གཅན་མེ་སྟག་གིས་བསྒྱུར་བའི་ཨར་ཟོར་རེམ་བྷོ་ཌི་ཡི་སྙན་ངག《ར་བཟི་བའི་གྲུ་གཟིངས》

ཨར་ཟོར་རེམ་བྷོ་ཌི། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-14

res06_attpic_brief.jpg

བདག་རང་གྲགས་འགུལ་མེད་པའི་གཙང་ཆུ་རིང་མོའི་འགྲོས་དང་བསྟུན་ནས་འབབ་དུས
གྲུ་ཆུང་ཉིད་ནི་གྲུ་འཐེན་གླ་བའི་འདྲེན་ཐག་ལས་ཐར་བ་དང་འདྲ་ཞིང
ཤ་མདངས་དམར་བའི་ཨིན་ཏིས་ཨན་མིས་ངར་སྐད་སྒྲོགས་བཞིན
ཁོ་ཚོར་མདའ་མོ་ཤུགས་ཀྱིས་འཕེན་ལ       ཁོ་ཚོ་གཅེར་ལྷང་ལྷང་གིས
མདོག་ལྡན་ཤིང་གི་ཀ་བའི་སྟེང་དུ་འཛེར་བར་བྱེད
 
བདག་གིས་རྟག་ཏུ་གྲུ་བ་གང་ཡང་སེམས་པའི་གཞི་རུ་འཛིན་པ་མེད་དེ
ཁོ་ཚོས་ཧྥུ་རན་དྷི་ཡི་ནས་འབྲུ་དང་དབྱིན་ཇིའི་སྲིང་བལ་འབོར་འདྲེན་བྱེད་བཞིན་ཡོད
ནམ་ཞིག་འུར་ཟིང་ཉིད་དང་ཆབས་ཅིག་གྲུ་འཐེན་གླ་བ་འདི་དག་རྨེག་མེད་དུ་སོང་རྗེས
གཙང་ཆུ་རིང་མོའི་རླབས་རྒྱུན་ཉིད་ནི་བདག་དང་འགྲོགས་ནས
བག་ཡངས་གང་འདོད་ཀྱིས་འཕྱོ་ཞིང་འབབ་པར་བྱེད་དོ

ལོ་དེའི་དགུན་ཁར་སྐྱོམ་ཞིང་གསིགས་པའི་རྒྱ་མཚོའི་རླབས་སྒྲའི་ཁྲོད
བདག་ནི་བསམ་ཤེས་མིན་པའི་བྱིས་པ་ལས་ཀྱང་རྨོངས་ཚོད་ཁོ་ནས
འཁྱམས་ཉུལ་བྱེད་པར་ཆས་ཤིང      གཡེང་ཞིང་འཕྱོ་བའི་གླིང་ཕྲན་ཆུང་ངུ་དག་གིས་ཀྱང
འདི་ལྟའི་གྲགས་འགུལ་གྱི་འཕག་རྡོབ་བརྒྱུད་མྱོང་མེད་དོ
 
དྲག་རླུང་གིས     བདག་ལ་རྒྱ་མཚོར་བསྐྱོད་པའི་བློ་རིག་གནང
གྲུ་ཆུང་ཉིད་ནི་ཤིང་གི་ཁ་གཅོད་ལས་ཀྱང་ཡང་བ་སྟེ    བདག་རང
མིང་ལ་ “གླུད་རྫས་” དང་ “རྟག་བརྟན་གྱི་འབོར་སྐྱེལ་བ” རུ་འབོད་པའི
རྦ་ཀློང་གི་སྟེང་དུ་ལྡིང་ཞིང་འཁྱར་བར     འགྱོད་པ་གཏན་ནས་མེད་དེ
བསྟུད་མར་མཚན་མོ་བཅུ་ཕྲག་ཅིག་ལ    བདག་གིས་སྒྲོན་འོད་ཅི་ཡང་མཐོང་མ་བྱུང་ཡང
བྱིས་པས་ཀུ་ཤུ་མངར་མོ་བཟའ་བ་ལས་ཀྱང་སྤྲོ་ཞིང་སྐྱིད
མཚོ་ཆུ་ལྗང་ཁུ་དག་བདག་གི་ཐང་ཤིང་གི་གྲུའི་བང་ཞོལ་དུ་སིམ་འོངས་ཏེ
བདག་གི་ལུས་སྟེང་གི་སྐྱུགས་རོ་དང་ཆང་རག་སྔོན་པོའི་འབག་སྙིགས་ཡོངས་སུ་བཀྲུས་ཤིང
སླར་ཡང་གྲུའི་ཁ་ལོ་དང་ལྕགས་ཀྱི་གྲུ་ཁེགས་གཏོར་བར་བྱས་སོ
 
དེ་ནས་བཟུང    བདག་ནི་རྒྱ་མཚོ་ཆེན་པོའི་སྙན་ངག་ཞིང་དུ་ཆབ་འཁྲུས་ལ་རོལ་ཞིང
སྐར་མའི་འོད་དག་ཡོངས་སུ་བརླན་ལ    འོ་མའི་ངད་ཀྱིས་ཡོངས་སུ་ཁེངས་ཏེ
ལྗང་མདོག་གི་ནམ་མཁའ་ཁྱུར་མིད་དུ་བཏང་བས     གནས་འདི་ཀ་རུ
སྟོབས་བཀྲག་ཟད་ཀྱང་བག་ཡངས་དུ་གནས་སོ       སྐབས་ལན་རེར   
བསམ་གཞིགས་གཏོང་བའི་བེམ་རོ་རེའང་ཆུ་ཡི་རྒྱུན་དང་བསྡོངས་ནས་འབབ
 
སྐད་ཅིག་ཏུ   
རྒྱ་མཚོ་ཆེན་པོའི་མཐོན་མཐིང་ལ་གསེར་མདོག་ལེབ་མོ་ཞིག་གིས་གཡོགས་ཤིང
ཀློང་ཆེན་གྱི་སྨྱོ་འཚུབ་དང་འགྲོས་དལ་བའི་འགྱུར་ཁུགས་རེ་རེ
ཆང་རག་ཞིམ་པོ་ལས་ཁ་ཞིང   རྒྱུད་མངས་ཀྱི་གདངས་དབྱངས་ལས་འབྱམས་ཀླས་པས
ཉི་འོད་འོག    བརྩེ་བའི་སྐྱོ་སྡུག་གི་དམར་སྨུག་མདངས་ཤིག་ཏུ་བསྙལ་བར་བྱས་སོང
 
བདག་རང་གློག་དམར་གྱིས་དུམ་གཤགས་བྱས་པའི་ནམ་མཁའ་དང
མྱུར་རླབས    རླབས་ལྡོག་དང་དྲག་ཀླུང་ལ་རྒྱུས་མངའ་ཡོད་ཅིང      
བདག་རང      ཕུག་རོན་གྱི་ཁྱུ་ཚོགས་དང་འདྲ་བར
ངར་ཤུགས་སློང་བའི་ཐོ་རེངས་ལ་རྒྱུས་མངའ་ཡོད་དེ
བདག་གིས་མི་རྣམས་ཀྱི་འཆར་རྟོག་ཁྲོད་ཀྱི་དངོས་པོ་མཐོང་བྱུང་ངོ
 
བདག་གིས་དམའ་ཞིང་དམའ་བའི་ཉི་མས  
ལྐོག་གྱུར་འཇིགས་དངངས་ཀྱི་ནག་དྲེགས་བསྣམས་ཏེ    སྨུག་མདོག་གི
ཁོད་རིང་བའི་འཁྱག་གོང་དག་གསལ་བར་བྱས་པ་མཐོང་བྱུང་སྟེ
གནའ་བོའི་ཟློས་གར་ཁྲོད་ཀྱི་གར་མཁན་དང་འདྲ་བར
དྲག་ཀླུང་ཉིད་ནི་རྒྱང་རིང་ས་རུ་རྩིབ་མང་སྒེའུ་ཁུང་གི་འདར་ཡོམ་ཉམས་ཀྱིས་འབབ
 
བདག་གིས་རྨི་ལམ་དུ    བཀྲ་ཤིས་ཁ་བའིོ་ཟ་ཟིར་གྱི་ལྗང་མདོག་མཚན་མོ་བསྣམས་ཏེ
མཆུ་སྒྲོས་དལ་མོའི་ངང་མཐོ་རུ་བསྲིངས་བཞིན         རྒྱ་མཚོ་ཆེན་པོའི་མིག་ཟུང་སྟེ
ཁྱད་འཕགས་ཀྱི་སྟོབས་ཤུགས་མངའ་བའི་ཆུ་འཁོར་དེ་དང
གླུ་དབྱངས་ལེན་བཞིན་པའི་ལིན་འོད་ཀྱི་སེར་མདོག་དེ   
སྔོ་བསངས་བསངས་ཀྱི་སད་རྟོགས་དེ་དག་ལ་འོ་སྦྱོར་བ་མཐོང་བྱུང
 
བདག་རང་ཉིན་བསྟུད་མར
སྨྱོ་འཆལ་དགུ་འཆལ་གྱི་བ་གླང་ཁྱུ་ཚོགས་ཤིག་ཆུ་འོག་བྲག་རྡོ་ལ་མཆོངས་འདྲའི
རྒྱ་མཚོའི་རྦ་ཀློང་གི་རྗེས་སུ་འབྲངས་ཤིང     མྰ་རེ་ཡའི་གཟི་འོད་ཀྱི་རྐང་བ་ཆ་གཅིག་གིས
དྲག་རྩིང་གི་གཤིས་སྤྱོད་དག་ཀྱང་འུ་ཐུག་གི་འཁུན་སྒྲ་འབྱིན་པའི་རྒྱ་མཚོ་རུ
གཉའ་ཕབས་ནུས་པར་གཞར་ཡང་བསམ་བློ་བཏང་མ་མྱོང
 
བདག་རང་ཡིད་ཆེས་བྱེད་དཀའ་བའི་ཧྥུ་རོན་ལེས་ཏ་དང་བརྡུང་ཀ་བརྒྱབ་སོང
མི་ལྤགས་གྱོན་པའི་གཟིག་རྒོད་ཀྱི་མིག་མདངས་དང་མེ་ཏོག་ཚོགས་ལྷན་དུ་འདྲེས་ཤིང
མཚོ་ངོས་སྙོམས་ཐིག་གི་འོག་རོལ་གྱི      འཇའ་རིས་རེ་རེ་ནི
ལྗང་མདོག་རྟ་ཁྱུ་ཡི་སྲབ་ཐག་ཉིད་དང་ཡང་དག་མཚུངས
 
བདག་གིས་རྒྱ་མཚོ་ཆེན་པོ་ནི་ཕབ་རྩི་འཕྱུར་བ་བཞིན་དུ་སྦོས་པ་མཐོང་སྟེ
གཅན་གཟན་ཡ་མཚན་ཞིག་མཚོ་རྩྭ་སྔོན་པོའི་གསེབ་ནས་རུལ་ཞིང
ཆུ་རླབས་དག་ཟོལ་དྲང་གི་ཁྲོད་འཐོར་གས་སུ་གྱུར་ཏེ
རྒྱང་རིང་གི་ནམ་མཁའ་འང་དྲག་ཀློང་དང་བསྡོངས་ནས
གཏིང་མེད་པའི་ཟབ་རོང་དུ་ལྟུང་བར་བྱེད
 
འཁྱག་ཀླུང    དངུལ་མདོག་གི་ཉི་འོད     མུ་ཏིག་གི་འོད་སྣང་འཁུར་བའི་དྲག་རྒྱུན
སོལ་མེ་ལྟ་བུའི་ནམ་མཁའ!     རྫ་མདོག་གི་མཚོ་ཁུག་སྟེང་རིམ་གྱི
སྐྱུགས་བྲོ་བའི་ཆུ་འགྲམ་དུ      འབུ་སྲིན་གྱིས་ཟོས་ཤིང་བཏོགས་པའི་སྦྲུལ་ཆེན་དེ
གུག་ཅིང་ཡོ་བའི་ལྗོན་ཤིང་སྟེང་ནས་ལྷུང་སྟེ    ནག་མདོག་གི་དྲི་ངད་ཀུན་ལ་འགྱེད
 
བདག་གིས་མ་གཞིར་བྱིས་པའི་ཚོགས་ལ        མཐིང་མདོག་གི་དྲག་ཀླུང་ཁྲོད་ཀྱི  
ཇ་ཅེ་ཉ་ཆེན    གསེར་ཉ་དང་གླུ་དབྱངས་ལེན་ཤེས་པའི་ཉ་མོ་དག་སྟོན་འདོད་ཡོད
རྦ་ཀླུང་གི་ཝུ་བའི་ཁྲོད་ནས་བདག་གི་སྒྲོག་མེད་ཀྱི་རྒྱང་འགྲུལ་འཕྱོ་བཞིན་ཡོད་ལ
འབྱམས་ཀླས་ཀྱི་བསིལ་རླུང་གིས་བདག་ལ་མཁའ་རུ་བསྐྱོད་པའི་སྒྲོ་གཤོག་གནང་ཡོད
སྐབས་ལན་རེར
སྔོན་གཤེགས་དཔའ་བོ་ཉིད་རྒྱང་མིག་གི་གཟིགས་རྟོག་ལ་སུན་སྣང་སྐྱེས་ཤིང
རྒྱ་མཚོ་ཆེན་པོའི་སྨེ་སྔགས་ཀྱིས་གྲུ་ཆུང་གི་དལ་དཀྲུགས་ལ་རྡེག་སྐྱོམ་བྱས
རྦ་རླབས་ཀྱིས་སེར་མདོག་གི་གྲུའི་དྲ་གླེགས་སྲུབས་དག་ནས
ཆུ་རིས་ཀྱི་མེ་ཏོག་འགའ་ཤས་འཕངས་འོངས་ལ
བདག་ནི་པུས་བཙུགས་སུ་སྡོད་པའི་བུད་མེད་ཅིག་དང་འདྲ་བར
བློ་རྩེ་གཅིག་གིས་བསམ་གཞིག་གཏོང་བཞིན་ཡོད……
 
བདག་གི་གྲུ་གཟིངས་ཉིད་ནི་གཡོ་ཞིང་སྐྱོམ་པའི་གླིང་ཕྲན་ཆུང་ངུ་ཞིག་དང
ཕལ་ཆེར་མཉམ་པ་སྟེ     ཅག་ཅག་ཅ་ཅོ་འབྱིན་ཞིང་རྫ་མདོག་གི་མིག་འབྲས་ལྡན་པའི
བྱེའུ་ཆུང་གི་ཚོགས་ཀྱིས་གྲུའི་བང་ཞོལ་གྱི་སྟེང་རིམ་དུ
བྱ་བྲུན་འབྱིན་བཞིན་རྩོད་གླེང་བྱེད
བདག་གི་གྲུ་གཟིངས་འཕྱོ་ཞིང་འཕྱོམ་བཞིན་མདུན་བསྐྱོད་བྱེད་ལ   
གཉིད་སྟུག་པའི་བེམ་རོ་དག    བདག་གི་ཆད་སླ་བའི་བསམ་གཞིག་གི་ཀློང་དུ་གཡེང་དུས
བདག་རང་མྱུར་སྐྱེན་ངང་གཞོལ་བར་བྱས
 
བདག་གི་གྲུ་གཟིངས་མཚོ་ཁུགས་ཆུང་ངུའི་སྔོ་ལྡུམ་ཟིང་ཟིང་ཀློང་དུ་ལྷུང་ཞིང
དྲག་རླུང་གིས་ནི་ཡང་བསྐྱར་ཁོ་རང        འདབ་ཆགས་མེད་པའི
གཟུགས་མེད་ཁམས་སུ་འཕེན་པར་བྱེད་དོ    བདག་གི་ཁྲབ་ལྡན་གྲུ་གཟིངས་དང
ཧན་སའི་གཡོར་གྲུ་དག་གིས
ད་ནི་ཆུའི་ནང་རུམ་དུ་བཟི་ཞིང་མྱོས་པའི་ཀེང་རུས་དག་ལེན་པར་མི་བྱེད་དོ
 
བདག་གིས་རང་དབང་ངང་ཐ་མག་འཐེན་བཞིན  
སྨུག་བུན་གྱིས            རྩིག་གྱང་ལ་ཨུ་ཁུང་བཏོད་པ་ལྟ་བུའི
དམར་སྐྱའི་མདོག་གི་ནམ་མཁའ་གྱེན་དུ་བཏེགས་ཏེ
སྐྱེས་ཐོབ་ཀྱི་སྙན་ངག་པ་དག་ལ་བྲོ་ཞིམ་ལྡན་པའི
ཤིང་ཏོག་བསྙལ་མའི་མངར་ཁུ་འཁྱེར་འོངས་པ་སྟེ
——ཉི་འོད་ཀྱི་དྲེག་བལ་དང་དགུང་སྔོན་གྱི་མིག་ཆུ་དྭངས་མོའོ
 
བདག་རང་རྒྱུགས་བཞིན་པ་སྟེ   གློག་དམར་གྱ་གྱུ་ཡི་འོད་མདངས་གྱོན་ཏེ    
སྨྱོ་མཆོངས་ཀྱི་གངས་ཤུད་པང་ཆས་སྟེང་དུ་སྤོས་པ་བཞིན   
ནག་མདོག་གི་མཚོ་རྟས་མཚོ་འགྲུལ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད
ཟླ་བདུན་པས་དབྱུག་དུམ་གྱིས་སྔོ་བསངས་རྡོ་ཡིས་གྲུབ་པའི་སྤྲིན་ལམ་བརྟོལ་བས
ཚགས་མ་ཉིད་ལས་མེ་དབལ་ཁྲི་ཕྲག་བྱོ་ཞིང་ཤོར
 
བདག་རང་འདར་སིག་སིག་གིས        ལེ་དབར་ལྔ་བཅུའི་ཕ་རོལ་དུ
ཆུ་རྟས་དྲུས་རྩ་ལངས་པའི་འཁུན་སྒྲ་འབྱིན་ལ   
ལྗིད་ཅིང་སྟུག་པའི་ཆུ་འཁོར་གྱིས་ངར་སྐད་སྒྲོགས་པ་ཚོར་བྱུང
མཐིང་ཤེལ་གྱི་རྟག་བརྟན་མེ་ཏོག་ཨང
བདག་གིས་བགྲེས་རྒུད་ཀྱི་ལྕགས་རི་འཁྱེར་བའི་ཨོ་ལི་པའི་སླད་དུ་བློ་ཕངས་སྐྱེས
 
བདག་གིས་སྐར་འོད་མངོན་པར་འཚེར་བའི་གླིང་ཕྲན་ཚོམ་དེ་དང
གྲུ་ཁེམ་འཛིན་པ་དག་ལ་བརྩེ་ཆེན་རུམ་ཁ་ཕྱེས་པའི་ཁེར་རྐྱང་གི་གླིང་ཕྲན་དེ་མཐོང་བྱུང
ཁྱེད་ཉིད་གཉིད་ཀྱིས་མྱོས་ཤིང    འཁྱར་གཡེང་གི་གཏིང་ཟབ་པའི་མཚན་མོར
གསེར་བྱ་ཁྲི་འབུམ་འཕུར་བྱུང་སྟེ                 ཨེ་མ  
དེ་དག་ནི་གཟི་རྔམ་ལྡན་པའི་འབྱུང་འགྱུར་ཡིན་ནམ
 
བདེན་ཏེ     བདག་གི་མིག་ཆུ་ནི་ངུས་ཤིང་བསྐམས་ཟིན
ཐོ་རེངས་ཀྱིས་མི་སེམས་ཚལ་བར་གཏོང་བར་བྱེད
འཁྱག་གྲང་གི་ཟླ་བར་བརྩེ་བ་མེད་ཅིང    དྲེགས་སྙེམས་ཀྱི་ཉི་མར་དུག་དང་ལྡན
ཁ་ཞིང་རྒོད་པའི་བརྩེ་ཆང་གིས
བདག་ཉིད་མགོ་འཐོམ་མིག་རུབ་ཀྱི་ར་བཟི་བའི་ཞིང་དུ་བསྐྱལ་ལ
བདག་གི་གྲུ་སྙིང་གས་འཐོར་བཟོས་ཤིང    བདག་ཉིད་རྒྱ་མཚོའི་ཀློང་དུ་སིམ་པར་བྱེད
 
གལ་སྲིད་བདག་གིས་ཡོ་རོབ་ཀྱི་ཆུ་ལ་རེ་སྨོན་བཅངས་པ་ཡིན་ན
དེ་ན་འཁྱག་གཅོང་གི་ཆུ་རྫིང་དེ་རུ       དྲི་བསུང་ཁྱབ་པའི་ས་སྲོད་དེར
བྱིས་པ་ཞིག་སྐྱོ་གདུང་དྲག་པོ་དང་བཅས་ཙོག་པུར་བསྡད་ནས
གྲུ་ཆུང་ཞིག་བཏང་བ་ཟླ་ལྔ་བའི་མཚར་སྡུག་གི་ཕྱེ་ལེབ་ཅིག་དང་འདྲ་ངེས
 
བདག་གིས་ད་ནས་ཁྱེད་ཀྱི་གུད་ཆག་ཁྲུས་སུ་རོལ་མི་ནུས    མཚོ་རླབས་ཨང
བདག་གིས་ད་ནས་སྲིང་བལ་སྐྱེལ་འདྲེན་པའི་འགྲུལ་ལམ་སྙེགས་མི་ནུསལ
ད་ནས་དར་ཆ་དང་མེ་ལྕེའི་ཁེངས་སྙེམས་དག་སྒྲོལ་བའམ
ཡང་ན་གཡེང་ཟམ་གྱི་ཞེ་མེར་བའི་མིག་འོག་ཏུ་བསྐོར་གཡེང་བྱེད་མི་སྲིད
 
                               མཆན།ལྕགས་ཀྱི་གྲུ་ཁེགས་ནི་རྒྱ་ཡིག་གི་铁锚བྱ་བ་བསྒྱུར་བ་ཡིན།
                                       ·ཇ་ཅེ་ནི་ཨིན་སྐད་ཡིན་ཏེ།ཉ་སྲིན་གྱི་རིགས་ཤིག་ཡིན་ལ་ལུས་མདོག་དམར་སྐྱ་ཡིན་ཞིང་།ཆུ་གཏིང་ཟབ་སར་འཚོ་བའི་རིགས་ཤིག་ཡིན། 

                                            (གཅན་མེ་སྟག་གིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅན་མེ་སྟག་གིས་བསྒྱུར་བའི་ཨར་ཟོར་རེམ་བྷོ་ཌི་ཡི་སྙན་ངག《ར་བཟི་བའི་གྲུ་གཟིངས》

2010-06-14 ཨར་ཟོར་རེམ་བྷོ་ཌི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།