མིང་མེད།

གཤོག་ཡ་ཆད་པའི་སེམས་ཀྱི་ངང་བ
ཁྱོད་ཕྱོགས་ལ་བསྙེགས
ངའི་ཡ་ཁོག་གི་སྤྲིན་པ་སྨུག་པོས
ནམ་མཁའི་ཁ་དོག་བསྒྱུར

རྨི་ལམ་གྱི་གཙང་བོར་རབ་ཁ་མེད་པས
ལམ་གྱི་སྣེ་མོ་ཐག་པ་ཞིག་ཏུ་གྱུར

རྒྱང་རིང་གི་རི་བོའི་ཁོང་གསེང་དུ་འཐིམ་པའི
ཁྱོད་ཀྱི་དྲན་གདུང་གི་མེ་ལོང་ལས
མིག་ཆུའི་ཆར་བ་ཤག་ཤག་འབྱོ

འཆི་བའི་སྒྲ་ལ་ཉན་པར
གྲིབ་གཟུགས་མེད་པའི་མགྲོན་པོ་དག
མུ་ནས་མུར མུན་ནག་གི་ཕྱོགས་སུ་འགྲོ་བཞིན་མཆིས།

                  2019.8.16ཉིན།
 

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིང་མེད།

2019-08-27 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

གཤོག་ཡ་ཆད་པའི་སེམས་ཀྱི་ངང་བ
ཁྱོད་ཕྱོགས་ལ་བསྙེགས
ངའི་ཡ་ཁོག་གི་སྤྲིན་པ་སྨུག་པོས
ནམ་མཁའི་ཁ་དོག་བསྒྱུར

རྨི་ལམ་གྱི་གཙང་བོར་རབ་ཁ་མེད་པས
ལམ་གྱི་སྣེ་མོ་ཐག་པ་ཞིག་ཏུ་གྱུར

རྒྱང་རིང་གི་རི་བོའི་ཁོང་གསེང་དུ་འཐིམ་པའི
ཁྱོད་ཀྱི་དྲན་གདུང་གི་མེ་ལོང་ལས
མིག་ཆུའི་ཆར་བ་ཤག་ཤག་འབྱོ

འཆི་བའི་སྒྲ་ལ་ཉན་པར
གྲིབ་གཟུགས་མེད་པའི་མགྲོན་པོ་དག
མུ་ནས་མུར མུན་ནག་གི་ཕྱོགས་སུ་འགྲོ་བཞིན་མཆིས།

                  2019.8.16ཉིན།
 

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།