པོ་ཏ་ལ།
ལོ་ན་ཆུང་དུས
པོ་ཏ་ལ་ནི་རྨུ་ཐག་ཅིག
ང་ཞོལ་ན
ལྷ་སྒྲུང་སྟེང་ན
ནར་སོན་དུས
པོ་ཏ་ལ་ནི་བརྙན་འཕྲིན་ཞིག
ང་ཕྱི་རོལ་ན
སྲོང་བཙན་སྒམ་པོ་ནང་རོལ་ན
དུས་ད་ལྟ
པོ་ཏ་ལ་ནི་ཤོག་དངུལ་ཞིག
ང་རྒྱབ་ཕྱོགས་ན
གྲིབ་རིས་མདུན་ངོས་ན
དེའི་རྗེས་སུ
པོ་ཏ་ལ་ནི་ཡིག་ནོར་ཞིག
ང་མཐའ་ན
འཆར་གཞི་དབུས་ན
དོན་ངོ་མ
པོ་ཏ་ལ་ནི་སྟར་གོག་ཅིག
ང་སྒོ་ན
མི་ཆེན་ཚོ་ནང་ན
ཟླ༦ཚེས༩
རྩོམ་ཁུངས། ངེད་དྲ་བ།