ཕཱ་ཟིའི་སྙན་ངག་འགའི་འགྱུར། Octavio Paz (ཕྱི་ཚན།)

1498886727647714.jpg

རྒྱ་གར།

སྦྲེལ་མཐུད་འདི་དག་ཡང་བསྐྱར་བཀྲལ་རྗེས

ཀྱ་མ་ཀྱོག་གི་སྐུད་ལམ་དང་གསལ་བྱེད་དག

ཤོག་ངོས་ལས་ལག་མཐིལ་དུ་ཡོད་པ་ལྟར་སྣང

འདི་ནི་རྒྱ་གར་ཡིན་ནམ

སེང་ལྤགས་མདོག་གི་ལྕགས་ཀྱི་རྐང་མཐིལ་དང་ལག་མཐིལ

བཙོ་སྦྱངས་བྱ་མཁན་ནི་ཉི་མ་རེད་ལ   འཁྱག་རླུང་འདེད་མཁན་ནི་ཟླ་བ་རེད

སྡེར་མོ་ཤེལ་གོང་ངོས་སུ་སྲ་ཚུགས་ཀྱིས་སྤོས་འདུག

འོན་ཀྱང   ཚོས་མདངས་ཁྲ་ཁྲའི་ཤེལ་ངོས་ལས

སྒྲོན་མེ་ཁྲི་ཕྲག་གིས་འོད་མདངས་སྤྲོ་བཞིན་འབར

མཚན་མོ་རེ་རེར    དད་ལྡན་གྱི་མི་རྣམས

གཙང་བོ་དང་མཚེའུ་ལས་མཚོ་འགྲུལ་བྱས

ཁོ་ཚོ་ནི་ལུང་བསྟན་ཞིག    ལས་སྨིན་ཞིག

རྙེད་སོང་བའི་དྲན་པ་ཞིག

ཡང་ན

གས་འཐོར་དུ་སོང་བའི་ལས་དབང་གི་རྟགས་ཐམ་མམ

དེ་དག་ནི་སྣང་བས་མ་ཟིན་པའི་དབང་ཤེད་སྟེ

འཛམ་གླིང་གི་རྒྱལ་པོ་འདི

དུས་ཚོད་ཀྱི་ལྗོན་རྩ་ནས་བོར་སྟོར་དུ་སོང

 1498886808649263.jpg 

སང་ཨང་། 

བརྡ་རྟགས་ཀྱིས་ཁེངས་པའི་གྱང་ལྡེབས་ནི

སྐར་ཚོགས་རྣམ་པར་བཀྲ་བའི་མཚན་མོའི་དབྱིངས་བཞིན

སྟེང་དུ   སྤྲིན་པ་མེད་ལ་གནམ་གཟུགས་ཀྱང་མེད

ཤིང་གིས་རྒྱུ་བྱས་པའི

བྲག་ཅ་འབྱིན་ངེས་པའི་ལྕམ་དང་དོང་སྟོང

བྲག་རྡོར་བཏབ་པའི་དུས་ཚོད་ཀྱི་རྒྱན་རིས་སུ་སྤྲུལ

རྟགས་ཐམ་རེ་རེ་ནི་གསང་ཨང་རེ་རེ་རེད་ལ

གསང་ཨང་རེ་རེ་ནི་སྒེང་ཁུང་རེ་རེ་རེད

སྒེའུ་ཁུང་རེ་རེ་ཡང་མིག་ཟུང་རེ་རེ་སྟེ

ལོ་ཟླའི་གྱང་གོག་བརྟོལ་ནས་རང་ཉིད་ཀྱི་ངོ་གདོང་བསལ

དེ་ནི་ཁ་སང་དང་སང་ཉིན་ཅི་ལ་མིན་སྟེ

ད་ལྟ་ལ་ཐུག་གི་ངོ་གདོང་འདིའོ

སྒེའུ་ཁུང་ནི་རྟགས་ཐམ་དང

རྟགས་ཐམ་ནི་ཚེ་སྲོག་ལ་གཏན་པའི་མཚོན་རྟགས་ཡིན་ན

གཉིས་ཀ་འཕྲད་པ་ལས་ཁྱོ་ཤུག་ཟུང་དུ་གྲུབ

ཁོ་རང་གཉིས་གསོན་པའི་རྟགས་ཐམ་ནི

རྟག་ཏུ་གསར་བརྗེ་བྱ་བཞིན་པའི་སྐྱ་ཐེར་ཐེར་གྱི

གསང་ཨང་ངོ

1498886864199409.jpg

ལུས་པོའི་སྐར་ཁྱིམ།

མཚན་སྨག་གིས་བཙས་པའི་མིག་ཟུང་དེས

བྱ་དངོས་ལ་ལྟ་ཞིབ་མི་བགྱི་བར

ང་ཚོས་མཐོང་ཟིན་པ་ཞིག་སླར་ཡང་གསར་དུ་གཏོད་བཞིན་འདུག

འགྱུར་བག་རྒོད་པའི་གར་སྟེགས   དུས་ཚོད་ཀྱི་དཀྱིལ་ཚད་དུ་འགྲེངས

བར་སྣང་འཁོར་མཚམས་བཞག་པའི་སྐད་ཅིག་མ་དེར

དེའི་མིག་མདངས་ལ་ལྟ་བ་བཞིན་ཇི་འདྲའི་འགྲོས་དལ་བ་ལའང

སྐར་ཚོགས་ནི་ས་བོན་སྟེ

གནམ་སྔོན་པོའི་འོག་ན་འཁུན་སྒྲ་འབྱིན་བཞིན་འདུག

དུས་ཚོད་དང་རང་གི་གྲིབ་མས་འགྱིག་རྡེའུ་འཚོ

འོད་ཀྲིག་གེའི་མེ་ལོང་ཞིག་ལྡོག་འོད་ཀྱི་ཁྲོད་ན་སྲིང་གིན་འདུག

ལྡོག་འོད་རིམ་བཞིན་མོག་གེར་གྱུར

རྒྱལ་བ་དེ་ཕམ    ཕམ་པ་དེ་རྒྱལ

གནམ་རིག་པས་ཚོན་མདོག་སྣ་བརྒྱའི་རྒྱལ་ཤེལ་གྱིས

སྐར་ཁྱིམ་ཤེལ་ངོར་དྲངས

སྐར་ཁྱིམ་བུད་མེད་ཅིག་ཏུ་གྱུར

འོད་ཆེམ་ཆེམ་གྱི་བྱེ་རྡུལ་རེ་རེར་གྱུར

མཚན་མོའི་མིག་ཡོལ་དལ་གྱིས་ཟུམ་དུས

སྐྱ་རེངས་ཀྱི་གཟུགས་བརྙན་ས་གཞིར་ལོག་སྟེ

སྐྱེས་པ་ཚོའི་མིག་ཟུང་འབྱེད་པར་བྱས

 1498886922127980.jpg 

ཆེད་སྤྱོད་དྲག་ཆས།

ཕུབ་སྟེང་དུ་ཁབ་གཉིས

རལ་གྲི་གཉིས་རུ་དར་སྟེང་བསྣོལ་བ་བཞིན

སྔོ་སྐྱ་དང་དུང་སོའི་མདོག་ཏུ་སྣང

ཕུབ་དེ་རས་སྐུད་དཀར་པོས་བསླས་པའི་གཅུས་རིལ་ལོ

སེམས་དང་དྲན་པའི་རྒྱུ་སྤུན་གྱི་སྙེས་འབོལ་གཉིས

ཁབ་མིག་ཕྲ་བོས་བརྟོལ་འདུག

སྐྱོ་གདུང    སེམས་ངལ    འདོད་རྔམ    སྤྲོ་དགའ

ཁེར་རྐྱང    གྱེས་བྲལ   ཐུག་འཕྲད

དུས་ཚོད་ཀྱིས་ང་ཚོའི་བཙན་འཕྲོག་དང་གནང་སྦྱིན་ལ

བྱོལ་འདོད་པའི་བར་སྟོང་འཚོལ་བར་བྱེད

དུས་ཚོད་ནི་རུས་སྦལ་ཞིག་གི་ནུར་འགྲོས་དང་འདྲ་འདུག

ཡང་ན་མེ་སྟག་གི་འགྱེད་འཕྲོ་བཞིན

རེག་པས་གཞའ་འགྲོ་ལ་བརྗེད་པས་ཕྱིར་ལོག་ཡོང་ངོ

དར་སྐུད་གཞན་དག་གི་རྒྱུ་སྤུན་གྱིས

དྲན་པ་དང་སྔོན་དཔག་བཙེམ་ཕྱིར

ཚེ་སྲོག་གིས་ཀྭི་བསོ་དང་འཕར་ལྡིང་བྱ

མེ་ཏོག་གཙགས་པའི་ལག་ཟུང་རས་ངོས་སུ་བཞག་སྟེ

སྐབས་རེར་མངོན་ལ་སྐབས་རེར་སྦས་པར་བྱེད

དར་ཆའི་འཕར་འབུབ་དང་དྲིའི་འཁྱམ་སྐྱོད་ལྟར

མཁའ་དབུགས་ཀྱིས་བྱས་པའི་ཁྲབ་རྨོག་ནི

ལུས་པོ་གཉིས་ཀྱི་འཐབ་འཛིང་གི་ཕྱིར་དུའོ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕཱ་ཟིའི་སྙན་ངག་འགའི་འགྱུར། Octavio Paz (ཕྱི་ཚན།)

2017-07-01 བྱམས་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།