མདང་དགོང་གི་སྤྱི་ལོ1888ལོའི་རྨི་ལམ། (གསར་སྒྲུང)

སྐྱེས་མཆོག་ཨན་ཏུང་ཉིའི་བསླུ་བྲིད། 1931ལོར།   སི་ཕན།        ཟཱར་ཝ་ཏའོ་དཱ་ལི། 
 
   ཐུན་མཚམས་གསུམ་དུ་ཕྱེ་བའི་དགོན་རྙིང་གི་ཅོང་སྒྲ་འདི་ནི་ཀྲུང་གོའི་གཟི་དཔལ་འབར་བའི་རིག་གནས་ཀྱི་བར་བརྒལ་ཆེན་པོ་གསུམ་གྱི་ནང་དོན་མཚོན་པ་ཇི་བཞིན་ཁོ་བོའི་སྙིང་ཁམས་ཀྱི་གཏིང་ཟབ་སར་དེ་ལས་རིང་བའི་བག་ཆགས་ཤིག་གི་ཤུགས་རྐྱེན་ཞིག་བཞག་དང་འཇོག་གིན་ཡོད་ནའང་།  ནད་ཡམས་ཀྱིས་ཡོངས་སུ་བཟུང་བའི་རང་གི་ལུས་པོ་ཁེར་རྐྱང་བའི་དོན་དུ་མི་སུ་འདྲ་ཞིག་གིས་ཀྱང་ཅོང་སྒྲ་འདིའི་སྐྱོ་ཤས་ཀྱིས་འཁུར་བའི་དབྱངས་འགྲོས་ལ་དོ་སྣང་མི་བྱེད་ཅིང་།  ལྷག་པར་དུ་ཉིན་འདི་འགའི་རིང་ལ་བདག་གི་སྨྱོ་བ་ལྟ་བུའི་གཉིད་ཡུར་གྱི་སྣང་ཚུལ་དང་།  བླ་འཁྱམས་ཡིད་མྱོས་ཀྱི་སྤྱོད་སྟངས་ཧྲིལ་བོ་ཡུལ་མི་ཚང་མས་སྨྱོ་ནད་ལ་ངོས་བཟུང་བས།  རང་ཉིད་མི་འདོད་བཞིན་དུ་སྨན་ཁང་ནང་བསྡད་དེ་ཉི་མ་མི་སྐྱེལ་ཐབས་མེད་བྱུང་།  
   སྐབས་དེ་དག་ཏུ་བདག་གིས་སྔ་ས་ནས་ཡིད་འཇོག་བྱས་མྱོང་བའི་དགོན་རྙིང་གི་ཅོང་སྒྲ་དེ་རང་དང་བར་ཐག་མི་རིང་བའི་བསམ་ཚུལ་རེ་བྱུང་མྱོང་ནའང་གློ་བུར་རྐྱེན་ངན་གྱིས་འཁྱེར་བའི་བུ་མོ་ཆུང་ཆུང་ཞིག་གི་གནམ་ལ་ཀེར་བའི་མིག་མདངས་དེས་ངའི་སྣང་རྟོག་གི་ཤེས་ཚུལ་ཧྲིལ་པོ་མེ་ལ་སྲེག་པ་ཇི་བཞིན་བློ་ངོས་སུ་འཛིན་ཐབས་བྲལ་སོང་།  
   གཤིན་རྗེའི་ལས་མཁན་དག་དང་འདྲ་བའི་སྨན་པ་མང་པོ་ཞིག་གིས་བདག་གི་འགྲོ་སྡོད་ལ་རྩེ་གཅིག་ཏུ་ལྟ་རྟོག་བྱས་ཡོད་རྐྱེན།  རང་ཉིད་ཀྱི་དབང་ཤེས་ལ་འགས་གཏོར་གྱི་ནུས་པ་བཟུང་ཡོད་མཁན་གྱི་གཙགས་ཁབ་རེ་རེས་ཀྱང་ངའི་སྣང་བའི་ཟིན་ཚད་ཡོད་ཅོག་ཕམ་པར་བཟོ་ཡི་འདུག
   སྐབས་འདི་འདྲ་ཞིག་གི་འོག་ཏུ་ངས་སླར་ཡང་གནམ་ལ་ཀེར་བའི་བུ་མོ་ཆུང་ཆུང་དེ་ཡི་མིག་ཟུང་སྐོར་ལ་བསམ་གཞིགས་བྱས་མྱོང་སྟེ།  ཁོ་མོ་ནི་དེ་སྔ་སྨན་ཁང་དུ་ཤི་བའི་བུ་མོ་དེ་དང་ཨེན་ཙམ་ཡང་མི་འདྲ་བར་རྣམ་ཤེས་ཀྱིས་བཟུང་བའི་ཤ་དྲོད་ཀྱི་ཚོར་བ་ལས་མིག་ཆུ་འཛད་མེད་དུ་བཞུར་མྱོང་བའི་བུ་མོ་ཆུང་ཆུང་ཞིག་ཡིན།
   སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གཅིག་ལོ་ནི་བདག་གི་སྐྱེས་སྐར་ཡིན་ཞིང་།  འགྲོས་ཚུལ་གྱིས་འཕེན་པ་རྫོགས་པའི་མི་ཡི་ལོ་ཚད་ལྟར་ན་ཁོ་མོ་ལོ་བརྒྱ་ཐམ་པ་ཏག་ཏག་སྟེ།  ཏག་ཏག་ལོ་འདིར་ཁོ་མོའི་ཚེ་ཡི་འཕེན་པ་དེ་ཡང་རེ་ཞིག་གཟིམ་ཁྲི་མཐའ་ཅན་དུ་གྱུར་སོང་སྐད།  
   ལོ་རྒྱུས་ཀྱི་ཡིག་ཚང་ཆེན་མོའི་བར་གསེབ་གང་རུང་ཞིག་ན་ཆུ་མིག་གཤོང་ཀ་ཞེས་པའི་ས་ཆ་ཞིག་ཏུ་བོད་ཀྱི་དཔའ་གདིང་མཚོན་པའི་མདའ་དཔོན་ལྷ་སྡིངས་སྲས་ཟེར་བའི་མི་ཞིག་གི་རྗེས་དྲན་རྡོ་རིང་སྐོར་བཀོད་ཡོད་ནའང་དེབ་ཐེར་གྱིས་འཁུར་བའི་དཔའ་རྒོད་དེ་དག་གི་རྐང་རྗེས་དག་ད་ལྟ་ཤུལ་མེད་དུ་གྱུར་ཅིང་།  རྗེས་ཤུལ་དུ་གཏམས་པའི་གཡུལ་ས་དག་གི་ཕམ་ཉེས་ཚང་མའང་དཔའ་བོའི་མེ་ཏོག་འགའ་ཞིག་ཏུ་གྲུབ་སྟེ་མེ་ཏོག་སྣ་བརྒྱའི་གུར་གྱི་ཁང་བཟང་ཞིག་ཕུབ་འདུག  
   མི་རབས་གསུམ་གྱི་བར་སྐལ་དུ་ཐེ་བའི་བུ་མོ་དེའི་གནམ་ལ་ཀེར་བའི་མིག་མདངས་ཁོ་ནས་དུས་དང་རྣམ་པ་ཀུན་ཏུ་ངའི་ཤ་གཟུགས་ཀྱིས་བཏུམ་པའི་ཐེ་ཚོམ་གྱི་སྲེད་པ་དེ་ཉིན་རེ་བཞིན་ཇེ་ཆེར་སྦར་བས་ན་བདག་གིས་ཀྱང་སྨན་ཁང་ནང་གི་ཡིད་དུ་འོང་བའི་ནད་གཡོག་མ་ཞིག་ལ་བསླུ་བྲིད་ཀྱིས་ལུས་འབྲེལ་བྱས་པ་ཡིན།  
   ཁོ་མོའི་འབའ་འབུར་གྱི་རེག་བྱ་རྩུབ་པའི་སྐྱི་པགས་དེས་བདག་གི་ཟླ་ངོ་གཅིག་ཙམ་གྱི་སྨན་ཁང་གི་འཚོ་བ་དེ་སླར་ཡང་མི་ཚེ་གཅིག་གི་བཙོན་ཁང་ལ་བསྒྱུར་ཅིང་།  འཇིག་རྟེན་ན་འགྲན་དུ་མེད་པའི་ངོ་མཚར་གྱི་ལྟད་མོ་ཞིག་བྱུང་བ་ནི་རྗེས་སོར་བུ་མོ་དེས་ང་ལ་མོ་རང་ངའི་ཆུང་མ་ཡིན་ཞེས་ངའི་རིགས་རྒྱུད་ལ་བགྲང་ཚུགས་པའི་ཕྲུ་གུ་ཆུང་ཆུང་ཞིག་ཀྱང་བསྟན་མྱོང་པའོ། །  
   ངོ་མ་གོ་ལ་ཆེན་མོའི་ཁྱིམ་གཞི་འདིའི་ནང་དུ་ཞི་བདེ་དང་འདྲ་མཉམ་གྱི་ལམ་ལ་ཞུགས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་གོམས་པའི་ངའི་ཆུང་མ་དང་བུ་ཕྲུག་གཉིས་ལ་མཚོན་ན།  གནམ་ལ་ཀེར་བའི་བུ་མོ་དེའི་མིག་ཟུང་ནི་བློ་ལྡན་ཞིག་གིས་ཐད་ཀར་གློག་ཀླད་ཀྱི་དྲ་བར་བཏང་བའི་འགྱིག་བཟོས་ངོ་གདོང་ཞིག་གམ་ཡང་ན་འཁྲབ་སྟོན་ལ་མཁས་པའི་བུ་མོ་ཞིག་གིས་ཆེད་དུ་རང་ཉིད་ཀྱི་སྒྱུ་རྩལ་བྱང་ཐབས་སྐོར་མངོན་པ་ཙམ་དུ་འགྱུར་སྲིད་ནའང་།  སྐབས་དེའི་ལོ་ན་བཅུ་དྲུག་ཅན་གྱི་བུ་མོ་ཆུང་ཆུང་དེས་རྟོགས་ཡོད་པ་ནང་བཞིན་དབུ་སྐྲ་བྱི་བའི་བུ་མོ་ཞིག་གི་མིག་མདངས་ལྟར་ཁོ་མོས་བཞག་པའི་ཞེད་སྣང་དང་ཞེ་སྡང་གི་མིག་འོད་དེས་སྐབས་དེའི་ཡོད་ཚད་ཅིག་རྟོགས་ཡོད་ངེས།  

དང་པོ།  སེམས་ནད་ཀྱི་ཆར་བ།
 
   ཅོང་སྒྲ་བསྟུད་མར་ཐེངས་གསུམ་གྲགས་པས་སྨན་ཁང་ནང་གི་ནད་གཡོག་མ་དག་གྱོན་གོས་བརྗེས་ནས་རང་ཁྱིམ་དུ་སྙེག་པའི་གོམ་སྒྲ་ཉེ་བ་ནས་རྒྱང་རིང་དུ་ཡལ་མོད།  གནམ་གཅལ་སྟེང་དུ་གསལ་ལ་མི་གསལ་ངང་གཡོ་བཞིན་པའི་གྲིབ་རིས་ནག་པོ་དེ་དལ་གྱིས་ནད་ཁང་གི་སྒོ་རྩར་སླེབས།
   སྤྱིར་ན་བེམ་པོ་དག་གི་རྣམ་ཤེས་གཙང་བཤེར་བྱེད་མཁན་གྱི་དྲི་ཟ་བ་དེ་དག་གི་གོམ་སྒྲ་ལྟ་བུའི་སྒྲ་སྐད་ཅིག་རྒྱུན་དུ་ཐོས་རྒྱུ་ཡོད་ནའང་དེ་རིང་གི་གོམ་པའི་ཧྲེག་སྒྲ་དེ་ཆེད་དུ་བདག་གི་རྣ་རྩར་བཏུད་བྱུང་བས།  ང་ནི་ཚེར་མས་ཁེངས་པའི་གདན་དུ་སྡོད་པ་ལྟར་སྡོད་བཟོད་མེད་པར་མྱུར་དུ་ཡར་ལངས་ཤིང་།  གོམ་སྒྲ་དེས་རང་ཉིད་ལ་རེག་བྱ་ཞིག་སྟེར་བའི་འཚེར་སྣང་གིས་བསྡད་པ་ཡིན།  གློ་བུར་དུ་དྭངས་བསིལ་གྱི་ཁ་རླུང་ཡང་མོ་ཞིག་བདག་གི་གདོང་ངོས་སུ་འཕྲོས་པའི་མོད་ལ་རྣོ་ལྕགས་ཀྱིས་གྲུབ་པ་ལྟ་བུའི་ལག་པ་ཆ་གཅིག་གིས་རིད་པོར་གྱུར་པའི་བདག་གི་ལུས་པོ་དེ་གན་རྐྱལ་དུ་མནན་བྱུང་།
   “ཨ་གནམ་རྒན་མ།  ནད་ཡམས་ཀྱིས་བཟུང་བའི་སེམས་ཅན་གང་རུང་ཞིག་གིས་ང་ཁྱུར་མིད་གཏོང་བསམ་པ་མིན་ནམ།  ཡང་ན་ལྷ་སྒྲུང་གི་ཁྲོད་དུ་སིམ་པའི་སེམས་མེད་ཀྱི་ལས་མཁན་ཞིག་གིས་ང་རང་བདག་ཏུ་བཟུང་བ་ཡིན་ནམ།”
   བདག་གི་ཀླད་ཀློང་དུ་འཆར་སྒོ་ཅི་ཡང་མེད་པར་སྐྲག་སྣང་གིས་ཁེངས་བཞིན་པའི་སྐབས་དེར།  བུ་མོ་དེའི་བདེ་དྲོད་ཀྱིས་ཁྱབ་པའི་འབུར་ལྷུག་ལྷུག་གི་མྱོས་བུམ་དེ་བདག་གི་གདོང་ངོས་ལ་དྲུད་ཅིང་།  རིམ་བཞིན་ཚིམ་སྣང་ལྟ་བུའི་ཚོར་བ་ཁྱད་མཚར་བོ་ཞིག་གིས་བདག་ལུས་ཀྱི་ཁུ་ཁྲག་ཚང་མ་གྱེན་ལ་རྒྱུ་བར་བྱས།  
   དྲན་ཚོར་འདིས་བདག་གིས་སླར་ཡང་གནམ་ལ་ཀེར་བའི་བུ་མོ་ཆུང་ཆུང་དེའི་མིག་མདངས་ཐེངས་གཅིག་མཐོང་ཞིང་།  ཁོ་མོས་བརླ་སྒོ་བརྐྱངས་ཏེ་དབྱིན་ཇིའི་དམག་མི་དག་ལ་ཚིམ་སྣང་གི་བདེ་བ་སྟེར་བའི་དུས་སྐབས་དེའི་རིང་གི་སྦྱོར་བ་མ་ལུས་རྟོགས་ཡོང་།  
   ཁོ་མོ་མུ་མཐུད་རྩྭ་ཐང་འདིའི་ཕ་རོལ་དུ་བརྒལ་བའི་རེ་ལྟོས་ཀྱིས་ངོམས་ཡོད་ནའང་བདག་གི་སྐེད་པར་བཅིངས་པའི་ལག་ཟུང་གཉིས་པོ་དུག་སྦྲུལ་འཁྱིལ་བ་ཇི་བཞིན་མི་ལྷོད་པས་ངས་ཆེད་དུ་ཁོ་མོ་ཕར་ལ་བདས་པ་ཡིན།  
  
   དབྱིན་ཇིའི་དམག་མི་དེ་གཉིས་ཀྱིས་ཁོ་མོའི་རྐང་པ་ནས་བཟུང་སྟེ་ཐུར་ལ་དྲུད་ཅིང་།  རྡོ་གཟེར་གྱི་སྣེ་རུ་ལུས་པའི་མོའི་ལུས་སྟེང་གི་ཤ་ཁྲག་གིས་ཁོ་མོར་བདེ་བ་ཅུང་ཙམ་བསྐྲུན་པ་ནི་ཁོ་མོས་དམག་མི་དེ་གཉིས་ཀྱིས་ཅི་བྱས་ཐམས་ཅད་ཧ་མ་གོ་ཞིང་།  བརྒྱལ་བ་ལས་སངས་དུས་ལུས་ཡོངས་རྨ་གཟེར་གྱིས་ཁེངས་པ་དང་།  གཟེར་སྣང་ཕལ་ཆེ་བ་ཁོག་ལ་བབས་པ་དང་མཚུངས།  
   དོན་དངོས་སུ་ཁོ་མོ་ནི་འཚོ་བའི་བདེན་སྣང་གང་ཡང་མ་ཤེས་པའི་བཙུན་མ་ཆུང་ཆུང་ཞིག་ཡིན།  ཐ་ན་གདུག་རྩུབ་ཀྱིས་དེད་པའི་ལོག་གཡེམ་གྱི་ལས་དེ་ཡང་ཐོག་མ་ནས་རང་ཉིད་གསད་འདོད་ཀྱི་སེམས་ངལ་ཙམ་ལས་འཇིག་རྟེན་གྱི་ལྷག་མར་སྣང་བའི་མེ་ཏོག་ཅིག་ཏུ་ཁོ་མོའི་བློ་ཡིས་ག་ལ་གཅོད་ནུས།  དེ་ནི་སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བརྒྱད་ཅུ་གྱ་བརྒྱད་ལོའི་སྔོན་གྱི་གནས་ཚུལ་ཞིག་རེད།  ད་ལྟ་བསམ་ན་འདིའི་སྐོར་ལ་བསམ་བློ་གཏོང་མཁན་ཚོ་ནི་ཆགས་སྲེད་ཀྱི་འདམ་ཉོག་ལ་བྱིང་བའི་ཆགས་ལྡན་གྱི་སྐྱེས་བུ་ཞིག་ལས་ལོ་རྒྱུས་ཀྱི་འགྲོས་དང་འཚམ་པའི་ཤེས་ལྡན་པ་ཞིག་ལ་སུ་ཡིས་བརྩི།
   ཆུང་མ་ཡིན་ཟེར་མཁན་གྱི་བུ་མོ་དེས་སྐད་དམའ་མོས་བདག་གི་རྣ་ལ“ཕྱི་གླིང་བའི་བུ་མོ་འབུམ་རམས་པ་ཞིག་གིས་མཚན་གཅིག་ལ་བརླགས་པའི་ལང་ཚོ་དེས་ཨ་སྒོར་ས་ཡ་གཅིག་རེག་ཐུབ་སོང་ན་ཡང་རྗེས་སུ་ཁོ་མོར་མངལ་འཁོར་བས་ཚེ་གང་རིང་ལ་བསགས་པའི་ཤེས་རབ་ཀྱི་གླེགས་བམ་དེ་དེ་ལྟར་མིག་གི་མཐོང་ཡུལ་དུ་མེ་ལ་བསྲེགས་སོང”ཞེས་ཧམ་པ་དང་བཅས་ཏེ་བརྗོད།
   
   བུ་མོ་དེའི་ཤ་རུས་ཀྱི་གཏིང་ལ་མདུང་གིས་བསྣུན་པ་ཇི་བཞིན་འགུལ་མི་ཐུབ་ན་ཡང་གོག་ནུར་གྱིས་ཉི་མ་ནུབ་པའི་རྗེས་དེད་ཅིང་།  ཁྲག་གིས་འཚོས་པའི་རང་ཉིད་ཀྱི་གཟན་ཤམ་ལ་ལན་གཅིག་རེག་རྗེས་སྙིམ་པ་ཐོད་པར་སྦྱོར་བཞིན“དཀོན་མཆོག་གསུམ་པོ།  བོད་འབངས་བྱིངས་ཀྱི་མནར་གཅོད་མཐའ་དག་བདག་གཅིག་པུའི་སྟེང་དུ་མངོན་གྱུར་ཅིག”ཅེས་གསོལ་བ་སྙིང་ཁ་ནས་བཏབ་རྗེས་བརྒྱལ་བ་ལྟ་བུའི་གཉིད་དུ་ཡུར།
   མུན་ནག་གི་ཟབ་ཚད་ཡུན་གྱིས་ཕྱེས་ཏེ་ཁང་བ་ཧྲིལ་བོར་དཀར་འོད་ཅུང་རྒྱས་པ་ན།  སྔར་གྱི་བུ་མོ་དེ་བྲེལ་འཚུབ་ཀྱིས་ཡར་ལངས་ཤིང་།  ཅུང་མ་རངས་པའི་ཚུལ་གྱིས“ཁྱོད་ཀྱི་ནམ་སྟོད་ཀྱི་རྨི་ལམ་དེས་བདག་གི་རྨི་ལམ་དུ་རྐང་པ་བརྒྱག་དོན་ཅི་ཡིན།  ངས་རང་ཉིད་ཀྱི་སྐྱེ་བ་འདི་ཏག་ཏག་བུ་མོ་ཞིག་གི་བདེ་སྡུག་སྐོར་ལ་སེམས་ཁུར་བྱེད་མཁན་གྱི་རྣམ་པ་ཁོ་ནས་མཇུག་རྫོགས་པར་བྱེད་མི་འདོད།  རྒྱུ་མཚན་ནི་ངའང་བུད་མེད་ཅིག་ཡིན་ཞིང་།  འོས་ཚོད་ཀྱིས་ཁྱོད་ཀྱི་ཆུང་མར་དབང་བའི་སེམས་ལྡན་ཞིག་ཡིན”ཞེས་བརྗོད།  
   བདག་གིས་དེའི་ལན་དུ“གལ་སྲིད་དབྱིན་ཇིའི་དམག་མི་དེ་གཉིས་ཀྱི་རྨི་ལམ་ཡང་ཁྱོད་ཀྱིས་རྟོགས་ཡོད་ན་ཅི་མ་རུང”ཞེས་བཤད་པ་ན།  
   ཁོ་མོའི་གདོང་ལ་རེ་ཐག་ཆད་པའི་སྐྱོ་མདངས་ཤིག་མངོན་བཞིན“བདག་གིས་ཁོ་མོ་མཐོང་དུས་ཁོ་མོར་དབུགས་ཅུང་ཡོད་དེ།  སྐེད་པར་བཅིངས་པའི་སྒྲོ་ཁུག་ལས་ཆུ་འཛར་བའི་རྣམ་པ་ཙམ་མཐོང་ཐུབ་པ་བྱུང་བས་མྱུར་དུ་མགྲིན་པ་ཡར་བཀྱགས་ཏེ་ཆུ་ཐིགས་རེ་རེ་བཞིན་ཁོག་ལ་མིད་ཅིང་།  ཉི་མ་ཤར་བའི་གྲིབ་རིས་ཀྱི་གཡོ་འགུལ་ལྟར་ཁོ་མོའང་དལ་གྱིས་ཡར་ལ་དགྱེ་ཐུབ་པ་བྱུང་ཞིང་གོམ་སྟབས་རེ་རེ་བཞིན་མདུན་ཕྱོགས་སུ་སྤོས་པས་དམིགས་ཡུལ་གཞན་ཞིག་གི་ཆ་ཤས་སུ་གཏོགས་པའི་རྨི་ལམ་གྱི་རྒྱབ་ལྗོངས་ཧྲིལ་བོ་ཁྱོད་དང་ཉེ་བ་ནས་ཉེ་བར་བཅར་ཐུབ་པ་བྱུང་འདུག”ཟེར།  
   ངས་སླར་ཡང་དོན་རྐྱེན་འདི་ལ་བསམ་བློ་གཏོང་མི་འདོད་པས་འབྲོང་ལགས་ཀྱི《ཆུང་མ་གཉིད་ཟིན།  ངས་སྙན་ངག་འབྲི་བཞིན་ཡོད》ཅེས་པའི་སྙན་རྩོམ་དེ་ཞིབ་ཏུ་ཐེངས་གཅིག་བཀླགས་པ་ཡིན།

གཉིས་པ།  གཤོག་པ་ཐོགས་པའི་རྨི་ལམ།
 
    ནམ་སྟོད་ཀྱི་ཆར་པ་དེས་ཕྱི་རོལ་གྱི་འཇིག་རྟེན་ཧྲིལ་པོ་བརླན་གྱིས་བཟུང་པ་དེ་བཞིན་མཚན་མོ་དེའི་རྒྱུ་རྐྱེན་དུ་ཐེ་བའི་བཙུན་མ་དེ་ཉིད་ཀྱི་མིག་ཟུང་ཁོ་ནས་ཀྱང་བདག་གི་ལུས་སེམས་ཀྱི་ཕྱི་ནང་གང་ལ་རེག་ཐབས་བྲལ་བའི་འཁྱག་བསིལ་བསིལ་གྱི་སྣང་བ་ཞིག་བྱིན་འདུག  
    སྤྱིར་ན་དཀའ་སྤྱད་ཀྱི་འཚོ་བའི་བརྒྱུད་རིམ་དེ་ཡང་རྣམ་པ་མི་འདྲ་བའི་དཀྱོགས་མཚམས་མང་པོ་ཞིག་གིས་ཚོད་འཛིན་བྱས་ཡོད་མོད།  འོན་ཀྱང་བླང་དོར་གྱི་དབྱེ་བ་འབྱེད་དཀའ་བའི་གདམ་ཀ་དེ་དག་གི་དྲི་གཞིའི་མདུན་དུ།  ང་ལ་ཁོང་ཚོ་ནི་མིའམ་ཅི་ཞིག་ཡིན་པའི་ཐེ་ཚོམ་སྐྱེས་ཡོང་ལ།  ཐ་ན་རང་ཅག་གི་སྐྱབས་གནས་སུ་མངོན་པའི་དཀོན་མཆོག་དེས་ཀྱང་ལས་དབང་ངན་པའི་རིགས་དེ་དག་ལ་ཇི་ལྟར་ནས་ཀྱང་ཁག་ཐེག་གི་བློ་ས་ཞིག་རྒྱག་ཐུབ་ཀྱིན་མེད་སྙམ་བྱུང་།
སྟོན་མཇུག་གི་མཚན་མོ་འདིའི་སྒོར་ཞིང་ཟླུམ་པའི་ཟླ་བ་དེས་ནད་ཁང་གི་ཕྱི་ནང་ལ་གཏོར་བའི་འོད་ཟེར་ནི་ཧ་ཅང་བག་ཕེབས་སུ་གནས་ནའང་སྟོན་རླུང་གིས་གཡབ་མོ་བྱས་པའི་དགུན་གྱི་གྲང་ངར་དེ་ད་སོ་མ་གཉིད་ལས་སད་པའི་བུ་ཆུང་ཞིག་གི་རང་བཞིན་ལྟར་དལ་གྱིས་གཡོ་འགུལ་དུ་བྲེལ་བས་ན་སྨན་པ་དག་གིས་ཀྱང་སྔ་ས་ནས་གྲ་སྒྲིག་བྱས་ཟིན་པའི་བལ་ཕྱར་དག་གྱོན་བཞིན་རང་རང་གི་ལས་ཀར་བྲེལ་གྱིན་འདུག  བཙུན་མ་དེའི་ཁ་པར་ལས་ཁོ་མོ་ལ་མངོན་སུམ་མ་ཡིན་པའི་འཆར་སྣང་ཞིག་གི་ཆོ་འཕྲུལ་གྱིས་བསླུ་བྲིད་བཏང་བྱུང་ཟེར་བས།  ངའི་སེམས་ལ་སླར་ཡང་གནམ་ལ་ཀེར་བའི་བུ་མོ་དེའི་མིག་ཟུང་གི་གསང་བ་དག་རེ་ཞིག་འཆར་བས་ན་འགོག་ཐབས་བྲལ་བའི་བསྙེག་སེམས་ཤིག་གིས་སྨན་ཁང་ནས་བྲོས་ཏེ་ཁོ་མོའི་སར་མྱུལ་བ་ཡིན།  
  
   ཁོ་མོ་གཉིད་སད་པ་ལྟ་བུའི་ཚོར་སྣང་ཞིག་གིས་མིག་ཟུང་ཕྱེ་བ་ན་དབྱིན་ཇིའི་དམག་མི་ཞིག་གིས་ཁོ་མོར་པར་ཞིག་བརྒྱབ་རྗེས་སྙིང་རྗེ་བའི་ཚུལ་གྱིས་ཁུག་མ་ལས་དངུལ་སྒོར་གཉིས་བཏོན་ཏེ་ཁོ་མོར་སྤྲད།  གཉིད་དུ་ཡུར་བའི་རྨི་ལམ་རིང་མོ་དེའི་ནང་དུ་ཁོ་མོས་གནད་དོན་གཞན་ཞིག་རྟོགས་པ་ནི་ལོ་བརྒྱའི་སྔོན་གྱི་བུ་མོ་ཞིག་གི་རྨི་ལམ་དེ་མངོན་སུམ་དུ་མཐོང་ཡོང་།  
   བཟོ་ལྟ་ཤོར་བའི་མཆོད་རྟེན་དེའི་ཉེ་གནས་སུ་གཅེར་བུར་གནས་པའི་རང་ཉིད་ཀྱི་ལུས་པོ་དེ་བྱ་རྒོད་ལ་གཡེངས་པ་ཇི་བཞིན་ཕར་སྐོར་ཚུར་སྐོར་བྱེད་ཅིང་།  མིག་རྡེབ་ཡུན་ཙམ་གྱི་རིང་ལ་འོད་ཟེར་ལན་འགར་མཆེད་པའི་པར་ལེན་འཕྲུལ་ཆས་ཚང་མ་མོ་རང་གི་ལུས་སྟེང་ལ་གཏད་འདུག  
   དབྱིན་ཇིའི་དམག་མི་གཞན་ཞིག་གིས་ཁོ་མོར་འཐོབ་པའི་དངུལ་སྒོར་དེ་གཉིས་ལས་གཅིག་བཙན་ཤེད་ཀྱིས་འཕྲོག་རྗེས་ཁོ་ཚོ་ཚང་མ་སྔར་ཡོང་སའི་ལམ་ལ་ཞུགས་ཏེ་ཐོན་སོང་།  
   གློ་བུར་དུ་ཞིག་རལ་དུ་གྱུར་བའི་མཆོད་རྟེན་དེའི་བུམ་སྙིང་ལས་གླང་ནག་པོ་ཞིག་བརྒྱུགས་ཡོང་སྟེ་ཁོ་མོའི་ལུས་པོ་ཡར་འགྱོགས་བཞིན་ལོ་རྒྱུས་ཀྱི་གཞུང་རྒྱ་ལྟ་བུའི་གྲོག་ཤུར་ཆེན་པོ་ཞིག་ལ་ཁུར་ཏེ་སོང་།  ཁོ་མོས་རང་ཉིད་ཀྱི་རྨི་ལམ་དེ་རྒྱུ་རྐྱེན་གཞན་ཞིག་གིས་འཁྱེར་སོང་བ་ཤེས་ནའང་གླང་ནག་པོ་དེའི་ཐོད་གཞུང་དུ་ཟུག་པའི་ལྕགས་མདའ་དེ་དང་།  རྒྱབ་ཏུ་འཁུར་བའི་རྡོ་རིང་དེ་གཉིས་ཀྱིས་ཁོ་རང་ནི་སྐྱེ་བ་ག་ཚོད་སྔོན་གྱི་ཇག་དཔོན་ཞིག་ཡིན་པ་ཐག་བཅད་ཕྱིར།  བསམ་བཞིན་གླང་དེར་དམིགས་ནས་བསྙེགས་སོང་།  
   རྒྱང་རིང་ནས་མེ་ལྕེ་དགུང་ལ་མཆེད་པའི་དགོན་པ་ཞིག་གི་རྒྱབ་གཟུགས་ཧྲིལ་པོ་ཁོ་མོར་གཏད་དེ་ཉེ་སར་བཅར་སྐབས་མེ་མཆེད་པའི་བཙུན་པ་དག་གི་བེམ་རོ་ནི་མཚན་གཅིག་རིང་འབར་བའི་མཆོད་མེ་དེའི་སྡོང་རྐང་དག་དང་འདྲ་བར་ནག་ཡོར་ཡོར་གྱིས་ཐལ་བའི་རླུང་ལ་འཐིམ་གྱིན་འདུག
   མོས་ཁེར་ལབ་ཀྱི་ཚུལ་དུ“འཇིག་རྟེན་ལས་འདས་པའི་ཚ་དམྱལ་གྱི་འཇིགས་པ་འདི་འདྲ་དགྲ་བཅོམ་པ་སུ་ཞིག་གིས་ཁས་བླངས་པའི་རང་ཉིད་ཀྱི་སྦྱོང་བ་ཡིན་ནམ།  དེ་དུས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའང་དགུང་གྲངས་གྱ་གཅིག་གི་ཚུལ་གྱིས་འཇིག་རྟེན་འདི་དང་ཁ་མ་བྲལ་བ་ཡིན་ན་མ་འོངས་པར་རང་ཅག་གི་མགོན་དུ་འཕྲོས་པའི་རྫོགས་པའི་སངས་རྒྱས་ཤིག་གི་མཛད་པ་འདི་ན་བསྐྱངས་པ་ཨེ་མ་རྨད”ཅེས་སྙིམ་པ་བྲང་ཁར་སྦྱོར་བཞིན་དད་པ་ཞིག་བྱས་པ་ན།  མེ་ལྕེ་ཡི་ཀློང་ནས་གསེར་རྐོང་འགའ་འཁུར་བའི་དབྱིན་ཇིའི་དམག་དཔོན་ཞིག་ཚུར་མཆོངས་ཡོང་སྟེ“ཧ་ཧ།  འདི་ཉིད་ནི་ལོ་རྒྱུས་ཀྱི་ཡིག་ཚང་གང་དུའང་མ་གསལ་བའི་བོད་མི་དག་གི་བསྟན་པ་སྔ་དར་དང་ཕྱི་དར་གཉིས་ཀྱི་མཚམས་དབྱེ་སྟངས་ཤིག་རེད།  ཁྱོད་ཚོས་གནམ་གྲུའི་ལྷུ་ལག་སྒྲུབ་བྱེད་ཀྱི་གསེར་སེར་དག་འདི་ལྟར་ཁྱིའི་འཐུང་སྣོད་དུའང་མི་ཕན་པའི་རྐོང་བུ་དག་ཏུ་བསྒྱུར་ན་ཇི་འདྲའི་ཕངས་པ་ལའང་།  འདིའི་ནང་དུ་སྦར་བའི་ཞུན་མར་གྱི་འགྲོ་སོང་ཚང་མ་ངེད་ཅག་དབྱིན་ཇི་བཙན་རྒྱལ་ཆེན་མོར་ཕུལ་བ་ཡིན་ན་ཁྱེད་ཅག་གི་སྐྱབས་གནས་ཞུ་ཡུལ་དེ་ཐད་ཀར་ངེད་ཅག་གི་རྒྱལ་མོ་བྱས་ཆོག་ཨང་།  རྒྱལ་མོ་ཁྲི་ལོ་བརྟན་པར་ཤོག”ཅེས་ཞྭ་མོ་ཕུད་དེ་གུས་འདུད་ཅིག་ཞུས་རྗེས་ཕྱིར་མེ་ལྕེ་དེའི་ཁྲོད་དུ་འཐིམ་སོང་།
   ངས་ནུས་ཤུགས་རྩལ་དུ་སྤྲུགས་ནས་དགོན་རྙིང་དེའི་སྒོ་རྩར་བཅར་འདོད་ནའང་སྣང་བ་འཁྱོལ་བའི་རྦ་རླབས་ཀྱི་རང་བཞིན་ཁོ་ནས་རྣམ་ཤེས་དང་ལུས་པོ་སོ་སོར་འཐོར་བའི་སེམས་ངལ་དེ་བསྐྲུན་ཕྱིར་མཆོང་སྐྱོད་ཀྱིས་བཙུན་མ་དེའི་ལས་དབང་དང་རིགས་འདྲ་བའི་རྨི་ལམ་གྱི་ཕྱོགས་སུ་ཆས་དགོས་བྱུང་།
   དགོན་རྙིང་དེའི་བྱུང་སྣང་གི་གདན་རབས་སྐོར་མཁས་པ་སུ་ཞིག་གིས་ཀྱང་མ་བྲིས་པས་མི་སུ་ཞིག་གིས་ཀྱང་དགོན་རྙིང་དེའི་ཉམས་ཞན་འུ་ཐུག་གི་གནས་བབ་ལ་དོ་སྣང་མ་བྱས་ཤིང་།  གཞན་འགྱུར་དུ་འཕྲོས་པའི་རང་བྱུང་གི་རྨེག་མེད་ཐམས་ཅད་ཀྱང་འཁོར་འགྲོས་ཀྱིས་སྟོངས་པའི་འཇིག་རྟེན་གྱི་འགྲོ་ལུགས་ལྟར་རང་སོར་བཞག་པས་ན།  འདིའི་ནང་དུ་འཚོ་བའི་སེམས་ཅན་གང་ཞིག་ཀྱང་གཤེགས་ཟིན་པའི་དབྱིན་ཇིའི་བཙུན་པ་དེའི་རྒྱུད་ཀྱི་བཙུན་མ་ཆུང་ཆུང་མོ་རང་ལས་སུ་ཡང་མེད་པར་ཧ་ཅང་ལྷིང་འཇགས་སུ་གནས་འདུག  
   སྐབས་འདིར་ངའི་རྣ་ལམ་དུ་གསལ་ལ་མི་གསལ་བའི་འགྱུར་ཁུགས་ཤིག་གི་དབྱངས་སྙན་དེ་འཕྲོས་ཡོང་བས།  ངས་ཀྱང《བོད་ལྗོངས།  རྒྱུན་བུའི་མདུད་པར་བརྒྱུས་པའི་རྣམ་ཤེས》1ནང་གི་མཐར་འཕེལ་གྱི་བརྟུལ་ཞུགས་བཟུང་སྟེ་རྣ་བ་ཟུང་གྲང་བསིལ་བརླན་གཤེར་གྱི་ས་གཞི་ལ་གཏད་དེ་ལན་ཅིག་ཉན་པ་ཡིན།  ངས་ལྰ་སྒྲོན་བཞིན་བཞུར་ཚར་ལ་ཉེ་བའི་རང་གི་སེམས་འདུན་དེ་རེ་ཞིག་ནང་ལ་བཀུག་རྗེས་ཁྲུང་ཁྲུང་ལྟ་བུའི་བུ་མོ་ཞིག་གི་ཨ་ལན་ལ་སྒུག་བསྡད་པར་དུས་བབ་ཀྱི་སོ་ཁ་ནས་བོར་བརླག་སོང་བའི་སྐད་སྒྲ་འདི་སླར་ཡང་ཐེངས་གཅིག་གྲགས་བྱུང་།
   “ངའི་བུ་ཕྲུག  འདི་ལྷ་ཡི་ལུང་བསྟན་མ་རེད།  འདི་ནི་མི་ཡིས་འཇིག་རྟེན་ལ་འགྲན་སློང་བའི་ཅོང་སྒྲ་དང་།  དུང་སྒྲ།  མཉམ་ལེན་གྱི་གླུ་སྒྲ་རེད”  
    འབོད་སྐད་དེས་རི་ཚོགས་ཀྱི་ལྷིང་འཇགས་ཡོངས་སུ་གཏོར་བས་མེ་ལྕེ་ཡི་ཀློང་དུ་འཚིག་བཞིན་པའི་བཙུན་པ་ཞིག་གི་རྣ་ཅོག་གཉིས་པོ་མེ་ཡིས་མ་འཚིག་པར་རང་སོར་ལུས་ཤིང་།  མེ་ལྕེས་རབ་ཏུ་བལྡགས་ཚར་བའི་དགོན་པ་དེའི་མཁའ་དབྱིངས་ནས་ཀྱང་ནུབ་པ་མེད་པའི་མ་ཡུམ་ཞིག་གི་གླུ་སྐད་དེ་རྒྱང་རིང་ནས་ཉེ་སར་གྲགས་ཡོང་།  
    གླུ་སྐད་དེ་མཚན་ཐུན་གསུམ་ཙམ་ལ་བདག་གི་རྨི་ལམ་དུ་འཁོར་མྱོང་ན་ཡང་ངས་རྒྱུ་མཚན་གཞན་ཞིག་གི་དངོས་དོན་དེ་ཧ་ཅང་རྟོགས་དཀའ་བས་ཐད་ཀར་ཁོ་མོའི་རྨི་ལམ་དུ་དྲངས་ཏེ།  ལྷ་སྐུའི་རྒྱུ་ནོར་དག་འཁུར་བཞིན་པའི་དབྱིན་ཇིའི་དམག་མི་དག་ལ་མགོ་བོ་ལན་གཅིག་དགྱེ་དགོས་པའི་ངལ་བ་དེ་བསྐྲུན་ནའང་།  འོན་ཏེ་རྒྱུ་ནོར་གྱིས་ཚིམས་པའི་དབྱིན་ཇིའི་དམག་མི་དག་སྔ་ས་ནས་རྒྱང་གྲགས་བཅུ་ཕྲག་འགའི་ཕ་རོལ་དུ་སོང་ཚར་བས་མཉམ་འཇོག་དེ་ཙམ་ཞིག་འཇོག་ཁོམ་མ་བྱུང་བར་རང་ཡུལ་གྱི་གཉེན་ཉེ་དག་དྲན་གྱིན་ཡུལ་ཕྱོགས་སུ་ལོག་སོང་།

གསུམ་པ།  དམྱལ་བའི་སྟེགས་བུ།
 
   “གཙང་ངོས་ཀྱི་རྦ་རླབས་རེ་ཞིག་དགྱེ་བའི་རླབས་གཤེར་གྱི་ཟེགས་མའི་འོག་ཏུ་མི་གཉིས་ཀྱི་གཟུགས་རིས་མངོན་བྱུང་།  ངོ་གདོང་ཁྲག་གིས་དམར་པོར་བསྒྱུར་བའི་མི་ཞིག་དལ་གྱིས་ཡར་ལངས་པ་ན་ས་གཞི་ཐམས་ཅད་མེ་སྒྱོགས་ཀྱིས་གས་གཏོར་བཏང་བའི་ཀོང་ས་དག་གིས་ཁྱབ་ཡོད་ཅིང་། ཀོང་སའི་རྒྱུད་དུ་མི་ཁྲག་གིས་བྲུག་པའི་བརླན་གཤེར་གྱི་མཚེའུ་དག་གྲུབ་འདུག  སྐབས་འདིའི་མི་སྣ་རྒན་པ་དེ་ནི་ཤ་ཁྲག་གི་བཙན་རྫོང་བརྩིགས་ཏེ་རང་ཉིད་ཀྱི་ཕ་གཞིས་སྲུང་བའི་མི་རིགས་ཀྱི་དཔའ་བོ་ཞིག་ཡིན་ཞིང་།  མི་གཞན་ཅིག་ཤོས་དེ་ནི་སྐབས་དོན་གྱི་སྣང་ཚུལ་ཁོ་ནས་རང་ཉིད་ཀྱི་ཁེ་ཕན་ནམ་དངུལ་ལོར་གཉེར་བའི་དབྱིན་ཇིའི་གསར་འགོད་པ་ཞིག་ཡིན།  མི་དེ་གཉིས་ལ་ཕན་ཚུན་ཐུན་མོང་དུ་མངའ་བའི་གཤིས་ལུགས་གང་ཡང་མེད་ནའང་ཁོ་གཉིས་ལ་གཅིག་སྤྱོད་དུ་བསྟར་བའི་རང་ལུགས་ཉག་ཅིག་ཡོད་པ་ནི་ཆ་རྐྱེན་ཅི་ཡང་མེད་པར་མིག་ཆུ་བཞུར་གྱིན་པ་དེ་རེད”
    ཚིག་དུམ་འདི་ནི་དབྱིན་ཇིའི་གསར་འགོད་པ་ཞིག་གིས་བྲིས་པའི་སྒྲུང་རིང《ཤ་ཁྲག་གི་བཙན་རྫོང་》ཞེས་པའི་ནང་འཁོད་ཡོད་ཅིང་།  སྒྲུང་གཏམ་གྱི་སྤུས་ཀའི་ཐད་ལ་བགྲོ་གླེང་བྱེད་མི་དགོས་པར་མེ་ལ་བསྲེགས་པའི་སྒྲུང་རིང་ཞིག་ཡིན་ལ།  ཆེས་མཐའ་མར་མེ་ཡིས་མ་འཚིག་པའི་ཤོག་ངོས་ཤིག་གི་བརྗོད་བྱའང་ཡིན།  སྒྲུང་གཏམ་འདིའི་ནང་དབྱིན་ཇིའི་དམག་ཁྱིམ་ཞིག་གི་མི་རབས་གསུམ་གྱི་དར་རྒུད་བྲིས་ཡོད་ཅིང་།  ཁོ་ཚོ་རེ་རེ་བཞིན་བོད་ཡུལ་དུ་གོམ་ཁ་བསྒྱུར་བའི་རང་རང་གི་དམིགས་ཡུལ་བསྟན་པ་ནས་གཏུམ་དྲག་དང་།  གཉའ་གནོན།  དམར་གསོད་བཅས་ཀྱི་བྱུང་རིམ་བཀོད་ཡོད་པ་དང་།  མཐའ་མ་མི་རབས་གསུམ་པར་མཆེད་པའི་གསར་འགོད་པ་ཞིག་གི་མི་ཚེ་བྱུང་བ་ནས་ཁྱིམ་རྒྱུད་རྩ་བ་ནས་ཆད་པའི་གཏམ་རྒྱུད་ཀྱིས་རྒྱུན་བསྲིངས་ཡོད་ནའང་ཁོ་བ་རང་ཉིད་གྲྭ་པ་བྱས་ཏེ་བོད་ཡུལ་དུ་ལུས་པའི་བརྒྱུད་རིམ་དག་བྲིས་མེད་པར་འགན་འཁུར་ཅི་ཡང་མེད་པའི་སྒོ་ནས་རང་ཉིད་ཀྱི་ལུས་པོ་དེ་གཡུལ་འཐབ་གང་ཞིག་གི་ཁྲོད་དུ་བོད་ཀྱི་དཔའ་རྒོད་ཅིག་གིས་དུམ་བུ་གཉིས་སུ་བཅད་པའི་བྱས་རྗེས་དག་བཀོད་འདུག
    དབྱིན་ཇིའི་གྲྭ་པ་འདི་ཉིད་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་ལ་དགོན་རྙིང་འདིའི་ནང་དུ་འཚོ་བ་རོལ་མྱོང་ནའང་ཁོས་ཡོ་གཟུར་མེད་པར་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་སོགས་ལ་རང་ཚོད་ཀྱི་དགའ་སྟོན་རེ་བྱེད་པས་མི་རྣམས་ཀྱིས་ཁོའི་མིང་ལ”གྲྭ་པ་ཡ་མཚར་ཅན”ཞེས་འབོད་པ་དང་།  རིན་གོང་དམའ་བའི་སྔོ་ཚལ་རེ་དང་བག་ལེབ་ཁ་ཤས་རེ་བྱིན་ཏེ་འཚོ་བ་བསྐྱལ་དུ་བཅུག་ནའང་ཁོས་རང་ཉིད་ཀྱི་བྱ་བ་སྔར་བཞིན་ནན་ནན་ཏིག་ཏིག་གིས་བསྒྲུབ་ཕྱིར་དགོན་རྙིང་གི་ཐུན་མཚམས་གསུམ་དུ་ཕྱེ་བའི་ཅོང་སྒྲ་ལ་གཡོ་གཟུར་གཏན་ནས་བྱུང་མྱོང་མེད།
    ཅོང་སྒྲ་བསྟུད་མར་ལན་གསུམ་གྲགས་པས་ད་ནི་ཉིན་གུང་གི་ཚད་དུ་བསླེབས་ཡོད།  འོན་ཀྱང་སྨན་པས་བདག་གི་སེམས་ཁམས་ཀྱི་འགུལ་སྐྱོད་བྱེད་ཚད་རྒྱུན་ལྡན་མིན་པར་འཚུབ་ཆ་ཆེ་དྲགས་འདུག་ཅེས་གསུངས་བྱུང་བས་ངས་ནུས་ཤུགས་རྩལ་དུ་དཀྲུགས་ཏེ་སྒེའུ་ཁུང་ནས་ཐེངས་གཅིག་བལྟ་བར་གེགས་བྱས་བྱུང་།  
    ངས་མིག་ཟུང་གནམ་ལ་ཀེར་བའི་བུ་མོ་དེའི་འདྲ་པར་དེ་ལ་ལན་གཅིག་བལྟས་རྗེས།  སྐྲག་སྣང་དང་བཅས་ཁོ་མོའི་གཏམ་རྒྱུད་དུ་སྣང་བའི་མི་སྣ་གཞན་ཞིག་གི་བྱུང་བ་དེ་རང་ཉིད་དང་འདྲེས་པའི་ཉེ་མི་ཞིག་ཡིན་ན་ཅི་མ་རུང་སྙམ་བཞིན་དབྱིན་ཇིའི་གྲྭ་བ་དེའི་བྱ་བྱེད་སྐོར་ལ་ལྟ་རྟོག་བྱས་པའི་བློ་ཚུལ་དེ་དྲན་ཡོང་།  
    སྐབས་དེ་ཉིད་དུ་ངས་དབྱིན་ཇིའི་གྲྭ་བ་དེ་དགོན་རྙིང་དེ་རུ་བཞུགས་པའི་གནས་ཚུལ་དག་ཐོས་རྗེས།  ཐེངས་དུ་མར་ཁོང་གི་ཞལ་མཇལ་བར་སོང་ནའང་ཁོས་ང་ལ་འཐོབ་འོས་པའི་གོ་རྒྱུ་ཅན་གྱི་ཚིག་གང་ཞིག་ཀྱང་མ་གསུངས་པར་རྒྱུན་ལྡན་དུ་དབྱིན་ཡིག་སློབ་དགོས་པའི་དགེ་མཚན་དག་བརྗོད་བྱུང་བས་ང་རང་སེམས་མི་སྐྱིད་པར་ཁོང་ཁྲོ་ཁོ་ནའི་ངང་ཁོ་རང་ནམ་ཞིག་གི་ཚེ་ན་དགོན་པའི་འདབས་རོལ་དུ་ཡོད་པའི་ཁྲོན་པ་དེའི་གཏིང་དུ་ལྷུང་སྟེ་སྦལ་བ་ཞིག་ཏུ་སྐྱེ་བ་བླང་ན་ཅི་མ་རུང་སྙམ།  
    དེ་ལ་ཡང་འཇིག་རྟེན་གྱི་བྱ་བ་མཐའ་དག་ཕན་གོ་རྒྱུར་མེད་འགྲོ་བའི་ལས་སུ་གཤེགས་པ་བཞིན་ཉིན་འགའི་སྔོན་ལ་ལོ་བརྒྱད་ཅུ་གྱ་གཅིག་ལ་བསླེབས་པའི་གྲྭ་བ་ཁོ་ཁྲོན་པ་དེའི་ནང་ལྕེབས་ནས་ཤི་སོང་།  དོན་རྐྱེན་འདི་བདག་ལ་མཚོན་ན་འགན་ཅི་ཡང་མེད་པ་ཞིག་ཡིན་མོད།  རྗེས་སུ་གྲྭ་བ་དེའི་བེམ་པོ་བདག་གཉེར་བྱེད་འདོད་མཁན་གྱི་ཞིང་བ་དེ་དག་གིས་བརྗོད་པ་ལྟར་ན་ཁྲོན་པའི་གཏིང་རིང་དུ་ལྷུང་བའི་ཁོའི་ལུས་པོ་དེ་སྦལ་བ་ཆུང་ཆུང་ཞིག་ཏུ་གྱུར་ཡོད་ཅིང་།  གནམ་ལ་ཀེར་བའི་བུ་མོ་འདིའི་མིག་མདངས་ཀྱི་འདྲ་རིས་དེ་ཡང་སྦལ་བ་དེའི་རྐང་ལག་གིས་མནན་འདུག་ཟེར།  
    ངོ་མ་བདག་གིས་ཀྱང་ཧ་མི་གོ་བའི་ཉེས་ཚབས་འདི་འདྲའི་འོག་ཏུ་ངས་མིག་བཙུམ་པ་ཙམ་གྱིས་དམྱལ་ཁམས་བཅོ་བརྒྱད་ཀྱི་ཡང་མཐའ་རུ་ང་ལ་གཏོགས་པའི་འདུག་སྟེགས་ཤིག་བསྐྱུར་ཡོད་སྙམ་པའི་སྣང་བ་ཞིག་དབང་མེད་དུ་སྐྱེས་ཡོང་།

བཞི་བ།  སྐྱོ་སེམས་ཀྱི་མཆོད་ཆང་དང་པོ།
 
    ཁོ་མོའི་མིང་ལ་འཛོམས་སྐྱིད་ལྷ་མོ་ཟེར།  ཡ་ཐོག་དྭགས་པོ་ལྷ་རྗེ་ཚང་གི་སྐུ་ཕྲེང་བརྒྱད་པར་ཁས་འཆེ་བའི་སོག་རྩིའི་སྐུ་ལོ་ཚང་གིས་ལོ་བཅུའི་ཟང་ཟིང་གི་སྐབས་སུ་བཙོན་ཁང་ནས་ལུང་བསྟན་གནང་བ་ཇི་བཞིན་ཁོ་མོ་དངོས་སུ་དབྱིན་ཇིའི་གྲྭ་བ་ཞིག་དང་བོད་ཀྱི་བཙུན་མ་རྒན་གྲས་ཤིག་གི་རིགས་རྒྱུད་དུ་འཁྲུངས་ནའང་།  དུས་རབས་ཉི་ཤུ་བའི་བར་སྐལ་དུ་སིམ་པའི་བུ་མོ་འདི་ཉིད་དགེ་འདུན་ཆོས་འཕེལ་ཟེར་བའི་རྒྱལ་ཁམས་པ་ཞིག་གི་སྙན་ཚིག་རྐང་གཅིག་སྟེ།  “སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་མཛོད”ཅེས་པའི་གླེང་བགྲོས་ཤིག་གིས་ཡོངས་སུ་བཅིངས་ཡོད་ཕྱིར་ཁོ་མོའང་སྐྲ་ལོ་བཅད་པའི་བཙུན་མ་ཞིག་ཏུ་མ་གྱུར་ཐབས་མེད་བྱུང་།
    སྐབས་གང་ཞིག་ལ་བདག་གིས་ཧྥ་རན་སིའི་རྩོམ་པ་པོ་ཝེ་ཀེ་ཐོ་ཡུ་གོ2ཟེར་བ་ཞིག་གིས་བརྩམས་གནང་བའི་སྒྲུང་རིང《ཕ་རི་སིའི་འཕགས་མའི་མཆོད་ཁང》ཞེས་པ་ཞིག་ལས་ཀྱང་ཁོ་མོ་ལྟ་བུའི་ཅོང་རྡུང་མཁན་ཞིག་གི་འཚོ་བ་བཀླགས་མྱོང་།  འོན་ཀྱང་དེ་ནི་ཆོས་དཔོན་སི་ལོ་ཏིས་ཀྱིས་བྲན་འཁོལ་དུ་བླངས་པའི་ཁ་ཞིས་མོ་ཏོ་ཁོང་གི་ཉམ་ང་བའི་བརྩེ་སེམས་ཙམ་ལས་ངན་པ་གཏུ་ཐུག་གི་སྣང་བརྙན་ཧྲིལ་བོ་བུ་མོ་འདིའི་མཛེས་ཚོར་གྱི་ཆ་དང་འདྲེས་མི་ཐུབ།  
    གལ་སྲིད་སྒྲུང་གཏམ་གྱི་མི་སྣ་གཙོ་བོ་ཨེར་སེ་མེར་ཧྭ་རྡི་དེ་ཉིད་ཅོང་རྡུང་མཁན་ཞིག་ཡིན་ན་ཁོ་མོའི་དོན་དུ་ངས་ཀྱང་ངན་པ་གཏུ་ཐུག་གི་བྱས་ཉེས་དེ་ཁས་ལེན་བཞིན་བུ་མོ་འདིའི་དུར་ཁང་གང་ཞིག་ཏུ་འགྲམ་པ་ས་ལ་སྦྱོར་བཞིན་རང་ཉིད་རུས་ཀོག་ཞིག་ཏུ་འགྱུར་རག་བར་བསྒུག་ཆོག་མོད།  ཁོ་མོ་ནི་ཁ་ཞེ་གཉིས་མེད་ཀྱིས་ལན་གཅིག་ཐོབ་པའི་སྐྱེས་པ་དག་ལ་སྨྲ་བ་མི་འབོར་མཁན་ཞིག་ཡིན་པས་ངས་དེ་ལྟ་བུའི་ཁྱབ་རྒྱ་ཅན་གྱི་བརྗོད་དོན་ཞིག་བསྐྲུན་མ་ནུས་ཤིང་།  ཁོ་མོའི་སྣང་བརྙན་ཇི་ལྟ་བུ་ཞིག་གི་ཚུལ་གྱིས་ཅོང་རྡུང་བའི་རྣམ་པ་དེ་ཡང་བློ་ལ་འཆར་མ་ནུས།  
    འདྲ་པར་ངོས་ཀྱི་སྣང་བརྙན་དེ་རྣམ་ཤེས་ཀྱི་ཕྱི་ཐག་སྦྲེལ་བའི་ང་རང་གི་འཚོ་བའི་ཕྱེད་ཀ་རུ་གྱུར་པས།  ད་ལྟ་ང་ལ་མཚོན་ན་ཐུན་མཚམས་གསུམ་དུ་ཕྱེས་པའི་ཅོང་སྒྲ་དེ་ནི་བཙུན་མ་དེས་རང་ཉིད་ལ་བཏོན་གནང་བའི་གསང་བའི་བརྡ་རྟགས་ཤིག་གམ་ཡང་ན་མི་ཐུབ་པའི་འཁོན་སེམས་ཀྱི་ཞེ་འགྲས་ལྟ་བུར་སྣང་མོད།  འོན་ཏེ་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་རེ་གསལ་རེ་མོག་གི་ཉི་ཚེ་བའི་འཚོ་བ་དག་མཐོང་དུས།  རང་ཉིད་ཀྱང་ཅོང་སྒྲ་དེའི་དབྱངས་ཀྱི་ཁུགས་ཤིག་གི་ཁྱམས་འོག་ཏུ་འཆི་བ་ལ་འཇུག་སྤྲོ་བའི་སྣང་ཚུལ་དེ་མངོན་སུམ་དུ་འཆར་ཡོང་།  རྒྱུན་འབྱམས་སུ་འཐིམ་པའི་ཅོང་སྒྲ་དེའི་དབྱངས་ཀྱི་འགྱུར་ཁུགས་རེ་རེ་ད་ལྟའང་ད་དུང་དྲ་སྒོ་བརྒྱུད་བདག་གི་རྣ་ལམ་དུ་བཞུར་ཡོང་བས་ན་ངས་གཞི་ནས་དགོན་རྙིང་དེའི་སྲོག་རྩར་ཐེ་བའི་མི་ཞིག་གི་ཚེ་སྲོག་ད་དུང་ཡང་མཇུག་རྫོགས་མེད་པ་ཤེས་ཐུབ།  ཡིན་ནའང་ཕན་སེམས་ཀྱིས་འཁུར་བའི་རང་ཉིད་ཀྱི་འདོད་བློ་འདི་སུ་ཞིག་ལ་བཤད་རྗེས་ད་གཟོད་རང་ཉིད་ཡིད་ཚིམ་ཐུབ་བམ།  
   སྨན་པས་བཤད་པ་ལྟར་ན་བདག་གི་ཀླད་རུས་སུ་སིམ་པའི་ཡིད་འཛིན་གྱི་ནུས་པ་དེ་ཉིན་རེ་བཞིན་ཉམས་དམས་སུ་འགྲོ་བས་ངས་འབད་འཐབ་ཀྱིས་ཁོ་མོ་དང་ཁ་བྲལ་བའི་སྐབས་ཀྱི་བློ་ཚུལ་དག་བསྒོམས་པ་ཡིན།
   འདི་ནི་དངོས་པོ་དང་དངོས་པོ་འཕྲད་པའི་འདུས་གྲུབ་ཀྱི་རྒྱུ་རྫས་ཤིག་ལས་སེམས་པ་དང་སེམས་པ་བརླན་པའི་སྨྲེང་སེམས་ཀྱི་སྐྱོ་གླུ་ཞིག་ཏུ་ག་ལ་བརྩི་རུང་།  ཁོ་མོ་ནི་སྐྱེས་སྟོབས་ཀྱི་ཤེས་རབ་མངའ་བའི་གཞོན་ནུ་མ་ཞིག་མིན་ནའང་འགལ་རྐྱེན་གྱི་ཆུ་ཆེན་ཤོར་བའི་རླབས་རྩེར་འཕྱོ་བའི་མེ་ཏོག་གི་རྣམ་ཤེས་ཤིག་ཏུ་སྣང་བས།  ཁོ་མོ་འགྲོ་ཁར་ཡང་ང་ལ་དབྱིན་སྐད་ཀྱིས“བདེ་མོ་བྱོས”ཟེར།  
   སྐད་སྒྲ་འདིས་བདག་གི་ལོ་ངོ་བཅུའི་རིང་བག་ལ་ཉལ་བའི་བརྩེ་སེམས་ཀྱི་གོ་རིམ་མཐའ་དག་ཐལ་བའི་རྡུལ་དུ་བརླགས་པས་ངས་སླར་ཡང་རྒྱ་སྐད་ཀྱིས“སླར་འཇལ་ཡོང”ཟེར་འདོད་མེད་པར་བོད་སྐད་ཁོ་ནས་“བདེ་མོ་བྱོས”ཞེས་བརྗོད་པ་ཡིན།  གང་ལྟར་ཁོ་མོའམ་བཙུན་མ་དེའི་རང་ག་བའི་གདན་འདྲེན་དེའི་ཕན་སེམས་ཁོ་ནར་དམིགས་ཏེ་ང་དབྱིན་ཇིར་ཐེངས་གཅིག་བསྐྱོད་པའི་སེམས་ཤུགས་ད་ལྟ་བསམས་ན་རྩ་བ་ནས་ཉམས་དམས་སུ་སོང་ཚར་འདུག  
   སྐབས་འདིར་ངས“བདེ་མོ་བྱོས།  ཡང་ན་ཁྱོད་ཀྱི་ཉེས་པའི་ཚབ་ཏུའང······”ཞེས་ཁ་རོག་གེར་ཁོ་མོར་རྒྱང་ལྟ་ཐེངས་ཤིག་བྱས་པ་ཡིན།

ལྔ་བ།  མེ་ལོང་ནང་གི་གཏམ་རྒྱུད།
 
   གཏམ་རྒྱུད་འདི་ནི་ཁོ་མོས་འཇིག་རྟེན་གྱི་སེམས་ལྡན་གང་མང་ཞིག་ལ་བཤད་ཡོད་པ་གཞིར་བྱས་ད་ལྟ་ཡུལ་འདིའི་རྩི་ཤིང་གི་རིགས་ལ་ཐེ་བའི་མེ་ཏོག་རྣམས་ཀྱིས་ཀྱང་ཐེངས་དུ་མར་ཐོས་ཡོད་ངེས།  སྤྱིར་ན་དཀོན་མཆོག་གིས་སྤྱན་གཟིགས་བཀོད་པའི་མི་སྣ་ཁ་ཤས་ཤིག་གི་རྣམ་ཤེས་ཧྲིལ་པོ་དེ་རང་རང་གི་ལྷ་ཡུལ་རེར་ཆས་པའི་དད་སེམས་ཀྱི་བརྗོད་ཚུལ་རེ་ཡོད་ནའང་འདུས་སྡོད་བྱས་དྲགས་པའི་མི་ཡུལ་གྱི་འཚོ་བ་དག་གི་དད་མོས་ལྟར་ན།  ལྷ་ཡུལ་དེ་ཡང་རིགས་མི་འདྲ་བའི་རྣམ་པ་དུ་མར་ཕྱེ་ཚོད་ཀྱིས་དབྱིན་ཇི་བ་དག་ཕྱི་རོལ་བའི་ལྷ་ཡུལ་དང་།  བོད་པ་རྣམས་ནང་པའི་ལྷ་ཡུལ་ལ་འཇུག་པར་སྤྲོ་འདུག
   ཁོ་མོ་དང་གྱེས་ཁར་གནམ་གྲུའི་འབབ་ཐང་དུ་བདག་གིས་ཁོ་མོར་ཅིའི་ཕྱིར་དབྱིན་ཇིར་འགྲོ་དགོས་པའི་རྒྱུ་མཚན་དྲིས་པར།  
   མོས“རང་ཉིད་ཀྱི་ཕ་རྒན་ཏེ།  དབྱིན་ཇིའི་བཙུན་པ་ཁོང་ལ་བོད་ཡུལ་དུ་རང་ཉིད་ལ་དབང་བའི་ལྷ་ཡུལ་ཞིག་མེད”ཟེར།
   ངས“འོ་ན།  ཁོ་ད་ལྟ་ཕྱི་རོལ་བའི་ལྷའི་ཕོ་ཉ་དག་གིས་བརྗེད་མེད་དམ”ཞེས་དྲིས་པར།
   མོའི་གམ་གྱི་ཕྱི་གླིང་པ་ཞིག་གིས་《འོད་ཟེར་ལྷའི་དགོངས་པ》ཞེས་པའི་དཔེ་དེབ་ཅིག་ལས་རྫི་བོ་ཞིག་གིས་ལུག་གཅིག་བོར་བའི་སྡུག་བསྔལ་གྱི་རྒྱུན་བསྐྱངས་ཏེ་མཐའ་མར་སླར་ཐོབ་པའི་དགའ་བ་ལ་དཔེ་སྦྱོར་བཞིན“ངེད་ཅག་གི་སྟོན་པ་ཡེ་ཤུ་ནི་འདས་ལོག་བྱས་པའི་མི་ལས་རྒྱལ་བ་ཡིན་ཕྱིན་ཁྱེད་ཅག་གི་སེམས་དཔའ་བ་དེ་ཚོ་དང་བསྡུར་ཐབས་མེད”ཟེར།
   རེད་ཡ།  དགུང་ལོ་བརྒྱ་ཐམ་པའི་ངང་ཚུལ་གྱིས་གཤེགས་པའི་བཙུན་མ་རྒན་གྲས་མོ་ལ་མཚོན་ན་མོས་ངོ་མཚར་གྱི་འབྲས་བུར་རིག་པའི་རང་དབང་གི་འཐོབ་བྱ་སྟེ་ལོ་ན་དགུ་བཅུ་ཟིན་དུས་སུ་བཙུན་མ་ཆུང་ཆུང་མོ་བཙས་པ་ནི་རང་ཉིད་ཀྱི་ལྷ་ཡུལ་ལ་རློམ་པའི་ལས་མཁན་དེ་ཚོས་ཆེད་དུ་བཟོས་པའི་ནག་ཉེས་ཀྱི་རྣམ་སྨིན་ཡིན་ནམ།  

   ངས་སྐེ་ཚིགས་བརྐྱངས་ཏེ་དྲ་སྒོའི་ཕྱི་རོལ་གྱི་དབྱིན་ཇིའི་ཕྱོགས་ལ་མིག་རྒྱང་བཙུགས་དུས་སུ། སྟོན་རླུང་གི་བསེར་བུ་འཇམ་པོ་ཞིག་གིས་སྔར་གྱི་མིག་ཟུང་གནམ་ལ་ཀེར་བའི་བཙུན་མ་རྒན་གྲས་དེའི་ཆུང་དུས་ཀྱི་ཡིད་སྐྱོ་བའི་འདྲ་པར་དེ་རླུང་རྟ་བསྐྱེད་པའི་ཚུལ་གྱིས་རྒྱང་རིང་གི་སྨུག་པའི་ཀློང་རིམ་དུ་འཐིམ་སོང་ངོ་།།

མཆན།
1.《བོད་ལྗོངས།   རྒྱུན་བུའི་མདུད་པར་བརྒྱུས་པའི་རྣམ་ཤེས》   བཀྲ་ཤིས་ཟླ་བས་བརྩམས།
2. ཝེ་ཀེ་ཐོ་ཡུ་གོ (Victor Hugo)ཧྥ་རན་སེའི་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན།  བརྩམས་ཆོས་གཙོ་བོར《ཡ་མངའ་བའི་འཇིག་རྟེན》སོགས་ཡོད། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མདང་དགོང་གི་སྤྱི་ལོ1888ལོའི་རྨི་ལམ། (གསར་སྒྲུང)

2021-01-06 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།