ལས་ཉོན་གྱི་སྒྲིབ་པ་དག་པའི་ལེའུ། ལྷུག་རྩོམ།

           uu.jpg

       རི་མོ་བ།  མི་རྒོད།

འདྲ་པར་ལས་གུས་ཉམས་བཏོད་པའི་མཆུ་སྒྲོས་ཤིག་སྐྱེས་ཡོང་ཞིང་དེ་ཉིད་ཆགས་པ་སྐྱེས་པའི་མཚོན་བྱེད་ཅིག་ཏུ་མ་འཕོས་པར་སྔོན་དང་འདྲ་བར་ཁྱོད་ལ་ན་ཟུག་དང་སྡུག་བསྔལ་སྟེར་བའི་སྨྲ་སྒོ་ཞིག་ཏུ་གྱུར་སོང་། 

    ཡིན་ན་ཡང་མཆུ་སྒྲོས་དེ་འཛུམ་ཤེས་པའི་རྒྱུ་རྐྱེན་གྱི་དབང་གིས་མིག་ཆུའི་མཚོན་དོན་ལའང་བརྩེ་དུང་དང་། ལྷག་བསམ།  རེ་བ་བཅས་ཀྱིས་བཟུང་བའི་རྣམ་འགྱུར་སྟོན་ཚུལ་རེ་ཡོད་པས་ཁྱོད་ཀྱི་ནང་སེམས་ཀྱི་འཁོར་སྐྱོད་ལ་དེ་ལྟའི་ཉམས་རྒུད་བྱུང་མེད་པར་ཕྱི་ཡུལ་གྱི་ཁོར་ཡུག་དང་འབྲེལ་བའི་ལུས་པོ་འདི་ཁོ་ན་འདོད་སྲེད་ཀྱིས་འདར་ཞིང་འདར། 

     འདོད་སྲེད་ཀྱི་ཁ་དོག་བསླེས་པའི་རྨི་ལམ་གྱི་ཆར་རྒྱུན་ཡོད་ཚད་དག་པའི་ཕྱིར་ན་ཁྱོད་ཀྱིས་ནམ་རྒྱུན་བུད་མེད་ཅིག་གི་འཁྲུངས་རབས་ལ་ཕ་མ་དང་མངལ་སྒོ། འཆི་བ་དག་གི་ཐོབ་བྱ་གང་ཡང་མ་བརྒྱུད་པས་གྲོགས་པོ་ཚོའི་ཁྲོད་དུ་ཁྱོད་ལ་རློམ་པ་མི་འདུག་ཟེར་མཁན་ཤིན་ཏུ་མང་ལ་ཐ་ན་བུ་མོ་ཚོའི་ཁྲོད་དུ་ཡང་ཁྱོད་ལ་བརྩེ་བ་མི་འདུག་ཟེར་བཞིན་རང་ཉིད་ཀྱི་བྲང་གཞུང་གི་སྐོམ་ཚད་ལ་ཤ་དྲོད་ཀྱི་མེ་བཙའ་མི་འཇོག་པའི་རང་རློམ་ཅན་ཡང་མང་པོ་ཞིག་བྱུང་ཡོད། 

     རྒྱུ་མཚན་དེའི་ཕྱིར་ཁྱོད་ཀྱིས་རུས་ཚིགས་རེ་རེའི་བར་གསེང་དུ་ཐིམ་པའི་བདེ་སྣང་གི་མྱོང་བ་ལ་རོལ་དབྱངས་ཀྱི་ཁ་དོག་ཪྙེད་པའི་སྨད་འཚོང་མ་སྐོར་ཞིག་ལ་རང་གི་གསེར་དངུལ་གྱི་གཏེར་ཁ་སྦས་པའི་ས་ཁྲ་དེའི་གསང་ལམ་བསྟན་ཅིང་ནོར་རྣམས་གྱར་བའི་སྡུག་བསྔལ་གྱིས་རང་བྱུང་ཁམས་ཆེན་པོ་འདི་ཡང་གྲངཤུར་ཤུར་གྱི་མལ་ཁྲི་ཞིག་ལ་ངོས་འཛིན་གྱིན་ཡོད།

      ལང་ཚོའི་སྐྱེས་སྟོབས་དང་རྣམ་ཤེས་ཀྱི་མནར་གཅོད་མཐའ་དག་ཁྱོད་ཀྱི་དཔྲལ་བ་ནས་བཞུར་ཏེ་མིག་ཟུང་ལ་བབས་དུས་མདངས་ཤོར་བའི་མིག་འབྲས་དེའི་གཏིང་རིམ་དུ་ཟེགས་པ་ནི་ཁྱོད་ཀྱི་ཚེ་གང་ལ་བསགས་པའི་རྒྱུ་ནོར་དེའི་ལོངས་སྤྱོད་ཀྱི་བྱུང་བ་མ་ཡིན་པར་འཆི་བའི་དོན་དུ་ངུ་ཤེས་པའི་མིག་ཆུ་དཀར་ཡོལ་གང་དང་དེ་ཡི་སྐྱེས་སྟོབས་ལ་བརླན་གཤེར་གྱི་ནུས་པ་འདོན་པའི་རང་དབང་གི་བརྩེ་དུང་དེ་རེད།  བརྩེ་དུང་དེ་ལྷ་སྒྲུང་མ་ཡིན་ལ་དངོས་ཡོད་ཀྱི་འཚོ་བ་ཞིག་དང་སྟེས་དབང་གི་སྣང་ཚུལ་ཙམ་ཡང་མ་ཡིན་པར་རང་ཉིད་དང་བཅས་པའི་སྒྱུ་འཕྲུལ་གྱི་རྣམ་ཤེས་ཤིག་དུས་མ་ཡིན་པའི་དམྱལ་བའི་མདུན་སྒོའི་ཕྱོགས་སུ་གཏོང་གིན་པའི་ཆགས་སྡང་གི་ལས་མཁན་ཞིག་རེད་འདུག

      དྲང་མོར་བཤད་ན་མི་རྣམས་ཀྱིས་བྱིས་དུས་ཀྱི་འཚོ་བ་ནི་ལྷད་མ་འདྲེས་པའི་དྭངས་གཙང་གི་རྨི་ལམ་ཞིག་ལ་ངོས་འཛིན་གྱིན་ཡོད་མོད།  ཁྱོད་ལ་མཚོན་ན་དེ་ཉིད་ནི་བླུན་རྨོངས་དང་ཁུངས་མེད།  སྡུག་ཉེས་དང་རྫུན་བཟོ་བཅས་ཀྱིས་ཟིན་པའི་གདོན་འདྲེའི་རིང་ལུགས་ཤིག་ལ་གོ་བ་སྦྱོར་གྱིན་ཡོད།  གདོན་འདྲེ་དེའི་སྡུག་སྐད་ལྷང་ལྷང་གིས་ཁྱོད་ལ་ཆེས་མི་གཙང་བའི་རྨི་ལམ་ཞིག་བཀོད་སྒྲིག་བྱས་པའི་ལུང་བསྟན་ནས་རེབ་ཅིག་ལ་ཁྱོད་ཀྱི་ཀླད་པ་ནས་རྐང་མཐིལ་བར་གྱི་ཤ་ཁྲག་གི་སྙིང་བོར་འཕོས་པས་ཁྱོད་ཀྱིས་ཞེད་སྣང་གིས་འཚོས་པའི་སློབ་གྲྭ་དག་ཀྱང་མདོག་ངན་པའི་གཅན་གཟན་གྱི་རྭ་བ་ཞིག་ལས་བདེ་སྣང་གི་གླུ་ཚིག་འཕབ་བྱའི་དག་པའི་ཞིང་ཁམས་ཤིག་ལ་ངོས་འཛིན་མ་ཐུབ།

    ཁྱོད་ཀྱི་འཚོ་བ་ནི་ཤཱཀྱའི་རིགས་ཤིག་གི་འཕོས་ཚུལ་ལྟར་ནགས་ཚལ་དང་རི་དྭགས།  གཙང་བོ་དང་སིལ་ཏོག་སོགས་ཀྱིས་མཚོན་པའི་དབེན་གནས་ཤིག་ཏུ་ཟད་ཡོད་ནའང་སྔོ་མེར་འཁྱིལ་བའི་མི་གཤིས་ཀྱི་གཙང་བོ་དང་གྲོང་ངེར་འགྱིང་བའི་ཀུན་སྤྱོད་ཀྱི་གཡང་གཟར་དག་མ་བརྒལ་བར་ཁྱོད་ཉིད་གང་དུ་འགྲོ་ནུས།  ཚོགས་ལམ་ལས་ཀྱང་རང་རྒྱུད་ལ་ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་ཞིག་སྐྱེས་པ་ནི་རྨི་ལམ་གྱི་གནས་སྐབས་སུའང་འཁོར་བ་ནི་དུག་སྦྲུལ་གྱི་ཚང་ལྟར་མཐོང་ནས་ཐར་བའི་ཡོན་ཏན་ལ་བཪྙེས་དགོས་ཟེར་ནའང་སེམས་འདིའི་ཕར་ངོགས་སུ་དཔྱངས་པའི་བུ་མོ་ཞིག་གི་མཛད་རྣམ་སྟེ་རང་ལོ་ཉེར་གསུམ་གྱི་བདེ་སྡུག་ཁྲོད་ད་དུང་ཡང་ཁྱོད་ཀྱི་ཕྱིར་དུ་གསོན་ཡོད་ན་རང་ཉིད་ཁོ་ན་མ་ཡིན་པའི་འཇིག་རྟེན་གཞན་ཞིག་གིས་ཀྱང་གསང་བའི་སྒོ་ནས་ཁྱེད་ཀྱི་རེ་འདོད་ལ་འཇབ་རྒོལ་བྱེད་ཅིང་དེ་ལས་ཁ་བའི་སྡུག་བསྔལ་གྱི་བྲོ་བ་གཏོང་གིན་ཡོད་པས་ཁྱོད་ཉིད་གཞན་ཞིག་གི་ཆེད་དུ་སངས་རྒྱས་ཀྱི་ས་ག་ལ་བ་དེར་གཤེགས་མི་རུང་།

     ཁྱོད་ཀྱིས་སྣུམ་ཚོན་ནམ་ཐང་ཀ་གང་ཞིག་འབྲི་བའི་དུས་སུའང་བུ་མོ་དེའི་མིག་ཟུང་ཡིད་ལ་བཅངས་ཡོད་པས་སུས་བཤད་ནའང་ཁྱོད་ཀྱི་སྒྱུ་རྩལ་ལ་དཔལ་གྱིས་སྒེག་པའི་སྐྱེས་སྟོབས་ཤིག་གནས་ཡོད་ཟེར།  ཕྱོགས་ངོས་གཞན་ཞིག་ནས་བཤད་ན་གཉེར་མས་བསླེས་པའི་ལང་ཚོའི་ལྕེབས་ཐག་དེ་དང་ཤེས་རབ་ཀྱི་རྣོ་དབལ་ལས་བསྐྲུན་པའི་སྡུག་གཅོད་ཀྱི་རལ་གྲི་དེ་དག་གི་བྱིན་རླབས་ལ་བུ་མོ་གཞན་ཞིག་གི་དུག་རླངས་ལྟ་བུའི་བརླན་གཤེར་གྱི་ཤ་དྲོད་གོས་ཡོད་པས་ཐག་པ་དེ་རལ་ཞིང་ཧྲུལ་བའི་ཐ་གུ་ཞིག་ཏུ་གྱུར་ལ་སྡུག་གཅོད་ཀྱི་རལ་གྲི་དེ་ཡང་རྟུལ་ཞིང་རྨོངས་པའི་རིག་པ་ཞིག་ཏུ་གྱུར་སོང་།

     དེ་ནས་བཟུང་སྟེ་ཁྱོད་ཀྱི་རྨི་ལམ་དུ་འཁོར་བ་ནི་བརྩེ་དུང་གི་བདེན་པ་ཁོ་ན་ཡིན་ཞིང་རང་ཉིད་གང་ལའང་མི་འཛེམ་པའི་མི་གསོད་གཤེད་མ་ཞིག་ཏུ་ཁྲུན་ཐག་བཅད།  ཁྱོད་ཀྱི་རྨི་ལམ་དེ༼ལྷ་སའི་ཟླ་བ༽ལས་གྲུབ་རྗེས་གསེར་འོད་ཀྱི་རླབས་རིས་སུ་འཐིམ་པའི་པོ་ཏ་ལའི་གཟི་བརྗིད་དེ་རང་གི་སྙིང་སྟོབས་སུ་དྲན་ཞིང་མེ་རི་གས་པ་ལྟ་བུའི་ཚ་རླབས་ཤིག་གིས་ཁྱོད་ཉིད་ལྷ་སར་ཐེངས་གཅིག་འབྱོར་བའི་བདེ་སྣང་བསྐྲུན།

   ལོ་རྒྱུས་དེ་སྔར་བཞིན་བཞུར་བའི་དུས་མཚུངས་སུ་ཁྱོད་ཀྱིས་ཉི་ཟླ་རི་བོའི་བླ་སྲོག་ཏུ་འཕྲོས་པའི་ཨ་ཅེ་རྒྱ་བཟའ་ལགས་ཀྱི་དཀར་མདོག་གི་གཤིས་ཉམས་དོད་པའི་འཇིམ་བཪྙན་ལ་ལན་གཅིག་བལྟས་མྱོང་ཞིང་། མིག་ཟུང་བསླུས་ཏེ་བརྩེ་བ་ཉོས་མྱོང་བའི་བློ་གྲོས་མཁན་ཞིག་གི་བླ་མཚོ་དེ་མཐོང་ཡོད་ཅིང་དེ་དང་འབྲེལ་བའི་ལྷ་སྒྲུང་ནང་གི་དུད་ཁྱིམ་ཁྲི་ཕྲག་གི་དཔའ་མཛངས་ལ་སྨོན་པ་སྐྱེས་ཡོང་།  དེ་ལྟར་ནའང་ལོ་རྒྱུས་ཀྱིས་ནམ་ཡང་ཁྱོད་ཀྱི་སྐོམ་ཚད་ཀྱིས་ཟིན་པའི་འདོད་སྲེད་ལ་བཟོ་བཅོས་བྱེད་མི་ཐུབ་ཅིང་དངོས་ཡོད་ཀྱིས་ཀྱང་ཁྱོད་ཀྱི་རེ་འདོད་དེ་རྣམ་པར་བསྐང་བའི་མཐུན་རྐྱེན་སྦྱོར་མ་ཐུབ།

      ཁྱོད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་ཡུལ་ལ་འཚོ་གཞེས་ཀྱི་དོན་དུ་བཞག་པ་ནི་སྐྱོ་ལྷང་ལྷང་གི་གླུ་སྐད་རེ་ཡིན་ཞིང་འཁོར་བ་འདིའི་སྐྱོ་གར་ལ་ཡིད་སུན་བྱུང་བའི་སྡུག་བསྔལ་གྱིས༼གླུ་སྐད་གཉིས་པ༽ཞེས་པའི་སྒྲུང་གཏམ་ཞིག་ཀྱང་བྲིས་མྱོང་། སྒྲུང་གཏམ་དེ་ལ་རྐྱེན་བྱས་ཏེ་ཁྱོད་ཉིད་གསང་བར་སྤྲོ་བས་ན་སླར་ཡང་ཀུན་འཛོམས་ཀྱི་མི་ཞིག་གི་རང་རྟོགས་སུ་འཇུག་པ་ནི་གནས་མ་ཁེལ་བ་ཞིག་ཡིན་པས་ཁྱོད་ཀྱིས་གསོལ་འདེབས་གང་ཞིག་ཞུ་བའི་དུས་སུའང་རང་ཉིད་ཀྱི་ཁེ་ཕན་ཞེས་མི་མཐོང་བར་རང་ཉིད་གཞན་ཏེ་ཚར་གཅོད་པའི་ལག་ཆ་ཞིག་གནང་རོགས་ཟེར་རྒྱུ་དེ་རེད། 

      གསོལ་འདེབས་འདི་གངས་རིན་པོ་ཆེའི་ཉེ་འདབས་ནས་ཐེངས་གཅིག་བཏོན་མྱོང་ལ།  ཡར་ཀླུང་གཙང་བོའི་འབབ་རྒྱུད་ནས་ཀྱང་ཐེངས་གཅིག་བཏོན་མྱོང་།    འོན་ཀྱང་ལག་ཆ་དེ་དངོས་དོན་དུ་འགྱུར་བའི་གོ་རིམ་ཚང་མར་སྐྱབས་ཞུ་ས་ཉག་གཅིག་ཡོད་པ་ནི་ཇོ་ཁང་ཆེན་མོ་མ་ཡིན་ལ་ཆོས་རྒྱལ་སྒྲུབ་ཕུག་ཀྱང་མ་ཡིན་པར་གཉའ་ཆག་གི་བབ་ཏུ་ལྷག་པའི་བཙན་པོའི་བང་སོ་དེ་རེད།

      དུར་ཁྲོད་ཀྱི་སྒང་འབུར་རེ་རེ་ཁྱོད་ཀྱི་བྱིན་རླབས་བཪྙེས་པའི་སྙིམ་པ་དེའི་མཆོད་གོང་དུ་ཟེགས་དུས་ཁྱོད་ལའང་གཟུང་འཛིན་རྫས་གཞན་གྱིས་སྟོང་བའི་རང་རྒྱལ་བ་ཞིག་གི་རྟོགས་པ་དེ་བསྔོས་ནའང་རྒྱབ་ཕྱོགས་ནས་མཆེད་པའི་བུད་མེད་ཀྱི་ངུ་སྐད་གཉོམ་དུང་བ་ཞིག་གིས་སླར་ཡང་གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་ཀྱི་ཆོས་སྐུ་ལ་བྱེད་པ་གདོན་གྱིས་སྐུལ་བའི་མྱ་ངན་གྱི་འཁོར་ཚུལ་དེ་ཕྱོགས་རེས་སུ་འཐོར་བས་ཁྱོད་ཀྱིས་སྔ་མ་བཞིན་འདྲ་པར་དེ་བྲང་ལ་བརླན་བཞིན་རང་ཉིད་གཞན་དེའི་དྲན་དབང་ལ་གུས་འདུད་མི་བྱེད་ག་མེད་བྱུང་།     

      ཁྱོད་ཀྱི་ལུས་གཟུགས་དེ་ཕ་བོང་ཆེན་པོ་ཞིག་དང་འདྲ་བར་གཡོ་མེད་རྟག་བརྟན་གྱིས་གཙང་བོར་ཅེར་སྡོད་པའི་དུས་སུ་ཁ་རས་བརྒྱབ་པའི་བུད་མེད་ཅིག་གིས་ཁྱོད་ཀྱི་བྲང་ཁར་སྦྱར་བའི་འདྲ་པར་ལ་ཡུན་རིང་བལྟས་རྗེས༼ཚེ་འདས་ཤིག་གམ།  རུས་མིང་བསྔོ་ཡིག་ལ་ཕབ་རྒྱུ་ཡིན་ནམ༽ཟེར་བཞིན་ཐར་དམར་བའི་ཤོག་ལྷེ་ཞིག་ཁྱོད་ལ་གཏད་བྱུང་།

      མཚམས་འདི་ལ་ཁྱོད་ཀྱིས་གསེར་རྐོང་མང་བོའི་མཆོད་སྟེགས་སུ་གཟི་བྱིན་གྱིས་འབར་བའི་ཇོ་བོ་རིན་པོ་ཆེ་དེར་གུས་ཕྱག་ལན་གསུམ་བཙལ་རྗེས་ལྷ་ས་ཞེས་པའི་ལྷིང་འཇགས་ཀྱི་གྲོང་ཁྱེར་ཆེན་པོ་དེ་ལ་གསང་སྟབས་ཀྱིས་བདེ་མོ་བཞག་ཅིང་།   ཁྱོད་ཀྱི་མཁུར་ཚོས་སུ་བཞུར་བའི་མིག་ཆུ་དེས་བྲང་ངོས་བརླན་པ་བཞིན་འགུལ་སྐྱོད་དུ་བྲེལ་བའི་སྨྱུ་གུ་དེས་ཀྱང་ཤོག་ངོས་དེར་ཁྱོད་ཀྱི་རུས་མིང་ཁོ་ནས་བརླན་པར་བྱས་སོང་།

         བསིལ་རླུང་གིས་སྒུལ་བའི་རླབས་རིས་ཀྱི་མེ་ཏོག་ཤིག་ཤིག་ལྡེམ་པའི་ལྷ་སའི་སྐྱིད་ཆུ་དེ་ཁྱོད་ཀྱི་རང་ལུས་ནས་བཞུར་ཏེ་དྭངས་གསལ་གྱི་གཟུགས་བཪྙན་ངོ་མ་ཞིག་ཆུ་གཞུང་ལ་འཁུར་དུས་ད་གཟོད་ཁྱོད་ཀྱིས་རང་ཉིད་གཞན་དེ་ལ་སྐྱེལ་མ་བྱས་ཤིང་ཤུལ་དུ་ལུས་པའི་ཁེར་རྐྱང་གི་རང་ཉིད་ལ་མྱ་ངན་གྱི་མིག་ཆུ་བཏོན་པས།   གསེར་ཏོག་དང་རྒྱ་ཕིབས་ཀྱི་བར་ན་རྔམ་བརྗིད་ཀྱིས་འགྱིང་བའི་ཕོ་བྲང་པོ་ཏ་ལ་དེ་ངོ་གདོང་ཚོས་ཀྱིས་བརྒྱན་པའི་དཔའ་རྒོད་ཅིག་གི་རང་གཤིས་ལས་སྙེམས་བཞིན་སྙེམས་བཞིན་ཁྱོད་ཀྱི་མཁའ་དབྱིངས་ལ་ཉི་ཟླའི་ཟོལ་དུ་བཞད་ཅིང་།   སྐད་མཐོན་པོས་༼བདེ་མོ་བྱོས༽ཟེར། 

    ༼བདེ་མོ་བྱོས། ཆུ་གཞུང་དུ་གྱར་བའི་བུ་མོ་ཁྱོད་ཀྱི་འདྲ་པར་དང་རང་གི་རུས་མིང་གཉིས་ལའང༽

     ཁ་ཕྱིར་འཁོར་བཞིན་ཁྱོད་ཀྱིས་རྩེ་པོ་ཏ་ལར་དེ་སྐད་ལན་བཏབ།  ལྷ་ས་དེ་སྔར་བཞིན་འོད་ཀྱི་གོང་བུ་ཞིག་གི་ཀློང་ན་འཛུམ་དམུལ་དམུལ་དུ་ཁྱོད་ལ་གྱེས་ཕྱག་གི་ལག་བརྡ་སྟོན་གྱིན་ཁྱོད་དང་བར་ཐག་ཕྱེ་སྟེ་མི་སྣང་བར་གྱུར།  །

                                                                      ༢༠༠༢ལོའི་སྟོན་ཁར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་ཉོན་གྱི་སྒྲིབ་པ་དག་པའི་ལེའུ། ལྷུག་རྩོམ།

2017-05-07    རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།