བཙོན་གྱི་བུ་མོ།

                    ——Sylvia Plathསོགས་བཙོན་གྱི་བུ་མོ་ཡོངས་རྫོགས་ལ་ཕུལ་བ།

མངལ་སྒོར་བཞག་པའི་ལྕགས་ལ་འཕལ་ཁ་འཕྲོད་སོང
ལག་པས་སྙིང་བསྐྱོར་ཏེ་ཡུན་རིང་བསྡད་པས
དེ་དང་ཉེ་བའི་རྩིབས་མ་ལ་བཙའ་ཆགས་སོང
མིག་ཆུ་རྡོག་གཅིག་མཁུར་མགོར་ལྷུང་བས
དེའི་འོག་གི་ཁྲག  བར་དོའི་གནས་སྐབས་སུ་འཕོ་བ་འདེབས་མཁན་གྱིས་མེ་འབུད་པ་ལྟ་བུ་དེའང
འཁྱག་པར་གྱུར་སོང

བདག་པོ་མེད་པའི་རྩྭ་ཡན་འདིས
ཨ་ཤུ་ཤུ་བྱེད་ཀི
ཁུག་མ་ལྟོ་ལྡིར་དེ་གཉིས་ཀྱི
ཁ་མདུད་དཀྲོལ་ཐབས་མི་འདུག
མགོ་ནང་གི་ཙི་ཙི་རྣམས
གཏན་ནས་མི་གཉིད་པར་འདུག

པགས་པ་བཤུས་མ་ཐག་གི་ཡུ་མོ་ཞིག་ལ
འཇག་མ་རྐང་གཅིག་གིས་འཕྲད་ཙམ་བྱེད་པ་ལྟར

འདམ་དྲི་འཐུལ་བའི་མུན་ཁྲོད་དུ་ལྡིང་བཞིན་འགྲོ་དགོས 
              ༢༠༡༤ ༩ ༣ 

           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཙོན་གྱི་བུ་མོ།

                    ——Sylvia Plathསོགས་བཙོན་གྱི་བུ་མོ་ཡོངས་རྫོགས་ལ་ཕུལ་བ།

མངལ་སྒོར་བཞག་པའི་ལྕགས་ལ་འཕལ་ཁ་འཕྲོད་སོང
ལག་པས་སྙིང་བསྐྱོར་ཏེ་ཡུན་རིང་བསྡད་པས
དེ་དང་ཉེ་བའི་རྩིབས་མ་ལ་བཙའ་ཆགས་སོང
མིག་ཆུ་རྡོག་གཅིག་མཁུར་མགོར་ལྷུང་བས
དེའི་འོག་གི་ཁྲག  བར་དོའི་གནས་སྐབས་སུ་འཕོ་བ་འདེབས་མཁན་གྱིས་མེ་འབུད་པ་ལྟ་བུ་དེའང
འཁྱག་པར་གྱུར་སོང

བདག་པོ་མེད་པའི་རྩྭ་ཡན་འདིས
ཨ་ཤུ་ཤུ་བྱེད་ཀི
ཁུག་མ་ལྟོ་ལྡིར་དེ་གཉིས་ཀྱི
ཁ་མདུད་དཀྲོལ་ཐབས་མི་འདུག
མགོ་ནང་གི་ཙི་ཙི་རྣམས
གཏན་ནས་མི་གཉིད་པར་འདུག

པགས་པ་བཤུས་མ་ཐག་གི་ཡུ་མོ་ཞིག་ལ
འཇག་མ་རྐང་གཅིག་གིས་འཕྲད་ཙམ་བྱེད་པ་ལྟར

འདམ་དྲི་འཐུལ་བའི་མུན་ཁྲོད་དུ་ལྡིང་བཞིན་འགྲོ་དགོས 
              ༢༠༡༤ ༩ ༣ 

           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།