ཁོ་བོར་མཚོན་ན་སྒྲུང་གཏམ་རྩོམ་པར་ཉམས་མྱོང་ལས་ཤེས་རབ་གཙིགས་སུ་འཛིན་པར་མོས།

      —《མཚོ་སྔོན་བོད་ཡིག་གསར་འགྱུར》གྱི་གསར་འགོད་པ་ཁྲི་སེམས་དཔའི་དྲི་བར་ལན་བཏབ་པ།

02.jpg

མཆོད་མེ་དྲ་བའི་འགན་འཛིན་པ་སྐྱབས་ཆེན་བདེ་གྲོལ་དང་།  བཅར་འདྲི་ཞུ་ཡུལ་རེ་རྐང་གླིང་།  བཅར་འདྲི་ཞུ་མཁན་ཁྲི་སེམས་དཔའ།

ཁྲི་སེམས་དཔའ།  སྐུ་ཞབས་རེ་རྐང་གླིང་ལགས།   ཉེ་ཆར་བདེ་མོ་ཡིན་ནམ།

རེ་རྐང་གླིང་། བདེ་མོ་ཡིན། གསར་འགོད་པ་ལགས་བདེ་མོ།

ཁྲི་སེམས་དཔའ།  ཀློག་པ་པོ་མང་པོས་ཁྱོད་ཀྱི་སྒྲུང་གཏམ་དེ་ཅུང་གོ་དཀའ་བ་ཅན་རེད་ཟེར།  ཁྱོད་ཀྱི་སྒྲུང་གཏམ་བཀླག་པར་ཐབས་ལམ་འདྲ་ཡོད་དམ།  ཡང་ན་ཁྱོད་ཀྱིས་རང་གི་སྒྲུང་གཏམ་གྱི་ཐད་ནས་ཀློག་པ་པོར་གསལ་བཤད་རེ་བྱས་ན་ཆོག་གམ།

རེ་རྐང་གླིང་།  ཀློག་པ་པོ་མང་པོ་ཞེས་པ་གསར་འགོད་པ་ཁྱེད་ཀྱིས་རྟོག་བཟོ་བྱས་པ་ཙམ་དུ།  དངོས་ནས་བཤད་ན་ད་ལྟའི་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་དེ་ཡིག་རྨོངས་པ་གཙོ་ཆེར་དམིགས་པའི་གོ་སླའི་འབོལ་རྩོམ་གྱི་རིགས་ཡིན་པས།  སྒྲུང་གཏམ་ཀློག་མཁན་ཉིན་རྒྱུན་ཇེ་ཉུང་དུ་འགྲོ་གིན་ཡོད་ལ། ལྷག་པར་དུ་དེང་རབས་གསར་མའི་ལུགས་ཀྱི་སྒྲུང་གཏམ་སེམས་ཞིབ་མོས་ཀློག་མཁན་ནི་རྩོམ་སྒྲིག་པ་དང་རྩོམ་པ་པོ་རང་ཉིད།  དེ་བཞིན་རྩོམ་པ་པོ་གང་དེའི་གྲོགས་པོ་རེ་གཉིས་ཤིག་ལས་མེད་པ་ངས་ཧ་གོ་ཡོད།

  སྤྱིར་ན་སྒྱུ་རྩལ་བརྩམས་ཆོས་གང་ཞིག་ཡིན་ཡང་“གོ་དཀའ་བ”ཞེས་པ་དེ་སྣང་ཚུལ་གཉིས་ཀྱི་ངོས་ནས་གོ་བ་བླངས་ན་འགྲིག་བསམ་སྟེ། གཅིག་གིས་ནི་སྒྱུ་རྩལ་གྱི་འཚོལ་སྙེག་རང་བཞིན་ལ་དང་བ་ཆེན་པོས་རང་གི་ཤེས་རབ་དམན་སར་བཀོད་དེ་བརྩམས་ཆོས་དེ་ཉིད་ལ་གཟིགས་གཟོས་ཀྱིས་“གོ་དཀའ་བ”ཞེས་འབོད་ཀྱིན་ཡོད་ལ།  ཅིག་ཤོས་ཀྱིས་ནི་རང་གི་མཐོང་ཐོས་མྱོང་གོམས་ལག་ཆ་བྱས་ཏེ་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་ལ་ཚད་ཤིང་བཙུགས་ནས་ལྟོས་བཅས་ཀྱི་གོ་སྦྱོར་དེ་ལས་ད་གཟོད་“གོ་དཀའ་བ”ཞེས་བརྗོད་ཀྱིན་ཡོད་མོད། རང་རེའི་བོད་ཀྱི་ཀློག་པ་པོ་དག་ལ་མཚོན་ན་“གོ་དཀའ་བ”ཞེས་པ་དེ་རང་གི་འདོད་འདུན་ཙམ་པོ་ཞིག་གམ་དགའ་ཁ་འཁྱེར་ཕྱོགས་ཁོ་ན་ཞིག་གིས་ཐག་གཅོད་ཀྱིན་ཡོད་པས། རང་ཉིད་རྩོམ་འབྲི་མཁན་ཞིག་གི་ངོས་ནས་བཤད་ན། དོན་དུ་ངས་བོད་ཀྱི་ཀློག་པ་པོ་དེ་དག་གི་“གོ་དཀའ་བ”ཞེས་པ་དེ་དངོས་ནས་“གོ་དཀའ་བ”ཞིག་རེད།

བདག་གི་སྒྲུང་གཏམ་གྱི་ཐད་ནས་བཤད་ན།  ངོ་མ་ཁ་སྐྱེངས་པའི་ཚུལ་དེ་ད་སྔའི་བར་དུ་སྒྲུང་ཐུང་བཅུ་ཕྲག་ཅིག་ལས་ཐ་ན་སྒྲུང་འབྲིང་ཙམ་ཡང་འགྲུབ་མེད་པས་ན།  “ངའི་སྒྲུང་གཏམ”ཟེར་རྒྱུ་ད་དུང་སྔ་སོང་སྙམ་ནའང་།  ཀློག་པ་པོ་དག་ལ་བརྗོད་འདོད་པ་ཞིག་ནི་ང་རང་སྒྲུང་གཏམ་དང་སྙན་ངག་གཉིས་ཀ་འབྲི་མཁན་ཞིག་ཡིན་ལ། ལྷག་ཏུ་དེ་གཉིས་ལ་“ཡིད་ཆེས་ཀྱི་དད་པ་བརྟན་པོ”ཡོད་མཁན་ཞིག་ཡིན་པས་རྩོམ་ཐབས་མི་འདྲ་བ་དེ་གཉིས་གང་ཡིན་རུང་གཅིག་གིས་གཅིག་ལ་ཤན་ཐེབས་ཀྱིན་ཡོད་པ་དེ་དང་།  གཉིས་ཀའི་གཞི་མཐུན་ས་དེ་གཙོ་ཆེར་སེམས་ཁམས་ཀྱི་ཚོར་བ་ཤ་སྟག་ཅིག་གཙིགས་ཆེན་དུ་བཟུང་དྲགས་པས་ན་ཡུལ་ཡིད་བསྲེས་སྦྱོར་གྱི་སྣང་ཚུལ་འབྱུང་བའང་རྒྱུན་ལྡན་གྱི་མཚོན་ཐབས་ཤིག་ཡིན་པས།  བདག་གིས་ནམ་ཡིན་ཡང་སྒྲུང་རྩོམ་གྱི་ཁྲོད་དུ་གཏམ་རྒྱུད་ཐུང་ངུའི་རིགས་དང་གསུང་རབ་ཁྲོད་ཀྱི་ཚིག་གི་བརྡ་རྟགས་སོགས་བེད་སྤྱད་དེ་གསལ་བཤད་འདྲ་རྒྱག་གིན་ཡོད་ལ། དེ་དག་སྐབས་འགར་སྙན་ངག་ཅིག་གམ་སྒྲུང་གཏམ་ཞིག  ཡང་ན་གློག་བརྙན་དང་ཡིག་རིགས་གཞན་ཞིག་གི་ཁུངས་སྣེ་གཞིར་བཟུང་སྟེ་ངོ་སྤྲད་ཡོད་པས།  རང་ཉིད་ལ་མཚོན་ན་ཚིག་ཉུང་ཉུང་ཞིག་གིས་རང་གི་མཚོན་འདོད་པ་དེ་གསལ་གྲོལ་ཐུབ་པའི་དགའ་ཚོར་གྱིས་བརྟས་ཡོད་ནའང་། ཀློག་པ་པོ་དག་ལ་མཚོན་ན་ཤ་ལྷོད་པའི་གོ་སྐབས་འཕྲོག་པའི་སྡུག་བསྔལ་ལྟ་བུ་རེ་འབྱུང་བའང་ཆོས་ཉིད་དུ་འཕྲོས་ནས་ཡོད་པས། བདག་གི་སྒྲུང་གཏམ་ལྟ་བུ་དག་ལ་ཞིབ་འཇུག་པ་དག་གིས་འགྲེལ་བརྗོད་བྱས་པའི་རྗེས་སུ་མ་གཏོགས་ཀློག་མཁན་མང་པོ་ཞིག་གིས་དགའ་བསུ་མི་འཐོབ་པ་ངས་སྔོན་ཞིག་ནས་ཤེས་ཡོད།

ཁྲི་སེམས་དཔའ།  ཀློག་པ་པོ་མང་པོར་མཚོན་ན། བྱུང་རིམ་གསལ་བོ་ཞིག་མེད་ཚེ་སྒྲུང་གཏམ་མུ་མཐུད་དུ་ཀློག་པའི་འདུན་པ་ཡོད་ཀྱི་མི་འདུག  ཁྱོད་དེར་ལྟ་ཚུལ་ཅི་ཞིག་ཡོད།

རེ་རྐང་གླིང་།  སྒྱུ་རྩལ་གྱི་བྱ་བ་གང་ཞིག་ཡིན་ཡང་དུས་བསྟུན་སྔོན་བསྐྱོད་ཀྱིས་འགྱུར་བའི་ངོ་བོ་རུ་གྲུབ་ཀྱིན་ཡོད་པ་དེ་བཞིན་སྒྲུང་གཏམ་གྱི་འཕེལ་རིམ་དེ་ཡང་ཐོག་མར་《ཧི་མའི་ལོ་རྒྱུས་སྙན་རྩོམ》སོགས་གཅོད་མཚམས་ཕྱེ་བའི་སྙན་ངག་གི་མཚོན་ཐབས་ཀྱིས་རབ་བྱས་ཏེ་སྐད་ཆ་དང་བྱུང་རིམ་སོགས་རིམ་གྱིས་གྲུབ་པ་ཞིག་ཡིན་མོད། དུས་རབས་འདི་ལྟ་བུར་མཚོན་ན་བྱུང་རིམ་རྐྱང་བའི་ངོས་ནས་སྐད་ཆ་བཤད་པ་ནི་ཁོ་བོར་མཚོན་ན་ཅུང་རྗེས་ལུས་ཐེབས་པའི་བསམ་ཕྱོགས་ཤིག་ལ་ངོས་འཛིན་རྒྱུ་ཡིན། རྒྱུ་མཚན་ནི་བྱུང་རིམ་གཙིགས་ཆེན་དུ་འཛིན་པའི་དུས་སྐབས་དེ་གཙོ་བོ་ཨུ་རི་སིའི་རྩོམ་རིག་ལ་གཟི་དཔལ་འབར་བའི་དུས་སྐབས་དག་སྟེ་ཆ་འཕྲིན་གྱི་འགན་ཐམས་ཅད་ཤོག་བུ་ཁོ་ནས་འཁུར་ཚར་བའི་དུས་དེ་འདྲ་ཞིག་ཡིན་པ་ལས། ད་ལྟ་འཛམ་གླིང་གི་མིའི་ཀློག་ཤེས་ངོས་སྙོམས་ཅན་དུ་འཕྲོས་པའི་དུས་འདི་འདྲར་གློག་བརྙན་སོགས་ཀྱི་ལྟ་རྒྱ་དེས་མི་རྣམས་ལ་མང་ཐེ་ཆིའི་ཐབས་རྩལ་སོགས་རང་བཞིན་གྱིས་གོམས་སུ་བཅུག་ཡོད་པས་ན་བྱུང་རིམ་གསལ་མིན་ཞེས་པ་དེ་ཡང་སྐད་ཆ་ལྷག་མ་ཞིག་རེད་འདོད་ལ་གཙོ་བོ་དུས་རབས་ཀྱི་མིག་དབང་དང་འཚམ་པའི་རྩོམ་ཡིག་གི་འགྲོས་ཚུལ་ཞིག་ལ་ཁ་ལོ་དཀྱོག་ཐུབ་པས་ཀློག་པ་པོ་དག་ལ་གལ་ཆེ་བའང་དེ་འདྲ་ཞིག་ཡིན་རྒྱུ་རེད་བསམ་ཀི ཡང་གཅིག་བཤད་ན་ཁོ་བོ་ནི་སྒྲུང་རྩོམ་ལ་སྒྲུང་རྩོམ་གྱི་རང་སྐྱ་ཐུབ་པའི་ཁྱད་ཆོས་ཤིག་དགོས་སྙམ་པ་དེའི་རིགས་ཡིན་པས། ངས་ནམ་ཡང་ཅེ་ཁུའི་སྒྲུང་རྩོམ་མཁས་པ་མུས་ལན་ཁོན་ཏི་ར་ཡི་“དེང་རབས་སྒྲུང་གཏམ་ཞེས་པ་གློག་བརྙན་ལ་བསྐྲུན་ཐབས་མེད་པ་ཞིག་ལ་གོ་ན་འགྲིག”ཅེས་པ་དེ་རང་གི་ཁ་ཕྱོགས་གཙོ་བོ་ཞིག་ལ་དམིགས་ཀྱིན་ཡོད།

ཁྲི་སེམས་དཔའ། ད་ལྟ་མང་མང་གིས་སྒྱུ་རྩལ་གཙོ་བོར་འཛིན་པའི་སྒྲུང་གཏམ་དང་། བྱུང་རིམ་གཙོ་བོར་འཛིན་པའི་སྒྲུང་གཏམ་ཞེས་སྒྲུང་གཏམ་ལ་རིགས་གཉིས་དགར་གྱིན་འདུག ད་དུང་ཁ་ཤས་ཀྱིས་ཁྱོད་ཀྱི་སྒྲུང་གཏམ་དང་ཆ་འདྲ་བ་དག་སྒྱུ་རྩལ་གཙོ་བོར་འཛིན་པའི་རིགས་སུ་རྩི་བཞིན་འདུག ཁྱོད་ཀྱིས་དེ་གཉིས་ལ་གོ་བ་ཇི་ལྟར་ལེན་བཞིན་ཡོད།  གཞན་སྒྲུང་གཏམ་ཁྲོད་ཀྱི་སྒྱུ་རྩལ་ཞེས་པ་དེ་རབ་རིབ་མག་མོག་གི་ཆ་དེ་ལ་གོ་བ་ལེན་པ་ཡིན་ནམ།  ཡང་ན་ཅི་ཞིག་ཡིན།

རེ་རྐང་གླིང་།  བྱུང་རིམ་དེ་ཡང་སྒྲུང་གཏམ་གསར་རྩོམ་གྱི་སྒྱུ་རྩལ་རྩོམ་ཐབས་ཤིག་ཡིན་པས། རིགས་དེ་ལྟར་དབྱེ་བ་ནི་ཁོ་བོར་མཚོན་ན་ཅུང་མི་འགྲིག་བསམ་གི  གལ་སྲིད་སྒྲུང་གཏམ་ལ་རིགས་གཉིས་ངེས་པར་བཀར་དགོས་པའི་དབང་དུ་བཏང་ན།  ཁོ་བོས་ནི་ཕྱི་དངོས་པོའི་ཉམས་འགྱུར་མཚོན་པའི་སྒྲུང་གཏམ་དང་། ནང་སེམས་ཀྱི་འགྱུར་བ་མཚོན་པའི་སྒྲུང་གཏམ་ཞེས་དགར་ངེས་ཡིན། དེ་ཡང་གཙོ་བོ་ཁྱེད་རང་གིས་ཤོད་ཀྱིན་པའི་བྱུང་རིམ་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་པར་ཕན་ཚུན་གོ་བ་ལོག་ས་ཡོད་སྲིད་སྲིད་མོད།  བྱུང་རིམ་དེ་གཙོ་བོ་རྗོད་བྱེད་ཀྱི་ཚིག་ལ་གལ་འབྲེལ་ཆེ་བས་ཁོ་བོར་མཚོན་ན་དེ་ཉིད་རྩོམ་པ་པོས་སྦྱངས་གོམས་ཀྱི་བྱང་ཆ་ཞིག་གམ། ཡང་ན་ལྷན་སྐྱེས་ཀྱི་སྨྱུག་རྩལ(ཤེས་རབ་དང་ཆ་འདྲ)ཞིག་ལ་རག་ལས་པ་མ་གཏོགས་སྤྱི་ཡི་གནས་ལུགས་ཤིག་ལ་གོ་བ་སྦྱར་ས་མི་འགྲོ་སྙམ་གི

དེ་བཞིན་ང་རང་གི་སྒྲུང་གཏམ་དེ་གཙོ་བོ་ནང་སེམས་ཀྱི་འགྱུར་བ་མཚོན་པའི་སྒྲུང་གཏམ་གྱི་ཁུངས་སུ་འདུས་པ་ཡིན་ལ།  སྒྲུང་གཏམ་ཁྲོད་ཀྱི་སྒྱུ་རྩལ་ཞེས་པ་ཐད་ཀར་རབ་རིབ་མག་མོག་ཅིག་ལ་གོ་ན་མི་འགྲིག་སྟེ།  དེང་རབས་སྒྲུང་གཏམ་ལ་རྩོམ་པ་པོས་བསམ་བཞིན་བཏོན་པའི་སྒྱུ་རྩལ་གྱི་ཡག་སྣང་དང་བསམ་བཞིན་མ་ཡིན་པའི་སྒྲུང་གཏམ་རང་ངོས་ཀྱི་སྒྱུ་རྩལ་ཡག་སྣང་གྲུབ་སྟངས་ཤིག་ཡོད་པས་ན།  སྐབས་འགར་བརྩམས་ཆོས་ཀྱིས་ཀློག་པ་པོར་བཞག་པའི་སྒྱུ་རྩལ་གྱི་བྱང་ཐབས་དེ་རྩོམ་པ་པོ་རང་ཉིད་ལ་གསལ་ཁ་གྲོལ་རྒྱུ་མེད་པའི་དུས་སྐབས་ཀྱང་འབྱུང་སྲིད་པས།  སྒྲུང་གཏམ་ཁྲོད་ཀྱི་སྒྱུ་རྩལ་ཞེས་པ་ཁོ་བོས་བལྟས་ན་གཙོ་བོ་རབ་རིབ་མག་མོག་ཅིག་ལ་འཇུག་གིན་མེད་པར་སྣང་ལ་མ་ངེས་པའི་སྣང་བ་ཟ་ཟིའི་སེམས་ཚོར་ཞིག་གིས་བརྩམས་ཆོས་དང་ཀློག་པ་པོ་གཉིས་ཀྱི་དབར་ལ་གཟུགས་མེད་ཀྱི་སྦྲེལ་ཐག་ཅིག་འཐེན་པ་ནས། ཀློག་པ་པོ་གང་དེའི་ཤེས་རབ་ཀྱི་ཚད་གཞི་ལྟར་སྣང་མིན་གསལ་མིན་གྱི་ཁ་དོག་ཅིག་དེ་ཉིད་དུ་མྱངས་ཐུབ་པ་དེ་དང་། ལྷག་ཏུ་སེམས་ཉོབ་པའི་སྡུག་བསྔལ་གྱི་འབྱུང་རྩ་དེ་སྔོག་བཤེར་གྱིས་རང་གི་རྟོག་པ་འོག་མའི་སྣོད་དུ་རུལ་ཟིན་པའམ་ཡང་ན་གསང་བའི་གནས་སུ་གབ་སྦས་བྱས་པའི་རང་གི་སེམས་རྨ་དེ་ལ་སྨན་བཅོས་བྱ་ཐུབ་པའི་ཐབས་རྩལ་དེ་འདྲ་ཞིག་ལ་གོ་ཡི་ཡོད།

ཁྲི་སེམས་དཔའ།  ཁྱོད་ལ་ཤན་ཤུགས་ཐེབས་མྱོང་བའི་སྒྲུང་གཏམ་པ་གང་དག་ཡོད། ཁོ་ཚོའི་སྟེང་ནས་ཁྱོད་ཀྱིས་ཅི་ཞིག་ལེགས་ཆ་རུ་བསམ་སྟེ་དང་ལེན་བྱས་པ་ཡིན།  

རེ་རྐང་གླིང་།  ང་རང་ལ་ཤན་ཤུགས་ཐེབས་མྱོང་མཁན་གྱི་སྒྲུང་གཏམ་པ་ཞེས་ན་སྐད་ཆ་འདི་བཤད་དཀའ་མོ་ཞིག་ཡིན་ཡང་།  ཁོ་བོས་བཀླགས་མྱོང་བའི་སྒྲུང་གཏམ་དག་ལས་ཧ་ཅང་གིས་སྤྲོ་བ་ཡོད་པའི་སྒྲུང་གཏམ་མཁས་པ་ལ་དབྱིན་ཇིའི་བུད་མེད་རྩོམ་པ་པོ་ཝི་ཅི་ཉི་ཡ་ཝེའུ་ཨེར་ཧྥུ་དང་།  ཨེར་ལན་གྱི་ཀྲན་མུའུ་སི་ཆའོ་དབྱི་སི།  ཨོ་སི་ཁྲུ་རི་ཡའི་ཧྥི་ལང་ཚི་ཆི་ཁབ་ཁ་དང་ཨ་རྒན་ཐེན་གྱི་མན་ལིས་ཨེར་ཕུའུ་ཡུས་རྒི། ཅེ་ཁུའི་མུས་ལན་ཁོན་ཏི་ར་དང་ཧྥ་རན་སིའི་མ་སེ་ཨར་ཕུའུ་ལུའུ་སི་ཐི་སོགས་ཡིན་ལ།  ཝེའུ་ཨེར་ཧྥུ་ཡི་འཚོ་བའི་གདོང་རིས་ངོ་མ་འཚོལ་བའི་སེམས་ཁམས་སྨྱོ་བ་ཅན་གྱི་འཕྲུལ་ཤེས་དང་ཆའོ་དབྱི་སིའི་མི་གཤིས་ཅན་མ་ཡིན་པའི་བརྒྱུད་རིམ་ཁྲོད་ཁེར་རྐྱང་གི་མཛེས་པ་སྔོག་པའི་ཐོས་པའི་རྒྱ་ཁྱོན།  ཁབ་ཁ་ཡི་རང་སྣང་གི་འཇིག་རྟེན་མཚོན་པའི་ཤད་མེད་པའི་སྒྲུང་གཏམ་ཆད་རོ་དག་གི་བསླུ་བྲིད། ཕུའུ་ཡུས་རྒིའི་མིའི་གཉུག་གཤིས་ལ་སྤར་འདྲེད་བྱས་པའི་སེམས་ཁམས་ནད་པ་དེ་དང་མུས་ལན་ཁོན་ཏི་རའི་སྒྱུ་རྩལ་གྱི་དྭངས་གཤིས་སྙེགས་པའི་མཛེས་པའི་བསམ་བློ། ཕུའུ་ལུའུ་སུ་ཐིའི་རྫོབ་ལ་མ་ཟིང་བའི་རྒྱུག་ཆུ་ལྟ་བུའི་ཕྱིར་དྲན་གྱི་བསམ་བཀོད་རེ་རེ་ནི་ཁོ་བོར་སྒྱུ་རྩལ་གྱི་ཕུགས་རེ་རྟོགས་སུ་བཅུག་པའི་གདམས་ངག་ལྟ་བུ་ཡིན་ལ།  སྒོས་སུ་སྒྲུང་གཏམ་ལ་ཚད་མཐོ་བའི་མིག་དབང་སྤྲོད་མཁན་ཡང་ཡིན་པས་ན་རང་གི་སྒྲུང་གཏམ་ལ་ཤན་ཐེབས་ས་མེད་ཅེས་ཀྱང་བརྗོད་དཀའ་མོ་རེད།

ཁྲི་སེམས་དཔའ།  ཁྱོད་རང་ན་གཞོན་སྙན་ངག་པ་ཞིག་ཀྱང་ཡིན་པའི་ཆ་ནས།  དེ་སྔོན་པད་མ་ཚེ་བརྟན་གྱིས་བྲིས་པའི་སྒྲུང་གཏམ་《སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ》ཞེས་པ་དེར་དེ་འདྲ་འཐད་ཀི་མེད་ཚུལ་ཁོ་བོས་ཐོས་མྱོང་།  ཁྱོད་ཀྱིས་དེའི་ཐད་ནས་སྐད་ཆ་འགའ་བཤད་ན་ཅི་འདྲ་རེད།

རེ་རྐང་གླིང་།  འདྲི་ཚིག་འདི་དངོས་ནས་ཁོ་བོར་དྲིས་པ་ཤིན་ཏུ་ནས་འགྲིག་སྟེ།  དེ་སྔ་བདག་གི་སྒྲུང་གཏམ་ཞིག་གི་ཁྲོད་དུའང་ཐད་ཀར་འདིའི་སྐོར་ཅུང་ཙམ་གླེང་མྱོང་ཡོད།  དེ་ཡང་《སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ》ཞེས་པའི་སྐོར་ལ་དཔྱད་བརྗོད་པ་ཁ་ཤས་ཀྱིས་རྩོད་གླེང་བྱས་ཡོད་པའང་མཐོང་མྱོང་མོད།  དེ་དག་གིས་རྩ་བ་དོར་ཏེ་ཡལ་ཀ་ཤོད་ཀྱིན་པའི་ཚོར་བ་འདྲ་ང་ལ་སྐྱེས་མྱོང་།  སྐད་ཆ་མདོར་དྲིལ་དེ་བཤད་ན་སྒྲུང་རྩོམ་དེས་དོན་ངོ་མ་སྙན་ངག་པ་གང་དེར་རྗེས་དྲན་བྱེད་ཀྱིན་ནམ་ཡང་ན་ངན་སྨྲས་བྱེད་ཀྱིན་པ་གང་ཡིན་རྩོམ་པ་པོ་རང་ཉིད་ལའང་གསལ་ཆ་མེད་པ་ཞིག་བཟོས་ཡོད་པས། དེས་རྩོམ་པ་པོ་དེར་སྐུད་སྣེ་གཅིག་ལ་འབྲེལ་རྒྱུའི་བསམ་བཀོད་ཀྱི་བློ་སྦྱོང་ངམ་ལངས་ཕྱོགས་མེད་པ་ར་གསལ་བོ་སྤྲད་འདུག  དྲང་མོར་བཤད་ན་དངོས་ཡོད་འཚོ་བའི་ཁྲོད་དུའང་དོན་དེ་འདྲ་འབྱུང་བ་རྒྱུན་ལྡན་ཞིག་སྟེ་ཐ་ན་རྒྱ་ནག་གི་སྙན་ངག་པ་ཀུའུ་ཁྲིན་ཡང་རིགས་དེ་འདྲར་གཏོགས་ནས་ཡོད་མོད།  མི་འདྲ་ས་ནི་སྙན་ངག་པ་དུར་ཁྲོད་ནི་སེམས་ལྷོད་ལ་བབས་ཏེ་བཀོད་སྒྲིག་རྒྱག་མཁན་གྱི་ཀླད་པ་དྭངས་པའི་ལག་དམར་ཞིག་དང་ཀུའུ་ཁྲིན་ཉིད་ལྷ་སྒྲུང་གི་བཟི་སྣང་ཁོ་ནས་མགོ་འཐོམ་པའི་སེམས་ནད་ཅན་གྱི་ལག་དམར་ཞིག་ཡིན་པ་དེ་རེད།

སྒྲུང་གཏམ་འདིའི་སྐོར་ནས་ང་རང་གིས་དངོས་སུ་སྐུ་ཞབས་པདྨ་ཚེ་བརྟན་གྱི་གདོང་ལ་མཛུབ་གུ་བཙུགས་ཏེ་བསམ་འཆར་བཏོན་སའང་ཡོད་པས་གླེང་མཚམས་འདི་ནས་ཕྱེ་སྟེ་རྗེས་ཕྱོགས་འདིའི་སྐོར་གླེང་མཚམས་བཞག་ན་དགའ་སྙམ་གི  ཡང་གཅིག་བཤད་ན་རྩོམ་ཡིག་གཅིག་གིས་རྩོམ་པ་པོ་ཞིག་གི་བསམ་རྒྱུན་མཐའ་དག་མཚོན་མི་ཐུབ་པས་ན།  ང་ཚོས་ཀྱང་སོང་ཚར་བའི་ནོར་འཁྲུལ་ཞིག་ལ་རྗེས་གཅོད་བྱ་རྒྱུའི་ངལ་བ་སྐྱུངས་བར་རིག་བསམ་པས་ཡིན།

ཁྲི་སེམས་དཔའ། ཁྱོད་ཀྱིས་རྒྱུན་པར་རང་ཉིད་ནི་སྙན་ངག་འབྲི་མཁན་ཞིག་ལས་སྒྲུང་གཏམ་འབྲི་མཁན་ཞིག་ཏུ་རློམ་བཞིན་འདུག  དེ་ནི་སྙན་ངག་དང་སྒྲུང་གཏམ་གཉིས་ལས་སྒྲུང་གཏམ་མང་པོ་བྲིས་ཡོད་པས་ཡིན་ནམ།  ཡང་ན་ཁྱོད་ཀྱི་སེམས་ནང་དུ་སྙན་ངག་ལས་སྒྲུང་གཏམ་ལ་གོ་ས་མཐོན་པོ་ཞིག་ཡོད་པས་ཡིན།

རེ་རྐང་གླིང་།  ལོ་གཉིས་གསུམ་གྱི་སྔོན་ཞིག་ཏུ་ཁྱེད་རང་གིས་འདྲི་ཚིག་འདི་འདྲ་ཞིག་དྲིས་པ་ཡིན་ན།  ངས་ཐད་ཀར་སྒྲུང་གཏམ་མང་པོ་བྲིས་པས་དང་རང་གི་ལྟ་ཚུལ་ལ་སྙན་ངག་ལས་སྒྲུང་གཏམ་གོ་ས་མཐོ་གི་རེད་ཟེར་ངེས་མོད། འོན་ཀྱང་ད་ལམ་ང་རང་གིས་སྙན་ངག་མང་པོ་ཞིག་ཧམ་ཚོད་ཀྱིས་འབྲི་གིན་ཡོད་ལ།  སྒྲུང་གཏམ་གྱི་ཁ་ཕྱོགས་དེ་ཡང་ཀློག་པ་པོ་དང་བསྟུན་པའི་ཐབས་ཀྱིས་དངོས་ཡོད་ཀྱི་ཕྱོགས་སུ་ཚོད་ལྟ་བྱེད་སྒང་ཡིན་པས་ན་ལན་འདི་འདེབས་དཀའ་མོ་ཞིག་རེད།

ཁྲི་སེམས་དཔའ། རྒྱ་ཡིག་གི་ན་གཞོན་སྒྲུང་གཏམ་པ་ཀོས་ཙི(འདི་ལྟར་བརྗོད་དོན་ནི་ཁོ་རང་གྲངས་ཉུང་མི་རིགས་ཡིན)ཟེར་བ་ཞིག་གིས།  རྩོམ་པ་པོ་ལ་རིགས་གཉིས་ཡོད་དེ།  གཅིག་ནི་ཉམས་མྱོང་ཅན་གྱི་རྩོམ་པ་པོ་དང་།  ཅིག་ཤོས་ནི་ཤེས་རབ་ཅན་གྱི་རྩོམ་པ་པོ་ཡིན་ཟེར།  ཁོས་ད་དུང་ཁོ་རང་ཉིད་ནི་ཤེས་རབ་ཅན་གྱི་རྩོམ་པ་པོ་ཡིན་པས་ཉམས་མྱོང་གཙིགས་སུ་འཛིན་པ་མིན་ཟེར།  ཁྱོད་ཀྱིས་བལྟས་ན་སྒྲུང་གཏམ་པ་ཞིག་མཚོན་ན།  ཉམས་མྱོང་གཙོའམ་མི་གཙོ།  ཁྱོད་རང་ཉིད་རིགས་གང་གི་གྲས་སུ་གཏོགས།

རེ་རྐང་གླིང་།  སྐད་ཆ་དེ་བློ་གཟུ་བོའི་སྐྱེས་པོ་ཤེས་རབ་ཅན་ཞིག་གི་གཞུང་དྲང་གི་སྐད་ཆ་ངོ་མ་ཞིག་རེད་འདོད།  སྤྱིར་ན་རྩོམ་མཁན་གང་ཞིག་ཡིན་ཡང་སྐྱེས་མ་ཐག་ནས་རྩོམ་ཡིག་འབྲི་ཐུབ་མཁན་ཞིག་ཡོད་མི་སྲིད་པས་ཉམས་མྱོང་(ལག་ལེན)རིམ་བསགས་ཀྱི་བརྒྱུད་རིམ་དེ་དགོས་ངེས་སུ་སྣང་ནའང་།  མིའི་ལྷན་སྐྱེས་ཀྱི་ཤེས་རབ་དེས་མི་ལ་ལ་ཞིག་གིས་ཚེ་གང་བོར་རྩོམ་འབྲིའི་ལས་ལ་འབད་ནའང་འབྲས་བུ་ཅི་ཡང་འབྱུང་གིན་མེད་ལ།  མི་ལ་ལ་ཞིག་ཞུགས་མ་ཐག་ནས་སྐད་གྲགས་ཆོད་པའི་སྣང་ཚུལ་ཡང་བྱུང་མྱོང་ཡོད་པས་ན།  ཁོ་བོར་མཚོན་ན་ཉམས་མྱོང་ལས་ཤེས་རབ་གཙིགས་སུ་འཛིན་པའི་ལྟ་ཚུལ་དེར་མོས་པ་ཡོད་ལ།  རང་ཉིད་ཀྱང་ཉམས་མྱོང་གཙིགས་སུ་མི་འཛིན་པའི་རིགས་དེའི་གྲས་སུ་གཏོགས་ཞེས་བརྗོད་ངེས།

ཁྲི་སེམས་དཔའ། བཀྲ་ཤིས་ཟླ་བ་ཟེར་བའི་རྒྱ་ཡིག་གི་རྩོམ་པ་པོ་དེས་རང་རེའི་བོད་ཀྱི་རྩོམ་སྟེགས་སྟེང་དུ་ཡང་ཤུགས་རྐྱེན་ཟབ་མོ་བཞག་ཡོད་པར་བཤད།  ཁྱོད་ཀྱིས་ཁོའི་སྒྲུང་གཏམ་ཕལ་ཆེར་བཀླགས་ཡོད་རྒྱུ་རེད།  ཁྱོད་ཀྱིས་སྒྲུང་གཏམ་ཁ་ཤས་ཤིག་ང་ནོར་བ་མིན་ན་ཁོས་བྲིས་པའི་སྒྲུང་གཏམ་དང་ཅུང་འདྲ་ས་འདུག་སྙམ།  དེ་ནི་སྟེས་དབང་ཞིག་ཡིན་ནམ།  ཡང་ན་ཁྱོད་ཀྱིས་ཁོའི་འབྲི་ཐབས་དེར་སློབ་སྦྱོང་བྱས་པ་ཡིན།

རེ་རྐང་གླིང་།  རེད། ཁོང་གི་སྒྲུང་གཏམ་ཕལ་ཆེ་བ་ཞིག་ངས་བཀླགས་མྱོང་མོད།  ང་ལ་བག་ཆགས་ཆེ་ཤོས་དེ་《བོད་ལྗོངས།  རྒྱུན་བུའི་མདུད་པར་བརྒྱུས་པའི་རྣམ་ཤེས》ཞེས་པ་དེ་ཡིན།  སྒྲུང་གཏམ་འདི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་དུས་སུ་རླུང་རྟ་རྒྱུག་པའི་སྒྲུང་རྩོམ་ཞིག་ཡིན་པས་ན་ཀློག་མཁན་སུ་ལའང་བག་ཆགས་ཆེ་བ་མགྲིན་མཚུངས་ཡིན་མོད།  འོན་ཀྱང་བདག་གི་ལྟ་ཚུལ་གཞན་དག་དང་མི་མཚུངས་པ་ཞིག་ནི།  གཞན་དག་གིས་སྐུ་ཞབས་ཁོང་གི་སྒྲུང་རྩོམ་དེ་གཙོ་བོ་འདྲེས་འཛིང་ཆེ་བའི་བརྗོད་བྱའི་སྟེང་ན་གླེང་གིན་འདུག་མོད།  ཁོ་བོ་ལྟར་ན་ཧ་ལས་ས་དེ་རྩོམ་གྱི་རྗོད་བྱེད་ཀྱི་སྟེང་ན་ཡོད་ཀི་བསམ་གི ཡང་དེ་སྔ་རྒྱ་ཡིག་གི་རྩོམ་སྟེགས་རྣམས་སུ་ཁོང་གི་འབྲི་ཐབས་དེའི་རིགས་ལ་“སྒྱུ་འཕྲུལ་དངོས་ཡོད་རིང་ལུགས”ཞེས་བཏགས་ཡོད་ནའང་།  ངས་བསམ་ན་ཁོང་གི་འབྲི་ཐབས་དེ་གཙོ་བོ་རྟོག་འགྱུ་མའི་སྒྲུང་རྩོམ་གྱི་ཁོངས་སུ་བལྟས་ན་འགྲིག་གི་བསམ།  ལྷག་པར་དུ་ཁོང་གི་བརྩམས་ཆོས་དེ་བོད་ཡིག་ཏུ་བསྒྱུར་རྗེས་ད་གཟོད་རྟོག་འཆར་གྱི་ཉམས་བཟོ་དེ་བླ་ལྷག་གིས་ཐོན་ཡོད་ལ་སེམས་ཁམས་ལྷུག་བརྗོད་ཀྱི་རང་བཞིན་གྱ་ནོམ་པ་ཞིག་ཀྱང་གྲུབ་ནས་ཡོད་འདུག  ཁྱེད་རང་གིས་ཤོད་ཀྱིན་པའི་འདྲ་ས་དེ་གཙོ་བོ་བོད་འགྱུར་མའི་ལམ་ཁ་ན་མ་གཏོགས།  མ་ཡིག་ངོ་མ་རྒྱ་ཡིག་གི་ཁྲོད་དུ་རྙེད་དཀའ་བ་ཞིག་ཡིན་རྒྱུ་རེད་བསམ་གི

དེ་བས་ཁོ་བོ་ལྟར་ན་བཀྲ་ཤིས་ཟླ་བ་དང་ངེད་གཉིས་ཀྱི་འབྲི་ཐབས་གཙོ་ཆེར་གཅིག་ས་མ་རེད་འདོད།

ཁྲི་སེམས་དཔའ།  ཁྱོད་ཀྱི་སྒྲུང་གཏམ་གྱི་ཁ་ཕྱོགས་ས་དེ་གང་ཡིན།

རེ་རྐང་གླིང་། ངའི་སྒྲུང་གཏམ་གྱི་ཁ་ཕྱོགས་ས་དེ་ཁྱེད་རང་གི་བཤད་ཚུལ་ལྟར་ན་སྒྱུ་རྩལ་གཙོ་བོར་འཛིན་པའི་འབྲི་ཐབས་ཀྱི་རིགས་སུ་ཐེ་ཞིང་།  དེ་ཡང་གཙོ་བོ་རང་གིས་ཐོག་མ་ཉིད་ནས་འགན་ལེན་བྱས་ཚར་བའི་དམ་བཅའ་ལྟ་བུ་ཞིག་གམ།  བོད་ཀྱི་རྩོམ་སྟེགས་ལ་བྲོ་བ་གསར་བ་ཞིག་གི་སྒྱུ་རྩལ་ལོངས་སྤྱོད་ཅིག་ཁ་སྣོན་བྱེད་བསམ་པས་ཡིན།  དུས་ཚོད་ཀྱིས་འགལ་རྐྱེན་འདྲ་མ་བཟོས་ཚེ་ཕྱི་ལོ་རང་གི་དེང་རབས་ལུགས་ཀྱི་སྒྲུང་ཐུང་ཕྱོགས་སྒྲིག་ཅིག་དཔེ་དེབ་ཏུ་བསྒྲིག་པར་ད་ལྟ་དཔེ་སྐྲུན་ཁང་ལ་འབྲེལ་བ་འཛུགས་ཀྱིན་པའི་སྒང་ཡིན་ན་དེ་དུས་རང་གི་སྒྲུང་གཏམ་ལ་འཛིན་པའི་ལྟ་ཚུལ་དག་བརྩམས་ཆོས་ཀྱི་བསྟན་དོན་ལྟར་ར་འཕྲོད་ངེས་ཡིན་བསམ།

ཁྲི་སེམས་དཔའ།  ན་ནིང་དོ་ཚིགས་ཁྱོད་ནི་དྲ་ཐོག་ཏུ་ཚ་ཚ་འུར་འུར་ཡིན་པའི་ན་གཞོན་རྩོམ་པ་པོ་ཞིག་རེད།   ཁྱོད་ཀྱིས་བལྟས་ན་དྲ་ཐོག་རྩོམ་རིག་དང་ཚགས་དེབ་རྩོམ་རིག་གཉིས་ཀྱི་མི་འདྲ་ས་ཅི་རེད།

རེ་རྐང་གླིང་།  དེ་གཉིས་ཀྱི་མི་འདྲ་ས་གཙོ་བོ་དེ་དྲ་ཐོག་རྩོམ་རིག་ནི་སྨྱན་བྱད་ཀྱི་རིགས་སུ་གཏོགས་ཡོད་པས་རྒྱུག་ལམ་ཡངས་ལ་རོལ་རྩེད་ཀྱི་ཉམས་བཟོ་ཆེ་བས་ཀློག་པ་པོ་འགུགས་པའི་ཤུགས་ཆེ་བ་དང་།  ཚགས་དེབ་རྩོམ་རིག་དེ་བརྒྱུད་རིམ་གྱི་འོག་ཏུ་སྒྲིག་འཛུགས་ཐུབ་པའི་གཟབ་ནན་གྱི་ཉམས་མངོན་ཡོད་པས། གཉིས་ཀར་རང་རང་གི་ཁྱད་ཆོས་རེ་འཛོམས་ཡོད་ལ།  ཁོ་བོ་ལྟར་ན་སྔ་མ་དེ་སྦྱང་དེབ་དང་ཕྱི་མ་དེ་འབྲི་དེབ་ཏུ་བལྟས་པས་ཤིན་ཏུ་འོས་ཤིང་འཚམ་པ་ཞིག་རེད་འདོད།

ཁྲི་སེམས་དཔའ།  ཁྱོད་ཀྱིས་བལྟས་ན་བོད་ལ་རྩོམ་རིག་མཐའ་དཔྱད་པ་ངོ་མ་ཞིག་ཡོད་དམ་མེད།  རྒྱུ་མཚན་ཅི་རེད་བསམ་གྱིན་ཡོད།

རེ་རྐང་གླིང་།  ལྟོས་བཅས་ཀྱིས་བཤད་ན་ཡོད་པ་འདྲ་ཞིག་ཆགས་ཐུབ་ཡོད་མོད།  ངེས་པ་དོན་གྱི་མཐའ་དཔྱོད་པ་ཞིག་མེད་ཅེས་བཤད་ན་འགྲིག  རྒྱུ་མཚན་ནི་བོད་ཀྱི་རྩོམ་རིག་མཐའ་དཔྱོད་པ་དེ་དག་ལ་ཉམས་མྱོང་དང་ཤེས་རབ་གང་ཆ་ནས་ཤུགས་ཞན་པས་ན་མི་རིགས་གཞན་གྱི་བློ་མིག་ཁོ་ནས་རང་སྐད་ལ་མཆན་རྟགས་འགོད་ཀྱིན་པ་མ་གཏོགས་བོད་ཀྱི་ཁྱད་ཆོས་མངའ་བའི་རྩོམ་ཡིག་ཅིག་དཔྱོད་པའི་བློ་མིག་ལྡོངས་ནས་འདུག་ལ།  ཐ་ན་སྙིང་སྟོབས་ཀྱིས་ཀྱང་ལོང་མི་འདུག་བསམ་གི  འདི་ཡང་ཕྱོགས་གཞན་ཞིག་ནས་བཤད་ན་བོད་ཀྱི་སྒྲུང་རྩོམ་དང་སྙན་ངག་གསར་བ་སོགས་རང་སྟེང་གི་མ་འཁྱོངས་པའི་ལས་ཤིག་ཀྱང་རེད་བསམ་གི

ཁྲི་སེམས་དཔའ།  བོད་ཀྱི་ན་གཞོན་ཚོའི་ཁྲོད་ན་རྩོམ་རིག་ཟེར་བ་ནི་མི་རང་སྒེར་གྱི་ལས་ཀ་ཞིག་རེད་ཟེར་བའམ།  ཡང་ན་རོལ་རྩེད་ཞིག་ཟེར་བའི་ལྟ་ཚུལ་སྣ་ཚོགས་ཤིག་ལབ་ཀྱིན་འདུག  ཁྱོད་ཀྱིས་བལྟས་ན་རྩོམ་རིག་ཟེར་བ་དེ་ག་འདྲ་ཞིག་རེད།

རེ་རྐང་གླིང་།  མ་གཞི་ང་ཚོ་འཚོ་ཞིང་གོམས་པའི་འཇིག་རྟེན་འདི་རོལ་རྩེད་ཀྱི་ཁྲོད་དུ་གནས་བཅོས་ཡོད་པ་དང་།  ལྷག་ཏུ་ཨ་ཀེན་ཐེན་གྱི་རྩོམ་པའི་ཁྱུ་མཆོག་བྷོར་ཧི་སི་ལྟ་བུས་ཀྱང་རྩོམ་རིག་ནི་གཟབ་ནན་གྱི་རོལ་རྩེད་ཅིག་ཁོ་ནར་ངོས་འཛིན་གྱིན་འདུག་པས།  རྩོམ་རིག་དེ་ཡང་རོལ་རྩེད་ཅིག་ཏུ་བལྟས་ན་མི་འགྲིག་པ་མེད་མོད།  འོན་ཀྱང་རྩོམ་འབྲིའི་ལམ་ཁ་བསྙེགས་ཟིན་པའི་རྩོམ་པ་པོ་ཞིག་ལ་མཚོན་ན་གཙོ་བོ་རོལ་རྩེད་ཀྱི་མཐིལ་རྟོགས་པའི་དམིགས་པ་མ་བཅངས་པར་རོལ་རྩེད་ཀྱི་ཆེད་དུ་རོལ་རྩེད་གཉེར་ན་རྒྱུ་མཚན་འདྲ་མེད་ཀི་བསམ་གི  ཁོ་བོར་མཚོན་ན་རྩོམ་རིག་ཅེས་པ་ནི་མིའི་སྙེག་ཐབས་མེད་པའི་འདོད་བློ་ཞིག་མངོན་འགྱུར་བྱ་ཆེད་དཀོན་མཆོག་གིས་ཆེད་དུ་མི་ལ་བཟོས་པའི་དབང་བོའམ་ཡན་ལག་ལྷག་མ་ཞིག་རེད་འདོད་པས། རང་གིས་མི་ཕལ་བ་ཞིག་ལ་མ་འཛོམས་པའི་ལག་ཆ་འདི་བེད་སྤྱོད་གཏོང་ཤེས་དགོས་སྙམ་གི

ཁྲི་སེམས་དཔའ།  གཞན་ད་དུང་འགན་འཁྲི་དགོས་མི་དགོས་དང་འགན་འཁྲི་ཡོད་མེད་ཅིག་རྩོད་ཀྱིན་འདུག  དེར་ལྟ་ཚུལ་ཅི་ཞིག་ཡོད།

རེ་རྐང་གླིང་།  དེ་ལ་བོད་རང་གི་གཏམ་དཔེ་ཞིག་བཞག་ན་“ཁ་ཤའི་པགས་པ་གར་འཐེན་འཐེན”ཞེས་པའི་དཔེ་བཞིན་མི་རང་རང་གི་འདོད་ཚུལ་ལྟར་འཇོག་རྒྱུ་མ་གཏོགས་རྩོད་དགོས་པའི་གནས་ལུགས་ཆེན་པོ་ཞིག་མེད་ཀི་འདོད།

ཁྲི་སེམས་དཔའ།  བོད་ན་ཁྱོད་ཀྱི་འདོད་བློ་དང་མཐུན་པའི་སྒྲུང་གཏམ་པ་ཡོད་དམ་མེད།  རྒྱུ་མཚན་ཅི་ཡིན།

རེ་རྐང་གླིང་།  བོད་ན་ང་རང་གི་མོས་པ་དང་མཐུན་པའི་སྒྲུང་གཏམ་པ་མང་པོ་ཞིག་མེད་ཀྱང་ད་ལྟ་ན་གཞོན་གྱི་ཁྲོད་དུ་རེ་བ་བཅའ་སའི་སྒྲུང་གཏམ་པ་གཉིས་ཡོད་པ་ནི་སྐྱབས་ཆེན་བདེ་གྲོལ་དང་ལྷ་བྱམས་རྒྱལ་གཉིས་ཡིན།  ཡིན་པའི་རྒྱུ་མཚན་ལ་ཁྱེད་རང་གིས་གོང་དུ་ཤོད་པ་བཞིན་ཁོ་བོ་ལྟར་ན་སྐྱབས་ཆེན་བདེ་གྲོལ་རང་ཤེས་རབ་ཅན་གྱི་རྩོམ་པ་པོ་དང་ལྷ་བྱམས་རྒྱལ་ཉམས་མྱོང་ཅན་གྱི་རྩོམ་པ་པོའི་དཔེ་མཚོན་ཏུ་བལྟས་པས་ཡིན།

ཁྲི་སེམས་དཔའ།  འདི་ག་ཚགས་པར་དུ་སྤེལ་བཞིན་པའི་སྒྲུང་གཏམ་གྱི་ལེ་ཚན་བརྩམས་ཆོས།  རྩོམ་པ་པོ།  རྩོམ་སྒྲིག་པ་ཞེས་པར་བསམ་འཆར་ག་རེ་ཡོད།

རེ་རྐང་གླིང་།  《མཚོ་སྔོན་བོད་ཡིག་གསར་འགྱུར》དེ་ཚགས་ཤོག་ཅིག་ཡིན་པས་ཆ་ནས་རྩོམ་རིག་གི་ཐད་ལ་བཏོན་པའི་ནུས་པ་ནི་དུས་དེབ་གཞན་དག་ལས་ཀྱང་ལྷག་ཡོད་ཅེས་ན་གཞན་ཞིག་མི་དགའ་ན་ཐང་མོད། སྣ་སྒོ་རེ་རེར་རེ་རེའི་ལངས་ཕྱོགས་དང་ལྟ་བ་ཚུགས་ཐུབ་ཏུ་གནས་པའི་ཁྱད་ཆོས་འདི་ད་ལྟ་གཞན་ལ་ཡོད་མ་ཡིན་པའི་དགེ་མཚན་ཞིག་རེད་ལ། ལྷག་པར་དུ་བརྩམས་ཆོས་དང་རྩོམ་པ་པོ། རྩོམ་སྒྲིག་པ་ཞེས་པ་འདི་ལྟ་བུར་མཚོན་ན་ཀློག་པ་པོ་མང་པོ་ཞིག་ལ་བལྟ་ཀློག་གི་གསལ་ཁ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་ན་(དགོད་བཞིན་ཀུ་རེ་ཚུལ་དུ)ད་ནས་བཟུང་ངའི་སྒྲུང་གཏམ་ཀློག་མཁན་ཡང་མང་པོ་ཞིག་འབྱུང་རྒྱུ་རེད་འདོད་ཀི  དེ་བས་དེ་རིང་གི་གོ་སྐབས་འདི་བེད་སྤྱད་དེ་ཆེད་དུ་རང་གི་སྒྲུང་གཏམ་གསར་མའི་གསར་རྩོམ་གྱི་གཤོག་ཟུང་ཡངས་པོར་བརྐྱངས་སུ་བཅུག་པའི་ཚགས་ཤོག་《མཚོ་སྔོན་བོད་ཡིག་གསར་འགྱུར》དང་དུས་དེབ་《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》གཉིས་ལ་ཆེད་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཡིན།།

                                                                                               ༢༠༠༩ལོའི་ཟླ་༥བའི་ནང་བཅར་འདྲི་བྱས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁོ་བོར་མཚོན་ན་སྒྲུང་གཏམ་རྩོམ་པར་ཉམས་མྱོང་ལས་ཤེས་རབ་གཙིགས་སུ་འཛིན་པར་མོས།

2017-07-20 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།