྒྱུན།
སློབ་གྲྭའི་ར་སྐོར་གང་རུང་ཞིག་ནས།
སློབ་བུ་དག་སེམས་ཀྱིས་འཚོས་ཏེ།
ངག་ལ་ཤེས་རིག་གི་ལེགས་བཤད་འཁྱིལ།
ད་དུང་།
སློབ་བུ་དག་གི་ཕུགས་བསམ་ལ་རེ་བའི་གཤོག་པ་བཙུགས་ཏེ།
རྨོངས་པའི་སེམས་ལ་བྱི་དོར་བྱེད་དུས།
དགེ་རྒན་ལགས་ཀྱི་བློ་སྤོབས་ནི་ཅི་འདྲའི་མཐོ་ཞིང་།
དགེ་རྒན་ལགས་ཀྱི་བློ་ཁོག་དེ་ཅི་འདྲའི་ཡངས་པ་ལ་ཨང་།
                   ཧཱུྃ
སྒྲོན་མེ་ལགས།  ཁྱེད་གཟིམས་སྔ་སོང་།
ཁྱེད་འདི་ལྟར་གློ་བུར་དུ་བཞུད་དུས།
བློ་འགྱོད་དང་བློ་ཕམ་ཞིག་ལས་ཅི་ཡང་མེད་པས།
དགུན་ཟླ་འདི་ཧ་ཅང་གྲང་འཁྱགས་འཁྱགས།
ལུས་སེམས་འདི་ཧ་ཅང་སྐྱོ་སྨྲེང་སྨྲེང་།
བར་སྐབས་འདིར་ཐོན་དུས།
ང་ཚོས་ཁྱེད་ཀྱི་དྲིན་དང་ལོ་ཟླ་དག་དྲན་བཞིན།
ཁྱེད་ཀྱི་མཛུབ་སྟོན་དང་བཀའ་སློབ་སྲུང་བ་ལས།
ཆེན་པོ་ཞིག་བསྒྲུབ་ཐུབ་མ་སོང་།
གང་ལྟར།
དགེ་རྒན་ལགས་བདེ་བར་བཞུད་ཅིག
བདེ་བར་བཞུད་ཅིག
                  ༢༠༢༢ལོའི་ཟླ༡པའི་ཚེས་པ༢༥ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

«གདུང་བའི་སྐྱ་རེངས»—སློབ་གྲྭའི་སློབ་གསོ་བ་ཨ་འབུམ་ལགས་ལ་སྐྱེལ་མ་ཞུས་པའི་་སྙན་ངག་ཕྱོགས་བསྒྲིགས།

2022-01-28 བྱང་ཁུ་ལོ་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།