འབྲུག་སྨྱོན་ཀུན་དགའ་ལེགས་པའི་མགུར་གླུ་ཚན་པ་གཉིས།
༄༅།།ང་ལོང་མེད་ཀྱི་ངེས་འབྱུང་དང་མ་བྲལ་ན།།
ཕྱི་ཚིས་ཀྱི་གསོག་འཇོག་དང་བྲལ་ནའང་བྲལ།།
ཚུལ་ཁྲིམས་གཙང་མ་དང་འབྲལ་མ་འཇུག།
ང་གཞན་ཕན་གྱི་སེམས་དང་མ་བྲལ་ན།།
རང་འདོད་ཀྱི་འཁྲི་བ་དང་བྲལ་ནའང་བྲལ།།
བྱང་ཆུབ་ཀྱི་སེམས་དང་འབྲལ་མ་འཇུག།
ང་བསྐྱེད་རྫོགས་ཀྱི་འཁོར་ལོ་དང་མ་བྲལ་ན།།
གཟུགས་བརྙན་གྱི་ལྷ་སྐུ་དང་བྲལ་ནའང་བྲལ།།
མཉམ་གཞག་གི་དགེ་སྦྱོར་དང་འབྲལ་མ་འཇུག།
ང་མཚན་ལྡན་གྱི་བླ་མ་དང་མ་བྲལ་ན།།
ཟོག་པོ་ཡི་མགོ་སྐོར་དང་བྲལ་ནའང་བྲལ།།
ཕྱོགས་བྲལ་གྱི་མོས་གུས་དང་འབྲལ་མ་འཇུག།
ང་སྣོད་ལྡན་གྱི་སློབ་མ་དང་མ་བྲལ་ན།།
ཕྱི་ལྡིར་ནང་སྟོང་དང་བྲལ་ནའང་བྲལ།།
ཅི་གསུང་སྒྲུབ་པ་དང་འབྲལ་མ་འཇུག།
ང་ཆིག་ཆོག་གི་གདམས་ངག་དང་མ་བྲལ་ན།།
གདམས་ཆུང་གི་སྡུག་བརྩིར་དང་བྲལ་ནའང་བྲལ།།
སངས་རྒྱས་ཀྱི་དམ་ཆོས་དང་འབྲལ་མ་མཇུག།
ང་རི་ཁྲོད་ཀྱི་དགོན་པ་དང་མ་བྲལ་ན།།
གྲོང་ལྟག་གི་དགོན་ཆུང་དང་བྲལ་ནའང་བྲལ།།
རང་སེམས་དབེན་པ་དང་འབྲལ་མ་འཇུག།
ང་མཐའ་བྲལ་གྱི་ལྟ་བ་དང་མ་བྲལ་ན།།
ཕྱོགས་འཛིན་གྱི་ངོས་བཟུང་དང་བྲལ་ནའང་བྲལ།།
བློ་འདས་ཆེན་པོ་དང་འབྲལ་མ་འཇུག་།
ང་རྒྱུན་ཆགས་ཀྱི་སྒོམ་པ་དང་མ་བྲལ་ན།།
དམིགས་གཏད་ཀྱི་གསལ་རིག་དང་བྲལ་ནའང་བྲལ།།
ཡེ་སྒོམ་བློ་བྲལ་དང་འབྲལ་མ་འཇུག།
ང་ཤུགས་འབྱུང་གི་རང་འགྲོས་དང་མ་བྲལ་ན།།
བཅོས་མའི་ཐོ་ཅོ་དང་བྲལ་ནའང་བྲལ།།
ཕྱོགས་ལས་རྣམ་རྒྱལ་དང་འབྲལ་མ་འཇུག།
གཡས་པ་ལྷ་སྐུའི་འགྱིང་བག།
གཡོན་པའོད་གསལ་བྲོ་བརྡུང་།།
མཉམ་ཉིད་བདེ་ཆེན་ཀློང་ཡངས་མ་འདི་ཤེས་སོ།།
མ་བཅོས་སོ་མའི་རང་འགྲོས་མ་འདི་ཤེས་སོ།
ན་མོ་ཟ་ར་ཟི་ར་ཧོ།
བྱ་རྒོད་པོ་ནམ་འཕང་སྤྱོད་པ་དང་།།
བླ་མས་རོ་ཆོག་མཛད་པ་དང་།།
རྟོགས་ལྡན་ཁུར་བོ་འཁུར་བ་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
ཡོན་བདག་ཁ་བཀོད་བྱེད་པ་དང་།།
ལུག་རྫིས་རྐང་འཛིན་བྱས་ནས་སྤྲོད།།
བཤན་པས་གྲི་གུ་བརྡར་བ་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
བླ་མས་ཁྲིམས་ལུགས་མཛད་པ་དང་།།
བཙུན་པས་བེར་ཁ་འཛིང་པ་དང་།།
ནང་དུ་སྤྱི་མེས་མེད་པ་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
རྟག་ཆད་ལྟ་བར་ལྟ་བ་དང་།།
གོལ་ཤོར་སྒོམ་དུ་སེམས་པ་དང་།།
སྐྱུར་འགོང་སྤྱོད་པར་བརྩི་བ་གསུམ།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
སྒོམ་ཆེན་རི་ཁར་འདུ་ལོང་གསོག།
མཚན་ཉིད་པ་གྲྭ་སར་གོ་བཤེར་མཛད།།
སྔགས་པ་ནང་དུ་གཏད་སེལ་འཇུག།
ང་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
མཐའ་མི་ཧོར་གྱི་སྡིགས་རི་དང་།།
ནང་དུ་དཔོན་ལ་གཡོག་མི་བསམ།།
བར་དུ་གཅིག་ལ་གཅིག་རྩོད་བྱེད།།
ང་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
སྒོམ་པ་མེད་པའི་བཙུན་ཁྱེར་དང་།།
རྟོགས་པ་མེད་པའི་བརྟུལ་ཞུགས་དང་།།
རྒྱུ་འབྲས་མི་བསམ་ཆོས་བཤད་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
ད་ནི་དཔའ་བོ་ཐུབ་ཆེན་གྱིས།།
ཇི་ལྟར་གསུངས་པའི་སྙིང་པོའི་དོན།།
རྟོག་པའི་པིར་གྱིས་མ་བྲིས་པར།།
རང་ང་བཞིན་ངང་ལ་གནས་པར་ཤོག།
རྩོམ་སྒྲིག་པ། གངས་དགའ།
ཕྱི་ཚིས་ཀྱི་གསོག་འཇོག་དང་བྲལ་ནའང་བྲལ།།
ཚུལ་ཁྲིམས་གཙང་མ་དང་འབྲལ་མ་འཇུག།
ང་གཞན་ཕན་གྱི་སེམས་དང་མ་བྲལ་ན།།
རང་འདོད་ཀྱི་འཁྲི་བ་དང་བྲལ་ནའང་བྲལ།།
བྱང་ཆུབ་ཀྱི་སེམས་དང་འབྲལ་མ་འཇུག།
ང་བསྐྱེད་རྫོགས་ཀྱི་འཁོར་ལོ་དང་མ་བྲལ་ན།།
གཟུགས་བརྙན་གྱི་ལྷ་སྐུ་དང་བྲལ་ནའང་བྲལ།།
མཉམ་གཞག་གི་དགེ་སྦྱོར་དང་འབྲལ་མ་འཇུག།
ང་མཚན་ལྡན་གྱི་བླ་མ་དང་མ་བྲལ་ན།།
ཟོག་པོ་ཡི་མགོ་སྐོར་དང་བྲལ་ནའང་བྲལ།།
ཕྱོགས་བྲལ་གྱི་མོས་གུས་དང་འབྲལ་མ་འཇུག།
ང་སྣོད་ལྡན་གྱི་སློབ་མ་དང་མ་བྲལ་ན།།
ཕྱི་ལྡིར་ནང་སྟོང་དང་བྲལ་ནའང་བྲལ།།
ཅི་གསུང་སྒྲུབ་པ་དང་འབྲལ་མ་འཇུག།
ང་ཆིག་ཆོག་གི་གདམས་ངག་དང་མ་བྲལ་ན།།
གདམས་ཆུང་གི་སྡུག་བརྩིར་དང་བྲལ་ནའང་བྲལ།།
སངས་རྒྱས་ཀྱི་དམ་ཆོས་དང་འབྲལ་མ་མཇུག།
ང་རི་ཁྲོད་ཀྱི་དགོན་པ་དང་མ་བྲལ་ན།།
གྲོང་ལྟག་གི་དགོན་ཆུང་དང་བྲལ་ནའང་བྲལ།།
རང་སེམས་དབེན་པ་དང་འབྲལ་མ་འཇུག།
ང་མཐའ་བྲལ་གྱི་ལྟ་བ་དང་མ་བྲལ་ན།།
ཕྱོགས་འཛིན་གྱི་ངོས་བཟུང་དང་བྲལ་ནའང་བྲལ།།
བློ་འདས་ཆེན་པོ་དང་འབྲལ་མ་འཇུག་།
ང་རྒྱུན་ཆགས་ཀྱི་སྒོམ་པ་དང་མ་བྲལ་ན།།
དམིགས་གཏད་ཀྱི་གསལ་རིག་དང་བྲལ་ནའང་བྲལ།།
ཡེ་སྒོམ་བློ་བྲལ་དང་འབྲལ་མ་འཇུག།
ང་ཤུགས་འབྱུང་གི་རང་འགྲོས་དང་མ་བྲལ་ན།།
བཅོས་མའི་ཐོ་ཅོ་དང་བྲལ་ནའང་བྲལ།།
ཕྱོགས་ལས་རྣམ་རྒྱལ་དང་འབྲལ་མ་འཇུག།
གཡས་པ་ལྷ་སྐུའི་འགྱིང་བག།
གཡོན་པའོད་གསལ་བྲོ་བརྡུང་།།
མཉམ་ཉིད་བདེ་ཆེན་ཀློང་ཡངས་མ་འདི་ཤེས་སོ།།
མ་བཅོས་སོ་མའི་རང་འགྲོས་མ་འདི་ཤེས་སོ།
ན་མོ་ཟ་ར་ཟི་ར་ཧོ།
བྱ་རྒོད་པོ་ནམ་འཕང་སྤྱོད་པ་དང་།།
བླ་མས་རོ་ཆོག་མཛད་པ་དང་།།
རྟོགས་ལྡན་ཁུར་བོ་འཁུར་བ་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
ཡོན་བདག་ཁ་བཀོད་བྱེད་པ་དང་།།
ལུག་རྫིས་རྐང་འཛིན་བྱས་ནས་སྤྲོད།།
བཤན་པས་གྲི་གུ་བརྡར་བ་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
བླ་མས་ཁྲིམས་ལུགས་མཛད་པ་དང་།།
བཙུན་པས་བེར་ཁ་འཛིང་པ་དང་།།
ནང་དུ་སྤྱི་མེས་མེད་པ་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
རྟག་ཆད་ལྟ་བར་ལྟ་བ་དང་།།
གོལ་ཤོར་སྒོམ་དུ་སེམས་པ་དང་།།
སྐྱུར་འགོང་སྤྱོད་པར་བརྩི་བ་གསུམ།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
སྒོམ་ཆེན་རི་ཁར་འདུ་ལོང་གསོག།
མཚན་ཉིད་པ་གྲྭ་སར་གོ་བཤེར་མཛད།།
སྔགས་པ་ནང་དུ་གཏད་སེལ་འཇུག།
ང་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
མཐའ་མི་ཧོར་གྱི་སྡིགས་རི་དང་།།
ནང་དུ་དཔོན་ལ་གཡོག་མི་བསམ།།
བར་དུ་གཅིག་ལ་གཅིག་རྩོད་བྱེད།།
ང་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
སྒོམ་པ་མེད་པའི་བཙུན་ཁྱེར་དང་།།
རྟོགས་པ་མེད་པའི་བརྟུལ་ཞུགས་དང་།།
རྒྱུ་འབྲས་མི་བསམ་ཆོས་བཤད་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
ད་ནི་དཔའ་བོ་ཐུབ་ཆེན་གྱིས།།
ཇི་ལྟར་གསུངས་པའི་སྙིང་པོའི་དོན།།
རྟོག་པའི་པིར་གྱིས་མ་བྲིས་པར།།
རང་ང་བཞིན་ངང་ལ་གནས་པར་ཤོག།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།