དབུགས་རིང་ཞིག་ཤོར་སོང་།

དབུགས་རིང་ཞིག་ཤོར་སོང
ཡུད་ཙམ་ལ  ཡང་བསྐྱར་དབུགས་རིང་ཞིག་ཤོར་སོང
ཟི་ལིང་ནས་ལྷ་སར་བགྲོད་པའི་མེ་འཁོར་སྟེང་དུ
ངའི་ཁ་གཏད་དུ་སྡོད་མཁན་སྐྱེས་པ་འདིའི
སྨིན་མ་ཐོད་དུ་བསྡུས་པའི་ཉམས་ཚུགས་དེས 
ངའི་ཡིད་སེམས་བློང་བློང་བོར་བཟོ་བཞིན་འདུག

 བལྟས་ཚོད་ལ  
ཁོང་རང་དགུང་ལོ་བཞི་བཅུའམ་ལྔ་བཅུའི་གྲངས་ལ་སོན་ཡོད་འདྲ
སྨུག་མདོག་གི་གདོང་ལ་མི་ཚེའི་གཉེར་རིས་རྩེག་མར་བབས་ཤིང
ངལ་དུབ་ཀྱི་མིག་མདངས་ལས་འཚོ་བའི་དཀའ་སྡུག་རབ་རིབ་ཀྱིས་ཆགས
བཞུད་ལམ་ཧྲིལ་བོར  ཁོང་རང་དབེན་སིམ་གྱིས་སྡོད་ཅིང
ཟས་ཀྱི་དང་ཁ་མེད་ལ  འགྲུལ་གྱི་བག་ཡངས་ཀྱང་མི་འདུག
དབང་རྩ་འབར་འབུར་དུ་མངོན་པའི་ལག་ཟུང་གི་སེན་མོའི་བར་དུ
ལོ་ཟླའི་ན་ཟུག་གི་དྲེགས་པ་མཐུག་པོ་ཆགས་ཚུལ་ནི
སེམས་ཀྱི་སྐྱོ་ངལ་གཏིབས་པའི་ཉིན་མཚན་གྱི་དུས་ཚོད་སྐྱེལ་སྟངས་ཤིག་རེད་ལ
ཁ་དོག་ཡལ་བའི་ཕྱག་མདུད་དང་སྲུང་འཁོར་མང་པོ་འཁུར་ཚུལ་དེ
ཆུང་ནས་བདེ་སྡུག་གི་ལས་དབང་ཡོད་ཚད་སུ་ལ་བཅོལ་བའི་དཔང་རྟགས་ཡིན་འདྲ

སྐབས་ནམ་ཤེད་ཅིག་ལ
ངས་གློ་བུར་དུ་ཁོང་གི་མིག་མཐར་འཁྱིལ་བའི་མིག་ཆུ་མག་མོག་དེ་མཐོང་སོང
མཐོང་ནས་ཀྱང་གདངས་ཤིན་ཏུ་དམའ་བའི་ངུ་སྐད་ཐར་ཐོར་ཅིག་ཐོས་འོངས་དུས
སྐབས་འདི་དག་ལ   ངས་ནི་ཁོང་ལ་སེམས་གསོ་རེ་བྱེད་དགོས་སམ
ཡང་ན་ཅི་ཡིན་གྱི་རྒྱུ་རྐྱེན་རེ་འདྲི་དགོས་སམ
གནམ་རྒན་མ་ཡ   སྐྱེས་པའི་མིག་ཆུ་ནི
འཇིག་རྟེན་གྱི་སྒལ་ཚིགས་ཀློང་ནས་བབས་པའི་ཁྲག་གི་བཞུར་རྒྱུན་ཞིག་དང་འདྲ་བར
ང་དང་མཉམ་བཞུད་ཀྱི་མགྲོན་པོ་དག་གི་སེམས་པ་རྨང་ནས་དཀྲུགས་སོང

མཚན་མོའི་མུན་ནག་གིས་བཟུང་བའི་འབབ་ཚིགས་ཆུང་ངུ་ཞིག་ནས
ངའི་ཁ་གཏད་ཀྱི་སྐྱེས་པ་དེ་བུད་སོང
ལྗིད་ཏིག་ཏིག་གི་གོམ་པ་རེ་རེའི་སྤོ་སྟངས་གིས
ཁོང་རང་འགྲོ་ཡུལ་གྱི་གནས་ཚང་དེ་ཀར
སེམས་ཀྱི་རང་དབང་རྙེད་པའི་དགའ་སྣང་མེད་ལ
ལུས་ཀྱི་དཀའ་སྡུག་སེལ་བའི་སྐྱིད་ཁམས་ཀྱང་མེད་པ་ར་གསལ་བོ་སྤྲད་བྱུང

དབུས་ལམ་གྱི་འགྲུལ་བཞུད་ཐེངས་འདིར
མེ་འཁོར་ཕྱི་རོལ་གྱི་ཡུལ་ལྗོངས་ཤིན་ཏུ་མཛེས་ནའང
པོ་ཏ་ལའི་ཕོ་བྲང་ལ་བརྗིད་ཉམས་སྔར་ལས་ཆེ་ནའང
ཨ་ཆེན་གངས་དང་རྡང་ལ་རི་རྒྱུད་ཀྱི་འབབ་ཚིགས་ཆུང་ངུ་དེ་དྲན་ཐེངས་རེར
འཚོ་བའི་གཡང་འགག་ན་འཕག་འཚག་བྱེད་བཞིན་པའི་སྐྱེས་པ་དེ་དྲན་ཐེངས་རེར
སེ་འབྲས་དགེ་གསུམ་གྱི་གཙུག་ལག་ཁང་གི་སྒོ་འགྲམ་དང
དཔལ་ལྡན་ཇོ་བོའི་གསེར་སྐུ་མཚར་བོའི་མདུན་ཐད་ནས་ཀྱང
ངའི་མིད་པ་ཅི་ཞིག་གིས་བརྣངས་ལ  
ངའི་ཡིད་ཁམས་གང་ཞིག་གིས་སྔོགས་ཏེ
འགྲོ་བཞིན་འགྲོ་བཞིན་པར་ཡང   རང་དབང་མེད་པར
དབུགས་རིང་ཞིག་ཤོར་ཀྱིན་འདུག་ཨང

                       ༢༠༠༩ལོའི་ཟླ༡༢པར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུགས་རིང་ཞིག་ཤོར་སོང་།

2010-04-26 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།