སྙན་ངག༼ ཁྱི་ཁ་ཚུམས ༽ཀྱི་སྐོར།

            སེང་གེ་ཁྱི་ལས་བཙས་པ།

ཞོགས་པ་དེར
འཇིགས་སྐྲག་གི་དབང་གིས
ངའི་མགོ་སྐྲ་ཉག་མ་རེ་རེ་བཞིན་ལྷུང་སོང
ངས་རྩྭ་ཞྭ་ཐེད་པོ་ཞིག་མགོ་རུ་གྱོན་ཏེ
གད་སྙིགས་ལྟ་བུའི་འཇིག་རྟེན་གྱི་ཁྲོམ་རར་རྒྱུགས་ཏེ
ངས་ལྷོ་བྱང་ཚོང་འདུས་ཀྱི་མགྲོན་པོ་དག་ལ་ཞུ་རྒྱུ་ཞིག་ཡོད་པ་ནི
ངས་མཁས་དབང་དགེ་འདུན་ཆོས་འཕེལ་ལ་ཞུ་རྒྱུ་ཞིག་ཡོད་པ་ནི
མདང་དགོང ངེད་ཚང་གི་ཁྱི་མོ་དེ་ལས
སྤུ་མདོག་ནག་པོ་ཡིན་པའི་སེང་གེ་ཞིག་བཙས་བྱུང
སེང་གེ་དེ་གངས་ལ་གནས་པ་མ་ཡིན་ཞིང
ནགས་ལ་འཚོ་བ་ཡང་མ་ཡིན
སེང་གེ་དེ་སྐྱེས་པ་ནས ཁྱི་བཞིན་དུ་ཟུག་སྟེ
ཁོ་རང་རིགས་མཐུན་གྱི་གཅན་གཟན་ཁྲོད་དུ་འགྲོ་དགོས་ཟེར
 
ད་ལྟ ངས་རྩྭ་ཞྭ་གྱོན་ཏེ
མི་གཞན་ལ་ཁ་འཛིང་གཏོང་ཞོར
གད་སྙིགས་སྒུམ་སྟེ
ངེད་ཚང་གི་སེང་གེ་དེ་ལ
ཕྱི་མཛེས་ནང་འཇམ་གྱི་ཁང་མིག་ཅིག་བཟོ་དགོས་མོད
ཐབས་ཤེས་མེད་པ་ཞིག་ལ
ཁོ་རང་རིགས་གང་དུ་གཏོགས་དགོས་པ་ཤེས་མ་སོང
 
             དུས་རབས་ཀྱི་སྙིང་སྟོབས།
 
 ཡར་ཕེབས་ནས་བཞུགས་གདན་འཇགས་དང
བདག་གིས་བཀུར་འོས་ཀྱི་མཁས་དབང་དམ་པ
ད་ལྟ མྱུར་བ་མྱུར་བར་བདག་གིས་ཁྱེད་ཉིད་རི་མོར་འབྲི་བར་བྱ
ཁྱེད་ཀྱི་མཚན་དཔེ་རབ་ཏུ་གསལ་བའི་སྐུ་ལུས་ལ་བལྟས་ན
ཐོག་མར་༼གཉིད་དུ་ཡུར་བའི་ཝེ་ནྰ་སི་༽འདྲ་ཞིག་བཞེངས་ན་ཇི་འདྲ་རེད
ད་ལྟ ཁྱེད་ཀྱིས་གཟན་གོས་ཡོངས་སུ་ཕུད་དེ
དར་ཟབ་ཀྱི་འབོལ་སྟན་འདིའི་སྟེང་གཞོགས་ཕྱེད་ཀྱིས་ཉལ་ཏེ
ལག་པ་གཅིག་ཁྱེད་ཀྱི་གླེགས་བམ་ལྟ་བུའི་མགོ་སྔས་སུ་བཞག་ཅིང
ལག་པ་གཅིག་གིས་ཁྱེད་ཀྱི་གཟི་བརྗིད་ཀྱི་འདོམས་ན་འགྲེང་བའི
མི་ཡུལ་གྱི་ཀ་ཆེན་དེ་བཀབ་ན་ཇི་འདྲ་རེད
 
བདག་གིས་ད་དུང་༼ཤེས་རབ་ཀྱི་ལྷ་མོ་སྤུན་གསུམ༽ལ་དཔེ་བལྟས་ཏེ
ཁྱེད་ཀྱི་རི་རབ་ལྟ་བུའི་སྐུ་ཕུང་དེ
སྐུ་གསུམ་གྱི་རྣམ་པར་བྲིས་ནའང་ཆོག་སྟེ
རི་མོའི་སྟེང་གི་ཁྱེད་ཉིད་ནི
ཞལ་བཞི་ཕྱག་བརྒྱད་ཀྱི་ལྷ་ཆེན་ཚངས་པ་ལས
ཡིད་འོང་འོང སྙིང་རྗེ་རྗེ་ཡི་རྣམ་པར་བྲིས་ཆོག
 
དེ་རྗེས ངེད་གཉིས་ཀྱིས་རི་མོ་འདི
གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་པའི་རྒྱ་མོ་མཛེས་མ་ཞིག་ལ་བཙོང་སྟེ
ཁོ་མོའི་གཟིམ་ཁང་གི་རྩིག་ལྡེབས་སུ་འགེལ་དུ་བཅུག་ན
དེ་ནས་བཟུང ཁྱེད་རང་ཉིན་མཚན་ཀུན་དུའང
རྒྱ་མོ་དེའི་རྨི་ལམ་དུ ཕྱག་སྟོང་སྤྱན་སྟོང་གི་རྣམ་པར་སྣང་ངེས་ཏེ
སོ་སྐྱེ་ཕལ་བའི་གཏན་ཚིགས་ལས་རིང་དུ་འགོངས་པའི
སྒྱུ་རྩལ་གྱི་ཚུར་སྣང་འདིས
ཁྱེད་རང་རླབས་ཆེན་གྱི་བརྗོད་བྱ་ཞིག་ནས
རྟག་བརྟན་གྱི་ལྷ་སྒྲུང་ཞིག་ཏུ་ཡུན་གྱིས་འགྲུབ་ངེས
 
དོགས་ཚོམ་མི་མཛད་པར་ཞུ བདག་གི་མཁས་དབང
དེང་རབས་སྒྱུ་རྩལ་གྱི་ལམ་ཁར
ཁེངས་སྐྱུང་དང་ང་རྒྱལ་གང་ཡིན་ཡང
གཟུགས་མེད་ཀྱི་བཀག་རྡོ་ཞིག་ཡིན་ན
ད་ནི འཛེམ་དོགས་མེད་པར་ལྭ་བ་ཕུད་ཅིག
སྒྲིབ་གཡོགས་ཅི་ཡང་མེད་པའི་སྣང་བརྙན་དེ་ནི
ད་གཟོད སྣང་སྟོང་མཉམ་པའི་བྱིས་སྒྲུང་དེ་མ་ཡིན་ནམ
 
            གཟེབ་དྲའི་ཕྱི་ནང་།
 
ཉིན་ཞིག་ལ རྒྱ་སྟག་གིས་ང་ལ
འུ་གཉིས་གཟེབ་དྲའི་ཕྱི་རོལ་དུ་རྩེད་མོ་རྩེ་རུ་འགྲོའོ་ཟེར
ཐབས་བརྒྱ་ཇུས་སྟོང་གིས
གཟེབ་དྲའི་ཕྱི་རོལ་དུ་མཆོངས་དུས
སྨྲ་ར་ཕྱེད་ཅིག་ལྕགས་ཀྱི་དྲ་བར་ནས་བཅད་སོང
ངོ་གདོང་ཕྱེད་ཅིག་གཟེབ་ཀྱི་ཤིང་ཐུར་གྱིས་བཅད་སོང
མིག་འབྲས་ཡ་གཅིག་དང    རླིག་འབྲས་ཡ་གཅིག་ཀྱང
ལྕགས་ཀྱི་མཛེར་མ་ཡིས་བཅད་སོང
ས་ཟད་ནས་རྡོ་བ་ལས་མེད་པའི་རི་སྒང་དེར་ཐོན་དུས
རྒྱ་སྟག་དང་ངེད་གཉིས་ཀྱི
རྨི་ལམ་ནང་གི་ཡུལ་ལྗོངས་དེ་མི་འདུག
 
རྒྱ་སྟག་གིས
འུ་གཉིས་ཕྱིར་གཟེབ་ནང་དུ་འགྲོའོ་ཟེར
ཕྱིར་གཟེབ་ནང་དུ་སོང་ན
མ་བཅད་པ་དག་ཀྱང་བཅད་ཨེ་འགྲོའམ
 
             འདི། འདི་ཅི་ཡིན་ནམ
 
ཞོགས་པ་དེར་གཉིད་ལས་སད་དུས
ངས་རང་ཉིད་ནི་འཇིམ་པས་བཟོས་པའི
འབག་སྐུ་ཞིག་ཏུ་གྱུར་ཟིན་པ་ཚོར
འདི འདི་ཅི་ཡིན་ནམ
 
ལག་ཏུ་དབུར་ཏོ་དང་ཁེམ་བུ་འཆང་བའི
མི་ཚོགས་ཤིག་གིས འཚང་ཁ་རུབ་རུབ་ངང
ང་རང་ཐེམ་པ་མཐོ་སའི་སྟེགས་བུ་ཞིག་ཏུ་བཏེགས་ཏེ
མཆོད་མེ་རྐོང་བུ་གང་གིས
ངའི་དོགས་གནད་དང་རྨི་ལམ་གསལ་བར་བྱས
དེ དེ་ཅི་ཡིན་ནམ
 
ཁོ་ཚོས་གཙགས་དྲུབས་མ་བྱས་པའི་སྟོད་འགག་ཅིག
ངའི་ལུས་ལ་བསྐོན་ཞིང
རྒྱ་གྲམ་གྱི་རི་མོ་བབས་པའི་གཟན་གོས་ཤིག
ངའི་རྒྱབ་ཏུ་གཡོགས་མོད
ཡིད་ཆད་པ་ཞིག་ལ
ཁོ་ཚོས་ཟངས་སེར་གྱིས་བརྡུངས་པའི་ཞྭ་མོ་ཞིག
ངའི་མགོ་རུ་བསྐོན་པ་དེས
ངའི་སྐེ་མཇིང་ཧྲིལ་བོར་གཟེར་ཟུག་གིས་ཁེངས་པར་བྱས
འདི འདི་ཅི་ཡིན་ནམ
 
ཡིན་ནའང ངའི་དཀར་བོང་བོང་གི་ལུས་སྨད་གཅེར་བུར་ཕུད་འདུག
མི་ཚོགས་ཀྱི་ཁྲོད་ན་བྱིས་པ་ཡོད་ལ
ང་དང་ཆུང་ནས་འདྲིས་པའི་བུ་མོ་དེའང་ཡོད་པས
ངས་སྐད་ཆུང་ངུའི་སྒོ་ནས
༼སྨད་གཡོགས སྨད་གཡོགས་༽ཞེས
ཁོ་ཚོར་གསལ་འདེབས་བྱས་ནའང
ཁོ་ཚོས་མ་ཐོས་པ་ལྟར
ངའི་ཟ་ལེ་རྒྱལ་ལངས་མ་དྲུད་ཀྱིས
མི་ཚོགས་ཀྱི་མིག་ལ་བཤམས་སོང
དེ དེ་ཅི་ཡིན་ནམ
 
ང་ལ་ཁ་ཡོད་ཀྱང་ངག་མི་འདུག
ང་ལ་ལག་པ་ཡོད་ཀྱང་འགུལ་ཐབས་མི་འདུག
ང་ལ་རྐང་བ་ཡོད་ཀྱང་འགྲོ་ཐབས་མི་འདུག
དངངས་སྐྲག་དེ་ནི་འཆི་བ་ལས་ལྡབ་འགྱུར་གྱིས་ཆེ་སྟེ
ངས་༼བླ་མ་དཀོན་མཆོག༽ཅེས་གསོལ་བ་འདེབས་དུས
མི་ཚོགས་དེས་གཅིག་རྗེས་གཉིས་མཐུད་ངང
ང་ལ་ཕྱག་འཚལ་བཞིན་འདུག
འདི   འདི་ཅི་ཡིན་ནམ

བསམ་བློ་ཞིག་འཁོར་དུས
ངའི་མལ་ཐུལ་གྱི་ལྟེབ་ཁུག་ན
ཆུང་མས་བཙེམས་པའི་དོར་ཐུང་མེ་ཏོག་ཅན་དེ་ཡོད་པ
སེམས་ལ་ལྷང་ངེར་དྲན་བྱུང
༼ཨ་ཁ་ཁ ད་འགྲིག་སོང༽་ཟེར་བཞིན
དགའ་སྣང་གིས་འགྲེ་ལོག་ཅིག་བྱས་པར
སྐད་ཅིག་ངང       ང་རང་གཉིད་ལས་སད་པ་དེ་ལས
ཡང་བསྐྱར་སད་བྱུང
དེ དེ་ཅི་ཡིན་ནམ
 
            རིགས་འདེད།
 
བལྟས་ཀྱིན་བལྟས་ཀྱིན
མདུན་གྱི་གྱང་ལྡེབས་ལས་ཤ་མོ་ཞིག་སྐྱེས་འོང
མགོ་བོ་ཆེ་ཞིང་རྩད་པ་སྦོམ་པའི་ཤ་མོ་སེར་བོ་དེས
གྱང་ལྡེབས་ངོས་ཀྱི་གས་སྲུབས་ནག་པོ
ཡོངས་སུ་གཡོགས་སོང
རིགས་པས་བརྟག་ན
ཤ་མོ་ཡོད་ས་རུ་སྦྲུལ་ཡོད་ཅིང
སྦྲུལ་ཡོད་ས་ན་སྡིག་པ་ར་ཙའང་ཡོད་སྲིད་པས
ཉིན་མོ་འདི་དག་ལ
ངས་ཤིན་ཏུ་གཟབ་གཟབ་བྱེད་དགོས་འདུག་ཨང་སྙམ
 
            དགག་སྒྲུབ།
 
མདང་དགོང
ངས་ལྟ་བ་ཐ་དད་དུ་ཤོར་བའི་དཔེ་ཆ་གཉིས
དཔེ་སྒྲོམ་གྱི་ཐེམ་པ་གཅིག་ཏུ
གཤིབ་ནས་བཞག
 
ནམ་གུང་ལ
ངས་ཞེ་སྡང་གི་སོ་སྒྲ་ཀྲིག་ཀྲིག་འབྱིན་པ་ཐོས
ཐ་སྙད་དང་ཐ་སྙད་ཀྱི་བར་དུའམ
ཐ་སྙད་དང་ལྟ་བའི་བར་དུ་སྟེ
ཡིད་ཆེས་མེད་པའི་ན་ཟུག་དེས
ངའི་རྨི་ལམ་ཡོད་ཚད་ཀྱི་སོ
རྣོ་ལྕགས་ཀྱི་མདུང་དུ་བསྒྱུར་སོང
 
ད་ནིངས
ངས་དཔེ་སྒྲོམ་ལ་གད་བདར་བྱེད་དུས
ཁ་ཆག་སྣ་རལ་གྱི་ཐ་སྙད་མང་པོས
ངའི་ཞོགས་པའི་ཉི་འོད་འདིའང
སྤྲིན་པ་དམ་དུམ་གྱིས་གཤགས་པའི
ལོ་མང་དར་ལྕོག་དང་འདྲ་བ་བཟོས་འདུག
 
མདང་ཞིག་བརྒྱབ་རྗེས
ངས་དཔེ་ཆ་དེ་གཉིས་སོ་སོར་འགྱིག་ཤོག་གིས་བཏུམས་སྟེ
སླར་ཡང་སྔར་གྱི་ཐེམ་པ་དེ་རུ་བཞག
འཕོངས་ལ་ཤོག་བུའི་དོར་ཐུང་བསྐོན་པའི
བྱིས་པ་དམར་འབྱར་གཉིས་དང་འདྲ་བར
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག༼ ཁྱི་ཁ་ཚུམས ༽ཀྱི་སྐོར།

2014-12-16 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།