མེ་ལོང་ངོས་ཀྱི་སྡོམ་རྒྱ། ༼ བརྩམས་སྒྲུང ༽

             དང་པོ།
     
     ཁོས་མཚེའུ་ཆེ་ཤོས་ཤིག་གི་རང་བཞིན་དུ་གྲུབ་པའི་མེ་ལོང་དེ་ལ་གསལ་བོར་ཐེངས་གཅིག་ལྟ་དུས། གཙང་ཆེན་གྱི་བཞུར་སྒྲ་གསལ་བའི་ལོ་རྒྱུས་ཀྱི་བཞུར་སྟངས་དེ་རྣམ་པ་མི་འདྲ་བའི་ངོ་གདོང་མང་པོ་ཞིག་གིས་གསལ་བཤད་བྱས་ཡོད་ཅིང་། སྡིག་རྭ་དང་དུག་སྦྲུལ། སྟག་དང་སེང་གེ འབྲོང་དང་དྲེད་མོང་དག་གི་ཧམ་སེམས་ལ་གཏོགས་པའི་ཡ་ཐོག་གི་ལམ་ཕྲན་འགའ་ཞིག་ཀྱང་ངོ་གདོང་དེའི་བབ་ཚུལ་མི་འདྲ་བའི་ངོས་རེ་རེ་ན་དུས་ཚོད་ཀྱི་འཇིག་པ་མཚོན་པའི་རླུང་འཚུབ་ཀྱིས་ཟད་པར་འགྱུར།
    ངལ་རྩོལ་གྱི་སྦྱང་བ་ཐོབ་པའི་འབུ་སྡོམ་ཞིག་རང་ནུས་ཅི་ལྕོགས་ཀྱིས་མེ་ལོང་གི་ངོས་འཇམ་པོའི་ཡང་སྟེང་དུ་ཡར་འཛེག་པར་བརྩམས།
    དམིགས་ཡུལ་དང་ཀུན་སློང་མི་འདྲ་བའི་འཇིག་རྟེན་གྱི་མི་དག་ལ་མཚོན་ན་འབུ་སྡོམ་འདིའི་ལྡོག་ཏུ་མེད་པའི་བཤུལ་ལམ་གྱི་གསར་བཏོད་འདི་ལ་རྣམ་པ་ཆིག་རྐྱང་གི་གནས་ལུགས་ཤིག་བརྗོད་དུ་མེད་ན་ཡང་ཚང་མས་མགྲིན་གཅིག་ཏུ་སྨྲ་བར་སྤོབས་པ་ནི་བྱིས་པ་དག་ལ་མགོ་སྐོར་བྱེད་ཀྱི་ལེགས་བཤད་རྙིང་བ་ཞིག་སྟེ།
“མཁས་པ་སློབ་པའི་དུས་ན་སྡུག།
བདེ་བར་སྡོད་ལ་མཁས་མི་སྲིད།།” ཅེས་པ་དེ་ཡིན་ངེས།
     སྐབས་འདིར་འཇིག་རྟེན་འདིའི་རི་བོ་མཐོ་ཤོས་དག་གི་རྩེ་མོར་འཛེགས་མྱོང་བའི་རི་འཛེག་ལུས་རྩལ་པ་ཞིག་ཀྱང་འཆར་ཅན་གྱི་ཚོར་བ་ཁོ་ནས་དེད་དེ་ལམ་ལ་ཆས་འགོ་བརྩམས་ཡོད།
    འབུ་སྡོམ་དེ་མྱུར་ཚད་ཧ་ཅང་དལ་བའི་ངང་མེ་ལོང་གི་དཀྱིལ་དབུས་སུ་འབྱོར་དུས་རི་འཛེག་ལུས་རྩལ་པ་དེ་ཡང་འུ་ཐུག་ཐབས་ཟད་ཀྱིས་གངས་རི་དེའི་སྐེད་པར་ཐོན་ཡོད་འདུག
    སྲོག་ཆགས་ཕྲ་མོ་འདི་གཉིས་ཀྱི་ལྟོས་བཅས་ཀྱི་བསྡུར་བ་ལ་དེ་ལྟའི་རང་བཞིན་ཆེར་མེད་ནའང་། མི་འདྲ་ས་ཉག་གཅིག་ཡོད་པ་ནི། འབུ་སྡོམ་དེ་མེ་ལོང་གི་དཀྱིལ་དབུས་ནས་ཐུར་དུ་བསྒྲིལ་ན་རླུང་རྟ་ཞིག་བསང་དུད་ཀྱི་ཁྲོད་སར་ལྷུང་བ་བཞིན་གོད་ཆག་ཅི་ཡང་མེད་པར་ཡང་བསྐྱར་དགུང་ལ་བསྐྱོད་ཐུབ་པ་དེ་རེད་ལ། མི་དེ་གངས་རིའི་ངོས་ནས་ཐུར་དུ་བསྒྲིལ་ཚེ་རྦབ་རྡོ་ཞིག་བྲག་གཡང་ལ་ལྷུང་བའི་དཔེ་ལྟར་དེས་ཉེས་མེད་ཀྱི་སེམས་ཅན་མང་པོ་ཞིག་སྡུག་བསྔལ་གྱི་འོབས་དོང་ལ་བརྫང་ངེས་ཤིང་དེ་ལས་ཀྱང་མ་ལེགས་པ་ཞིག་ནི་ཁོ་རང་ཉིད་ཤ་ཉོག་རུས་ཉོག་ཏུ་སོང་བའི་རྗེས་ཤུལ་གྱི་ཁྲག་ཐིགས་འགའ་ཞིག་གངས་རི་དེའི་ཟིན་ཐོར་གྱུར་པའི་ཡིག་ཚགས་ཤིག་གི་ངོས་སུ་མངོན་ཐུབ་རྒྱུ་དེ་རེད་འདུག
    དངོས་གནས། དངོས་ཡོད་ཀྱི་བབ་ཚད་ཇི་འདྲའི་ཤུགས་ཆེ་ནའང་། རྨི་ལམ་གྱི་དབྱེ་མཚམས་ཐོར་བའི་སྒྱུ་འཕྲུལ་གྱི་མ་ལག་གང་ཞིག་འཇིག་རྟེན་མི་ཡི་བསམ་བློའི་ཁྱབ་ཁོངས་སུ་ནང་འཛུལ་བྱས་པ་ནས་མི་རྣམས་དགའ་ས་ཉག་གཅིག་ཡོད་པ་ནི་རང་ལ་འཐོབ་མི་འོས་པའི་སྟེགས་བུ་དེར་ཡང་ནས་ཡང་དུ་ཡར་འཛེག་བྱེད་དགོས་པ་དེ་རེད་འདུག
   མི་དེའི་མཐར་ཐུག་གི་བསམ་རྒྱུན་དེ་འབུ་སྡོམ་དེ་དང་བསྡུར་ན་རྒྱལ་ཁའི་རེ་བར་སྙེག་པའི་ཨུ་ཚུགས་ཀྱི་ཚད་གཞི་ལྡབ་འགས་མཐོ་བར་གནས་འདུག་ཅིང་ཁོ་ལ་འཐོབ་འོས་པའི་ཆ་རྐྱེན་ཚང་མའང་འབུ་སྡོམ་དེ་དང་བསྡུར་ཐབས་མི་འདུག
    ཁོས་ནམ་ཡང་འབུ་སྡོམ་དེའི་རེ་བ་མཐའ་དག་མངོན་སུམ་དུ་མཇུག་བསྒྲིལ་བའི་ཆེད་དུ་རང་ཉིད་ཀྱི་ངོ་གདོང་ཧྲིལ་བོ་མེ་ལོང་དེའི་ནང་གི་རྒྱུ་ནོར་རིགས་ཤིག་ཏུ་བརྩིས་ཤིང་མིག་ཙམ་ཡང་མི་རྡེབ་པར་འབུ་སྡོམ་དེའི་འགུལ་སྐྱོད་ཀྱི་སྟབས་ཚུགས་ལ་མཉམ་འཇོག་བྱས་ཡོད་འདུག
    གློ་བུར་དུ་གནམ་གཤིས་ཀྱི་འཆར་ཚུལ་དེ་གློ་ནད་ཅན་གྱི་སྐྱེས་བུ་ཞིག་གི་ངོ་གདོང་ལྟར་ནག་ཐོམ་ཐོམ་དུ་གྱུར་བས་འབུ་སྡོམ་དེ་ཡང་ཡར་འཛེག་པའི་གོམ་མཚམས་བཞག་སྟེ་མེ་ལོང་གི་སྐེད་པ་ནས་དྲང་ཐད་དུ་སོང་ཞིང་འོས་འཚམས་ཀྱི་གྲུ་སྣེ་ཞིག་ནས་སྡོད་ཁང་བཟོ་འགོ་བརྩམས།
   ཡིན་ན་ཡང་རི་འཛེག་ལུས་རྩལ་པ་དེ་རླུང་འཚུབ་གཡུག་ཐེངས་གཅིག་གིས་རང་ཉིད་ཀྱི་ཡོད་ཚད་ལ་སྤྱི་སྡོམ་བྱས་ཤིང་མཚམས་མེད་པའི་ལོ་རྒྱུས་ཀྱི་ཟིན་ཐོར་སྙེག་པའི་རེ་བ་དེ་ཡང་དེ་ལྟར་མཇུག་རྫོགས་སོང་།

             གཉིས་པ།

     ཁོས་སེམས་ཤུགས་ཡོད་དགུ་བཏོན་ཏེ་གངས་རི་དེའི་མདུན་གྱི་ནག་ཐིག་དེའི་པར་རིས་ཀྱི་སྙིང་དོན་ལ་བསམ་གཞིགས་བྱས་ནའང་རློམ་ཆོག་པའི་འགྲེལ་བཤད་ཅིག་རྙེད་མ་བྱུང་བས། གུ་དོག་ཅིང་བག་འཁུམས་ཀྱི་དབང་དུ་བྱས་པའི་རང་ཉིད་ཀྱི་བསམ་བློ་ལ་ཞེ་སྡང་གིས་འགྲམ་ལྕག་ཐེངས་ཤིག་གཞུས།
     འབུ་སྡོམ་དེ་སླར་ཡང་འགུལ་ཙམ་གྱིས་སྔོན་ཆད་ཀྱི་ལམ་ཁར་བསྙེགས་ནས་ཡར་ལ་འཛེགས་བྱུང་།
ཡོམ་མེར་འཁྱིལ་བའི་མུན་ནག་གི་མཚོ་མོ་དེའི་ཀློང་དུ་ད་དུང་ཡང་ཁོ་ལ་ཅེར་བའི་མིག་ཟུང་གཉིས་སྐྱོ་ངལ་གྱིས་མནར་བའི་རྨས་མ་ཞིག་གི་ཐོད་གཉེར་ལྟར་རིམ་བརྩེགས་ཀྱིས་འགུལ་སྐྱོད་བྱེད་བཞིན་མཆིས། མུན་ནག་གི་སྨུག་ཚད་ཇེ་སྟུག་ཏུ་སོང་བ་དང་བསྟུན་ནས་སྔར་གྱི་མིག་ཟུང་དེ་ཡང་མཐའ་མེད་པའི་ནམ་མཁའ་ཞིག་གི་བཞུར་རྒྱུན་དུ་ཐེ་བའི་རྒྱུ་སྐར་གསུམ་དུ་གྱུར་སོང་།
    ཨ་སྐྱོ་བ་ཞིག་གིས་རྡོག་ཁྲེས་ལེགས་པར་བསྡམས་རྗེས་རང་གི་དམིགས་ཡུལ་དུ་བཟུང་བའི་གངས་ཆེན་གྱི་མཐའ་ལ་གོམ་པ་བསྒྱུར་འགོ་བརྩམས། འབུ་སྡོམ་དེ་ཞེ་ལྷོད་པའི་ཐེངས་ཤིག་དགྱེས་རྗེས་ཡང་བསྐྱར་ཡར་ལ་འཛེགས་བྱུང་།
ཁོས་རྨད་དུ་བྱུང་བའི་ཤེས་རབ་ཀྱི་ཐབས་རྩལ་ཞིག་བཀོལ་ནས་ཨ་སྐྱོ་བ་དེའི་ཚེ་སྲོག་བསྲུང་དགོས་སྙམ་ནའང་། ཨ་ཐང་ཆད་པའི་གཙང་བོ་ཞིག་གི་བཞུར་སྟངས་ཁོ་ནས་ཁོའི་བློ་ཚུལ་དེ་རྩ་བ་ནས་བསྒྱུར་སོང་། གཙང་བོ་དེའི་མིང་གཞན་ལ་ལས་དབང་ཟེར་ཞིང་། སྣང་བརྙན་ཁུར་བའི་ཤ་འོད་ཀྱི་འཇིག་ཉེན་ཞིག་ཏུ་ཅིས་མི་འགྲོ།
   འཚང་ཁ་ཤིག་ཤིག་གི་མི་ཚོགས་ཀྱིས་ཁ་དོག་མི་འདྲ་བའི་མིག་ཟུང་མང་པོ་ཞིག་ཨ་སྐྱོ་བ་དེའི་ཕྱོགས་སུ་གཏད་པས། ཁོ་ལ་རང་ཉིད་ཀྱི་ལག་ནས་ཅི་ཞིག་ཤོར་འགྲོ་སྙམ་པའི་དངངས་སྐྲག་ཅིག་སྐྱེས་ཡོང་། ཁོས་ཨ་སྐྱོ་བ་དེའི་བྱམས་བརྩེ་ཡིས་བླུགས་པའི་རྡོ་ངོས་ཀྱི་རྐང་རྗེས་རེ་རེ་ལ་མིག་བཤེར་ཞིག་བྱས་པར། ཁོ་རང་ཧ་ལས་སོང་། ཨ་སྐྱོ་བ་དེའི་ཕྱི་རྗེས་སུ་དཔར་བའི་རྐང་རྗེས་ཚང་མ་ནི་མི་ཞིག་གི་རྒྱུ་མཚན་དུ་ཐེ་བའི་རྐང་རྗེས་ཤིག་མ་ཡིན་པར་ཏག་ཏག་རྟའི་རྨིག་རྗེས་འགའ་ཞིག་རེད་འདུག
   མེ་ལོང་ལས་གཟན་ལ་ཕྱོགས་པའི་རི་དྭགས་ཀྱི་ཚོགས་ཁྱུ་དང་ཁྱུ་བྱས་ནས་རྒྱུག་ལ། དུས་བབ་ཀྱི་འགན་དབང་མཚོན་པའི་མི་མང་པོ་ཞིག་རླངས་འཁོར་དང་གནམ་གྲུ། མེ་འཁོར་དང་གྲུ་གཟིངས་སོགས་ཀྱི་ཡང་སྟེང་ནས་ཕར་འགྲོ་ཚུར་འོང་བྱེད་པའི་འདུར་རྒྱུག་ལ་བྲེལ་ནའང་གངས་མཐའ་ན་མཚམས་མེད་པར་བརྐྱངས་ཕྱག་འཚལ་བའི་ཨ་སྐྱོ་བ་དེ་སྔར་བཞིན་རྟའི་རྨིག་རྗེས་དཔར་བའི་འཕྲིན་ལས་ལ་བློ་ཁ་ཕྱོགས་འདུག་ལ། འབུ་སྡོམ་དེ་ཡང་ད་ལྟ་སྡོམ་རྒྱ་བཟོ་བའི་ལས་ལ་བྲེལ་འདུག

               གསུམ་པ།

      ད་ལྟ་ཁོའི་མིག་ལམ་དུ་འཆར་བའི་མེ་ལོང་དེའི་ནང་དུ་རྩེ་མོ་དགུང་ལ་ཟུག་པའི་གངས་རི་ཆེན་པོ་ཞིག་འཆར་ཡོད་ཅིང་གངས་ཆེན་དེའི་འདབས་འབྲེལ་གྱི་ནག་ཐིག་དེ་ཅུང་ཙམ་འགུལ་བའི་སྣང་བ་སྟེར་ནའང་ཁོས་ཉིན་མཚན་ཀུན་ཏུ་སེམས་ངལ་གྱིས་འཚོས་པའི་ཨ་སྐྱོ་བ་དེའི་ལུས་ཀྱི་གྲིབ་མ་ཙམ་ཡང་མཐོང་མ་ཐུབ།
    གངས་རི་ལས་འོད་ཟེར་གྱི་རང་བཞིན་བཏོད་པའི་ལྡོག་འོད་ཅིག་ག་ལེར་མེ་ལོང་ལ་འཕྲོས་ཤིང་། མེ་ལོང་ལས་སླར་ཡང་ཕྱི་གསལ་ནང་གསལ་གྱི་སྡོམ་རྒྱ་ལ་འཕྲོས་དུས་ཁོས་ད་གཟོད་ཨ་སྐྱོ་བ་དང་རང་ཉིད་ཀྱི་བར་ཐག་ཧྲིལ་བོ་སྡོམ་རྒྱ་ཞིག་གིས་བཅད་ཡོད་པ་ཤེས་ཤིང་། སྡོམ་རྒྱ་དེ་ཡང་སྔོན་གྱི་འབུ་སྡོམ་གཅིག་པོ་དེས་བཞེངས་པ་མ་ཡིན་པར་སྤྱི་ཚོགས་ཤིག་གི་འཕེལ་སྐྱེལ་དུ་ཐེ་བའི་རིགས་མི་འདྲ་བའི་དངོས་པོ་དང་སྲོག་ཆགས་འགའ་ཞིག་གིས་གྲུབ་པ་ཞིག་སྟེ། སྔོ་ཚོད་དང་ཤ་རིགས། ཨར་འདམ་དང་ལྕགས་ཆས། གཡོ་སྒྱུ་དང་ཟོག་ཟོབ་ཀྱི་རྣམ་པ་ཆེས་བྲིན་པའི་ལོངས་སྤྱོད་ལ་དགའ་མཁན་མང་པོ་ཞིག་གིས་བཞེངས་པ་རེད།
   འབུ་སྡོམ་དེ་ཡང་བསྐྱར་ཁོའི་མིག་ལམ་དུ་མངོན་བྱུང་། བློ་ཡིད་ལས་འདས་པ་ཞིག་ལ་འབུ་སྡོམ་དེའི་ཡན་ལག་ཧྲིལ་བོ་འཕྲུལ་ཆས་ཀྱིས་ཁ་ལོ་སྒྱུར་བཞིན་ཡོད་ཅིང་གློག་བཞུའི་འོད་དང་ངར་ལྕགས་བཞུས་པའི་ཚ་བ་ཁོ་ནས་ཉི་མའི་ཚབ་བྱེད་ཅིང་མི་ཁྲག་གིས་དམར་པོར་བསྒྱུར་བའི་མཆུ་ཏོ་དེ་སྣུམ་ཤིག་ཤིག་ངང་ཁོའི་ཕྱོགས་ལ་བསྐོར་འདུག
   ད་ལྟ་ཁོ་ལ་སེམས་ཁུར་བྱ་ཡུལ་ཞིག་ཡོད་པ་ནི་རང་ཉིད་མ་ཡིན་པར་གངས་ཆེན་གྱི་མིག་ཆུ་ཁོ་ནས་བརླག་པར་འགྱུར་བའི་ཨ་སྐྱོ་བ་དེའི་མི་ཚེའི་གོ་རིམ་དང་ཁོང་གི་ཕྱི་རྗེས་སུ་དཔར་བའི་རྟའི་རྨིག་རྗེས་དེ་རེད་འདུག
   འབུ་སྡོམ་དེ་མེ་ཤུགས་འཕུར་མདའ་ཞིག་གི་མགྱོགས་ཚད་ཀྱིས་མེ་ལོང་ངོས་ལ་ཡར་མར་ཐེངས་འགར་བརྒྱུགས།

              བཞི་བ།

      ཁོའི་མེ་ལོང་ནང་གི་བཙན་གྱིས་བཙུར་བའི་ངོ་གདོང་ལ་ཁྲག་ཐིགས་འགའ་འགོས་ཡོད་པས་གཞི་ནས་ཨ་སྐྱོ་བ་དེ་འཆི་བར་སྙམ་ན་ཡང་། ཨ་སྐྱོ་བ་རང་སྔ་ས་ནས་སྡོམ་རྒྱ་དེའི་གཞུང་ལ་ཚུད་ཅིང་།  “སྒྲུང་བ”ཞེས་པའི་ཆོ་ལོ་ཞིག་གིས་ཁོ་སྔར་གྱི་སྤྱི་ཚོགས་ཆེན་པོ་དེའི་སྟེགས་བུ་ཆེས་མཐོ་ས་ཞིག་ཏུ་གནས་ཡོད་ཅིང་། རང་ཉིད་སོང་ཟིན་པའི་ལམ་ཁ་ཐམས་ཅད་ཀྱང་སྨྱུ་གུ་དང་ཤོག་བུ་འཛིན་པའི་ཡི་གེ་བ་སྐོར་ཞིག་གི་རྐང་རྗེས་ཁོ་ན་ལས་ཡོད་འོས་པའི་རྟའི་རྨིག་རྗེས་དེ་ད་ལྟ་གར་སོང་ཆ་མེད་དུ་གྱུར་སོང་།
    གློ་བུར་དུ་ཁྲག་ཐིགས་འཛར་བའི་གངས་རིའི་སྲིབ་ངོས་དེ་ལས་མི་ཞིག་གིས་“ངའི་སྲོག་སྐྱོབས་རོགས”ཞེས་སྡུག་སྐད་ལྷང་ལྷང་གིས་བོས་བྱུང་བས། ཁོ་ལ་ཐེ་ཚོམ་ཅི་ཡང་མེད་པར་མེ་ལོང་ནང་དུ་སྐེ་ཚིགས་བརྐྱངས་ཏེ་ཡར་འཛུལ་བ་ན་རྣོ་སྐུད་ཀྱི་དྲ་བ་ལྟ་བུའི་སྡོམ་རྒྱ་དེས་ཁོ་རང་གི་ཡན་ལག་བཞི་རྒྱོང་གིས་གནམ་ལ་བཏེགས་བྱུང་། ཁོའི་ལུས་ཡོངས་ལ་བཟོད་པར་དཀའ་བའི་ན་ཟུག་ཅིག་སྐྱེས་པ་དང་མཉམ་དུ་རང་ཉིད་ཀྱི་ཀླད་གཙུག་གཏོར་བའི་ཚོར་བ་ཁྱད་པར་བ་ཞིག་བྱུང་བ་ནི་ཏག་ཏག་འབུ་སྡོམ་དེའི་ལྕགས་ཀྱི་མཆུ་ཏོ་རིང་བོ་དེ་ཁོའི་ཀླད་པར་བཙུགས་ཡོད་པ་དེ་ཡིན་པས། ཁོས་རང་ཅི་བྱ་གཏོལ་བྲལ་ངང་ངུ་འབོད་བྱས་ཤིང་། རང་སྲོག་རྟ་རྔ་ཙམ་པོ་ཆད་ལ་འགྱུར་བའི་དུས་སུ་ཁོས་ཀྱང་“ངའི་སྲོག་སྐྱོབས་རོགས”ཞེས་སྡུག་སྐད་བརྒྱབ།
    འབུ་སྡོམ་དེས་ཁོའི་ཀླད་ཞོ་ཡིད་ཚིམས་པ་ཞིག་གཞིབ་རྗེས་གཡུག་ཐེངས་གཅིག་གིས་ཁོ་རང་སྔར་གྱི་ཁྲག་ཐིགས་འཛར་སའི་གངས་རིའི་སྲིབ་ངོས་དེ་ལ་གཡུགས། འབུ་སྡོམ་དེ་ད་ལྟ་གད་མོ་ཡང་དགོད་ཤེས་འདུག

             ལྔ་བ།

      འབུ་ནག་སོབ་སོབ་ཏུ་འགུལ་གྱིན་པའི་བེམ་རོ་གཉིས་དུས་མཉམ་དུ་གངས་རི་ཞུ་བའི་རླུང་ནད་ཀྱིས་ས་ཁར་གཡུགས་ཤིང་རི་འཛེག་ལུས་རྩལ་པ་ཞིག་དང་འདྲ་བའི་བེམ་རོ་དེ་གཉིས་པོ་མི་ཡུལ་གྱི་རྗེས་དྲན་ཁང་ཞིག་ཏུ་འཇོག་པའི་རེ་བ་ཤིན་ཏུ་ཆེ་ནའང་ཀླད་ཞོ་མེད་པའི་ངོ་མཚར་ཁོ་ནའི་མི་རྣམས་ཀྱིས་བེམ་རོ་དེ་གཉིས་པོ་རྒྱུ་སྤུས་ཅུང་ཞན་པའི་མི་ཡུལ་གྱི་བཤམས་སྟོན་ཁང་ཞིག་ཏུ་བཞག་ཅིང་དེ་ཡང་མཐར་གཏུགས་ཏེ་བཤད་ན་འབུ་སྡོམ་ངན་རེངས་པ་དེས་ཁོ་གཉིས་ལ་གནོད་བྱས་པའི་རྒྱུ་མཚན་མ་ཡིན་པར་དྲིན་བཟོའི་ཕྱི་རྟེན་ཙམ་དུ་སུས་ཀྱང་ཁས་ལེན་དགོས་འདུག །

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་ངོས་ཀྱི་སྡོམ་རྒྱ། ༼ བརྩམས་སྒྲུང ༽

2015-10-27 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།