དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༩

  ཡང་རྡུལ་ཕྲན་དང་ལྷུན་པོ་མི་འགལ་བ་དང༌། སྐད་ཅིག་དང་བསྐལ་པ་མི་འགལ་བའི་ཚུལ་ཞིག་བཤད་ཡོད་ལ། དེ་དག་མི་འགལ་བའི་རྒྱུ་མཚན་ནི། ཆོས་རྣམས་ཅིར་ཡང་མ་གྲུབ་པའི་གནད་ཀྱིས་གང་ཡང་འཆར་ཆོག་པ་དང༌། བདེན་པར་མ་གྲུབ་པའི་དབང་གིས་སྣ་ཚོགས་སུ་སྣང་དུ་རུང་བ་འདི་ཡིན་ཟེར། དེ་ལྟར་ན་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་དང༌། དགེ་སྡིག་གི་འབྲས་བུ་འཆོལ་ནས་སྨིན་པ་སོགས་སྣང་མི་ཆོག་པའི་རྒྱུ་མཚན་གང་ཡིན་དཔྱད་དགོས།

  དེ་ཡང་རྡུལ་ཕྲན་དང་ལྷུན་པོ་མི་འགལ་བ་སངས་རྒྱས་ཆོས་ལུགས་གཞུང་བཤད་སྟངས་གཅིག་པོ་མ་ཡིན་པར།   ཁྱོད་རང་དད་སའི་དངོས་ལུགས་ཀྱི་ཤེས་བྱ་བཀོལ་ནའང་གྲུབ་པ་སྟེ།     རྡུལ་ཕྲན་བསགས་པས་ལྷུན་པོར་གྲུབ་པ་མ་ཡིན་ན།   གལ་ཏེ་རྡུལ་ཕྲན་མེད་ན་ལྷུན་པོ་ཇི་ལྟར་ཡོད།    དེ་བཞིན་དུས་ལའང་ཁྱབ་ལ།     གཞན་ཡང་།   དགེ་སྡིག་གི་འབྲས་བུ་འཆོལ་ནས་སྨིན་པ་དང་།   འཇིག་རྟེན་བཀོད་པོ་དཀོན་མཆོག་སོགས་སྣང་ཆོག་སྟེ།     དེ་དག་སྣང་བ་ལྟར་དུ་མ་གྲུབ་པར་བཤད་པ་ལས།   སྣང་མི་ཆོག་པ་ཅི་ཡོད།     འདི་དག་སྲིད་པ་རྒན་པོའི་གཏམ་དཔེ་ཞིག་གིས་ཀྱང་གསལ་ཏེ།    ནད་མཁྲིས་པ་ཅན་གྱི་མིག་ལམ་ན།   དུང་དཀར་བོའི་ཁ་དོག་སེར་བོ་དང་།    མི་སྡིག་ཅན་འཆི་ཁའི་མིག་ལམ་ན།  ཚེ་ཕྱི་མའི་རི་མགོ་དམར་པོར་སྣང་བ་ཡི་གནས་ལུགས་འདིས་ཀྱང་གསལ་བཤད་བྱས་འདུག་ལ།   གཞན་ཡང་།  ཁྱོད་ཀྱི་རིགས་པའི་འབྱུང་ཁུངས་སུ་འདུག་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། སྐབས་འགར་རྒན་མོ་མཐོང་ཡང་ཆགས་པ་སྐྱེས།   སྐབས་འགར་ལྷ་མོ་མཐོང་ཡང་ཞེན་པ་ལོག། འདི་ཡིན་འཕྲོ་ལ་དེ་མིན་ གཞན་ཞིག་འོང་།།   སེམས་ཀྱིས་བསླུས་པ་གྲངས་ཀྱིས་ག་ལ་ཆོད།  ཅེས་སེམས་ཀྱི་སྣང་ཚུལ་འདི་སྣང་དང་དེ་མི་སྣང་མེད་པའི་གནས་ལུགས་བཤད་ཡོད་ལ།    སངས་རྒྱས་ཆོས་ལུགས་ཀྱི་དབུ་མའི་ལུགས་སུ་སྣང་བ་ལྟར་དུ་གྲུབ་དང་མ་གྲུབ་ལ་དཔྱད་པ་གཏོང་བ་ལས།  སྣང་མི་སྣང་ལ་དཔྱད་པ་བྱེད་ཀིན་མེད་པའི་གནད་འདི་ཤེས་པར་གྱིས།        

  ད་དུང་མཁན་ཆེན་མཆོག་གིས། སྒྲ་ཡངས་འཇུག་གི་ལྟོས་བཅས་སྨྲ་བའི་བསྟན་དོན་རྡུལ་ཕྲན་ནུས་ཤུགས་ཀྱི་སྐོར་དེའང་སངས་རྒྱས་ཆོས་གཞུང་དུ་བཤད་ཟིན། ཞེས་གསུངས་འདུག་མོད་ཤ་ཡི་མིག་གི་སྤྱོད་ཡུལ་དུ་ནི་མི་འདུག་གོ །ཚད་རྡུལ་ནུས་རིག་སེམས་ཙམ་པའི་གྲུབ་མཐའི་ཆ་ཤས་ཡིན་པའང་མི་འཐད། གལ་ཏེ་འཐད་ན་ཚད་རྡུལ་ནུས་རིག་ནོར་འཁྲུལ་གྱི་ལྟ་ཚུལ་དུ་ཁས་ལེན་དགོས་ཏེ། སེམས་ཙམ་པའི་འདོད་པ་དེ་ལོག་རྟོགས་ཡིན་པར་དབུ་མ་ཐལ་འགྱུར་བས་བཤད་པའི་ཕྱིར། ཐ་སྙད་དང་དོན་དམ་གང་གི་དབང་དུ་བྱས་ཀྱང་གཟུགས་སེམས་གཉིས་ལ་ཡོད་མེད་ཀྱི་དབྱེ་བ་འབྱེད་མི་རུང་བར་གསུངས་པའི་ཕྱིར། ཁྱེད་ནམ་ཡང་ཕར་འགྱུར་ཚུར་འགྱུར་དང༌། རྐང་པ་གཉིས་འཛུགས་ཁོ་ན་གནང་བཞིན་འདུག་མོད་དེས་རིགས་ལམ་གྱི་ཆུ་མི་ཐུབ། སེམས་ཙམ་པས་གཟུགས་སྣང་གི་རྩ་བ་སེམས་ཀྱི་ཐོག་ཏུ་བསྒོས་པའི་བག་ཆགས་ཡིན་པར་འདོད་པ་ལས། ནམ་མཁའི་དབྱིངས་སུ་ཁྱབ་པའི་ནུས་ཁྱམས་ཡིན་པར་མི་འདོད། ཁྱེད་ཀྱིས་རྡུལ་ཕྲན་གཞི་མེད་དུ་གཏན་ལ་འབེབས་སྐབས་སྣམ་བུ་བཤིག་ན་སྣལ་མ་དང༌། སྣལ་མ་བཤིག་ན་སྤུ་ཉག་དང༌། སྤུ་ཉག་བཤིག་ན་ཐལ་རྡུལ་དང༌། ཐལ་རྡུལ་དེ་དག་ཀྱང་ཚུལ་དེ་ལྟ་བུའི་སྒོ་ནས་བཤིག་ན་མཐར་གཞི་མེད་དུ་འགྱུར། དེ་ཡི་ཚེ་ན་ཐམས་ཅད་གར་སོང་ཆ་མེད་ནམ་མཁའ་ལ་སྤྲིན་དྭངས་པ་ལྟར་འགྱུར། ཞེས་དང༌། བེམ་པོའི་སྡོད་ལུགས་ལ་གནས་སྐབས་གསུམ་ཡོད་པ་ལས། གསུམ་པའི་སྐབས་སུ་རྡུལ་གྱི་རང་བཞིན་ཅུང་ཟད་ཀྱང་མེད་པར་རྡུལ་ཕྲན་འབྱུང་རུང་ཙམ་དང༌། འབྱུང་རུང་དེའང་རྩད་བཅད་ན་སེམས་ཀྱི་བག་ཆགས་ལ་ཐུག་པས་བག་ཆགས་ཟད་ན་གཏན་མེད་དུ་འགྱུར། ཞེས་སྟབས་བདེ་མདོག་ཁ་པོ་ཞིག་གསུངས་འདུག་ཀྱང༌། ཐུགས་རྩེ་གཏད་ས་ཡག་པོ་ཞིག་ཡོད་མེད་བློ་དོགས་ཆེ་སྟེ། གཞི་མེད་དུ་མ་གྱུར་ཙམ་གྱི་རྡུལ་ཐ་མ་དེ་གཟུགས་ཀྱི་ཆུང་མཐའ་ཡིན་ན་དེ་ལ་སྣམ་བུ་བཤིག་པའི་ཚུལ་དེ་ལྟ་བུའི་སྒོ་ནས་ཇི་ལྟར་བཤིག་རྒྱུ་ཡོད། ཆུང་མཐའ་མིན་ན་དེ་ཉིད་སྣམ་བུ་བཤིག་པའི་ཚུལ་དེ་ལྟར་བཤིག་ཀྱང་གཞི་མེད་དུ་ཅི་ལ་འགྲོ། དེ་བས་ཆུང་བའི་གཟུགས་ཤིག་ཡོད་དགོས་པས་མ་མཐའ་ཡང་དུམ་བུ་གཉིས་སུ་བཤིག་བཟོད་ལོས་དགོས། འདིས་ཁྱེད་ཙམ་དུ་མ་ཟད་གཅིག་དུ་བྲལ་གྱི་དབུ་མའི་རིགས་པ་དེའི་དབུ་ལ་ཡང་ཐོག་ཕབ་པ་ཡིན།
  ཆེ་ཆུང་ཁོ་ནའི་ཆ་ནས་ཆ་ཤས་ཡོད་མེད་བརྟག་དཔྱད་གཏོང་བ་དེ་འཁྲུལ་ཡོད་ཟེར་བའི་རྒྱུ་མཚན་ཡང་འདི་ཡིན། རྡུལ་ཕྲན་གྱི་རྩ་བ་འབྱུང་རུང་དང༌། འབྱུང་རུང་གི་རྩ་བ་བག་ཆགས་དང༌། བག་ཆགས་ཀྱི་རྩ་བ་སེམས་ཉིད་ལ་ཐུག་པ་བདེན་ན། སེམས་གཙོ་སྨྲ་བའི་གྲུབ་མཐའ་དེ་མ་འདོད་ན་ཡང་པང་དུ་ལེན་དགོས་རྒྱུ་རེད་སྙམ། དེ་ལྟར་རིགས་པས་བརྟགས་ཤིང་དཔྱད་ན་རང་བྱུང་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་རྩིས་དངོས་རྫས་གསུམ་གང་ལ་ཡང་སངས་རྒྱས་ཆོས་གཞུང་ཁྲོད་དུ་མི་རྣམས་ཧ་ལས་འོང་བ་དང༌། ཧོན་འཐོར་དགོས་པ་དང༌། ཡ་མཚན་འོས་པ་དང༌། ཡིད་འཕྲོག་འགྲོ་བའི་ལེགས་བཤད་ཅི་ཡང་མཐོང་རྒྱུ་མི་འདུག་མོད། མེད་བཞིན་ཡོད་མདོག་སྟོན་པ་ལ་དགོས་པ་གཞན་ཞིག་ཡོད་པ་ཡིན་ན་ནི། ད་རེས་ཁོ་བོས་རྫུན་རྐུབ་གཏོལ་ཉེས་ཤོར་སོང་བས་དགོངས་དག་ཞུའོ། །

   འདིར་རང་ཉིད་དངོས་ལུགས་རྫས་འགྱུར་སོགས་ཀྱི་ཤེས་བྱ་ལ་ཧ་ཅང་མཁས་མདོག་གིས་།  མཁན་པོ་ཚུལ་བློ་ལ་འཇིགས་སྐུལ་གཏོང་བ་ཙམ་ལས།  དོན་ངོ་མ་རང་ཉིད་ཀྱི་རྫུན་རྐུབ་བརྟོལ་འདུག་སྟེ།  རང་བྱུང་ཚན་རིག་ཅེས་པ་ནི་སྤྱི་འདུས་ཀྱི་མིང་ཞིག་ཡིན་པ་ལས།  སྤྱི་འདུས་དེའི་ནང་གཏོགས་པའི་རིག་ཚན་ཐད་རྩིས་དངོས་རྫས་གསུམ་ཞེས་བཤད་པའམ།        རང་བྱུང་ཚན་རིག་ཞིབ་འཇུག་བྱ་ཡུལ་རྩིས་དངོས་རྫས་གསུམ་ཟེར་བའི་སྐད་ཆ་འདིར་བལྟས་ན།  དོན་དངོས་སུ་རང་བྱུང་ཚན་རིག་ཟེར་བ་གང་ལ་གོ་དགོས་མིན་གསལ་པོར་ཤེས་མེད་དེ།  འདིར་ལྟོས་ཤིག   རང་བྱུང་ཚན་རིག་ཟེར་བ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དུ་ཡོད་པའི་ཐཱན་འདུས་དངོས་པོ་ཐཱན་མེད་དངོས་པོ་དག་གི་སྣང་ཚུལ་དཔྱད་པའི་རིགས་པ་རྒྱ་ཆེན་པོ་ཞིག་ཡིན་ལ།   དེར་དངོས་ལུགས་དང་།  རྫས་འགྱུར།   སྐྱེས་ཁམས།   ས་གཤིས་ཀྱི་རིག་པ་སོགས་འདུས།    དེའི་ཕྱིར་རང་བྱུང་ཚན་རིག་གི་ཞིབ་འཇུག་གི་ཡུལ་ནི་རང་བྱུང་ཁམས་ཀྱི་དངོས་པོ་དང་དེ་དག་གི་སྣང་ཚུལ་ཡིན་པ་ལས།   དངོས་ལུགས་དང་རྫས་འགྱུར།  རྩིས་རིག་ཇི་ལྟར་ཡིན།  དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཞིབ་འཇུག་གི་ཡུལ་སངས་རྒྱས་ཆོས་ལུགས་ཡིན་ཟེར་བ་ལྟར་དུ་སོང་ལ།    གཞན་ཡང་རྩིས་རིག་རང་བྱུང་ཚན་རིག་གི་གྲས་སུ་རྩི་སྲོལ་མེད་པ་མ་ཟད།   རྩིས་རིག་ནི་གྲངས་ཀྱི་རྣམ་བཞག་དང་།  སྡོམ་རྩིས།   བཤེར་རྩིས་སོགས་འདུས་པ་ཅན་དང་།   ཐབས་ལམ་ནི་གཏན་ཚིགས་དང་།   མངོན་སུམ།  དབྱེ་ཞིབ།  རིགས་འདེད།   སྤྱི་བྱེ་བྲག་གི་ཆོས་ཉིད་སོགས་ལས་ཐོབ་པ་ལས།   དངོས་ལུགས་རྫས་འགྱུར་ལྟར་ཚོད་ལྟ་ཁང་གི་ཚོད་ལྟའི་བདེན་དཔང་དགོས་པ་མ་ཡིན་ནོ།།     ཁྱོད་ཀྱི་རང་བྱུང་ཚན་རིག་གི་གོ་བ་འདི་ལྟ་བུ་ཞིག་གིས་མཁན་པོ་ལ་ཅོ་ཇི་ལྟར་འདྲི།  
  གཅིག་དུ་བྲལ་གྱི་དབུ་མའི་གཏན་ཚིགས་ལའང་ཐོག་ཕབ་པར་འདོད་པའི་རིགས་ལམ་ནི་ཆ་གཉིས་གཉིས་བགོས་ན་ཐུག་མེད་དུ་འགྲོ་ཟེར་བ་འདི་ཡིན་ལ།     དཔྱད་པ་འདི་དག་ནི་གནའ་བོའི་རྩིས་རིག་གི་ཆ་རྡུལ་དབྱེ་ཞིབ་རིག་པ་རུ་སྤྱི་འགྲོས་ཀྱི་གསལ་བཤད་མང་པོ་བྱས་ཡོད་ལ།    གཅིག་དུ་བྲལ་གྱི་རིགས་པ་འདི་ནང་ཆོས་མ་དར་གོང་གི་རིག་བྱེད་ཀྱི་གཞུང་དུ་གསལ་ལ།  སངས་རྒྱས་ཆོས་ལུགས་སུ་དབུ་མའི་རིགས་ལམ་ཁོ་ན་མ་ཡིན་པས།      དེ་དབུ་མའི་གཏན་ཚིགས་ཟེར་ནས་ལོགས་སུ་བཤད་དུ་མེད་ལ།    གཅིག་དུ་བྲལ་ཀྱང་རང་བཞིན་ཡོད་མེད་དང་དོན་དམ་དུ་གྲུབ་མ་གྲུབ་དཔྱོད་པའི་སྐབས་སུ་ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་པ།  གཅིག་དང་དུ་མ་གང་རུང་དུ་མེད་ན་མེད་དགོས་པ་དང་།  བདེན་པར་ཡོད་ན་གཅིག་དང་དུ་མ་གང་རུང་གི་ངོ་བོར་ཡོད་དགོས་པ་སོགས་ཀྱི་དཔྱད་པ་ལས།   རྡུལ་ཕྲན་ཆ་བཅས་ཐུག་མེད་དུ་འགྲོ་མི་འགྲོ་དང་འབྲེལ་བ་ཅི་ཡོད།      ར་མགོ་ལུག་ལ་སྦྱར་བའི་ཚན་རིག་གི་ཤེས་བྱ་འདིས་ནི་སངས་རྒྱས་ཆོས་ལུགས་རྫུན་པར་སྒྲུབ་མི་ཐུབ་ལ།   ཚན་རིག་ཡང་དག་པ་ཡིན་པ་དེ་བས་ཀྱང་ར་མི་སྤྲོད་དོ།།   

  ཆོས་གཞུང་གི་སེམས་དང་སེམས་བྱུང་གི་རྣམ་གཞག་དག་ལ་ནི། ལྷ་སྒྲུང་དང་རྟོག་བཟོ་ཆེར་མ་འདྲེས་ཤིང་ཚོད་དཔག་དང་རིགས་སྐམ་ཙམ་ཡང་མིན་པར་དུས་རབས་རིམ་བྱོན་གྱི་རྣལ་འབྱོར་པ་ཚོས། ཁ་ནང་དུ་ཕྱོགས་ནས་ཚོད་ལྟ་གནང་བའི་ཉམས་མྱོང་དངོས་མ་ཤས་ཆེ་བས། ཕྱིས་ཀྱི་སེམས་ཁམས་རིག་པའི་གཞུང་ལུགས་དག་ལ་ཡང་ངོ་གནོངས་མི་དགོས་པ་ཞིག་ཡོད། འོན་ཀྱང་དེ་ལ་མངོན་གསལ་དོད་པའི་ཞན་ཆ་གཅིག་རང་མཐོང་རྒྱུ་ཡོད་པ་ནི། རྣམ་གཞག་མང་པོ་ཞིག་ངོ་བོའི་ཆ་ནས་མིན་པར་དགེ་སྡིག་གི་ཆ་ནས་བྱས་འདུག་པ་འདི་རེད། འཛིན་སྟངས་དང་རིགས་རྒྱུན་གཅིག་ཉིད་ལ། ཤེས་རབ་དང་འཆལ་བའི་ཤེས་རབ། བརྩོན་འགྲུས་དང་ལེ་ལོ། དད་པ་དང་ལོག་ལྟ། བྱམས་བརྩེ་དང་ཞེན་ཆགས། ངེས་འབྱུང་དང་ཞེ་སྡང་སོགས་ཀྱི་དབྱེ་བ་ཕྱེས་ཡོད་པ་ལྟ་བུ་རེད། རྣམ་གཞག་དེ་དག་དགེ་སྒྲུབ་སྡིག་སྤང་གི་ཉམས་ལེན་གནང་མཁན་ཚོ་ལ་རིན་ཐང་ཆེ་བ་ཙམ་མ་གཏོགས། སེམས་ཁམས་ཆོས་ཉིད་ལ་ཞིབ་འཇུག་བྱེད་མཁན་རྣམས་ལ་ནི་དེ་ཙམ་ཕན་མི་ཐོགས། གང་ལྟར་ཚན་རིག་པ་ནི་སེམས་ཁམས་ཞིབ་འཇུག་ལ་གོམ་པ་སྤོ་མ་ཐག་པ་ལྟ་བུ་དང༌། སངས་རྒྱས་ཆོས་རིག་ནི་སེམས་ཁམས་ཞིབ་འཇུག་གི་གཞུང་ལུགས་དང༌། ཆོས་ལུགས་ཉམས་བཞེས་ནི་སེམས་ཉིད་འདུལ་སྦྱོང་གི་རྣལ་འབྱོར་ཤ་སྟག་ཡིན་པས་དེའི་ཆ་ནས་སངས་རྒྱས་ཆོས་གཞུང་ལ་ལེགས་བཤད་དང༌། སློབ་སྦྱོང་བྱེད་དགོས་ས་གང་འཚམ་རེ་ཡོད་པར་སྨྲ་ན་དེ་ནི་འགྲོ་བ་སེམས་ཅན་ཚོའི་རྣ་ལ་འགྲོ་བའི་གཏམ་ཡིན་ནོ། །

  སེམས་སེམས་བྱུང་གི་རིག་པ་སློབ་དཔོན་དབྱིག་གཉེན་Vasubandhu ༼དུས་རབས་༤བ་ཡས་མས་ཀྱི་མི༽གྱི་སེམས་ཙམ་ཉི་ཤུ་བ་དང་སུམ་ཅུ་བ།  ཁྱད་པར་དུ་ཐེག་པ་ཆེན་པོ་ཆོས་བརྒྱ་བའི་ནང་དུ་འདིའི་སྐོར་རྒྱས་པར་བཤད་འདུག་པས་དེ་ནི་སྔོན་རྒྱ་གར་ལ་གྲགས་ཆེ་བའི་ཤེས་པ་དབྱེ་ཞིབ་ཀྱི་རིགས་པ་དག་སྤྱི་སྡོམ་བྱས་པ་ཞིག་ཡིན་ལ།    དེ་ནི་ཤར་ཕྱོགས་པའི་ཤེས་པ་སྨྲ་བའིEpistemology་མཚན་ཉིད་རིག་པའི་གྲུབ་མཐའ་ཞིག་ཡིན་ལ།    མཚན་ཉིད་དེའི་ཞིབ་འཇུག་གི་ཡུལ་ནི་མིའི་ཤེས་པའི་ངོ་བོ་དང་།  གྲུབ་ཚུལ།  ཤེས་བ་དང་ཤེས་བྱའི་འབྲེལ་བ།  ཤེས་པ་བྱུང་བའི་གཞི་མ་དང་།  བྱུང་བ།   འཕེལ་རྒྱས་སོགས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་ཡིན་ལ།      སེམས་ཁམས་རིག་པPsychology ཟེར་བ་ནི་མི་དང་སྲོག་ཆགས་ཀྱི་སེམས་ཀྱི་སྣང་ཚུལ་དང་སེམས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཞིག་གི་མིང་ཡིན་ལ།  དེ་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གཉིས་ཀྱི་ཆ་ཡོད་པའི་སྣོལ་མའི་རིག་ཚན་ཞིག་ཡིན་ནའང་།  རང་བྱུང་ཚན་རིག་གི་ཤུགས་ཆེ་བ་ཡིན།    དེའི་ཕྱིར་དེང་རབས་ཀྱི་དབྱེ་སྟངས་ལྟར་ན་སེམས་དང་སེམས་བྱུང་གི་རིག་པ་ཤེས་པ་སྨྲ་བ་སྟེ་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་འདུས་ལ།    སེམས་ཁམས་རིག་པ་ནི་མཚན་ཉིད་ཀྱི་ཁོངས་སུ་མི་འདུ་བའི་གནད་འདི་ཤེས་དགོས་པས་ན།      སངས་རྒྱས་ཆོས་ལུགས་ཀྱི་སེམས་སེམས་བྱུང་གི་རིགས་པ་བསྟོད་ཁུལ་གྱིས་དེ་སེམས་ཁམས་རིག་པ་དང་ཐག་ཉེ་བར་བཤད་པ་ནི།   སེམས་ཁམས་རིགས་པ་ཟེར་བ་ནི་ཅི་ཞིག་ཡིན་པ་མ་ཤེས་པའི་རྟགས་གསལ་ལ།   སེམས་སེམས་བྱུང་གི་རིགས་པ་འདི་དོན་དངོས་སུ་གང་ལ་འཇོག་དགོས་པ་ཧ་མ་གོ་བའི་རྟགས་མངོན་གསལ་དུ་ཡོད་པས་ན།     ནུབ་ཕྱོགས་ནས་དར་བའི་རིག་པ་འདི་དག་ལ་ཞིབ་ཏུ་སྦྱོང་བ་བྱེད་དགོས་པ་ལས།  གོ་ལོ་ཐོས་ལོ་ཙམ་གྱི་རྔོ་མི་ཐོགས་པ་ཤེས་པར་གྱིས།   

  དེ་ཡན་ཆད་ཀྱིས་སངས་རྒྱས་ཆོས་གཞུང་ནས་བཤད་པའི་གཞི་ཀུན་རྫོབ་སྣང་བའི་རྣམ་གཞག་ལ་དཔྱད་ཟིན་ཅིང༌། དཔྱད་པའི་ཚུལ་ཡང་རྒྱལ་བའི་དབང་པོའི་བཀའ་གསུང་ལས། སངས་རྒྱས་ཆོས་ལུགས་ལ་དབྱེ་ན། སངས་རྒྱས་ཆོས་ཀྱི་ཚན་རིག་དང༌། སངས་རྒྱས་ཆོས་ཀྱི་ལྟ་གྲུབ། སངས་རྒྱས་ཆོས་ཀྱི་ཉམས་ལེན་བཅས་སྡེ་ཚན་གསུམ་དུ་དབྱེར་ཡོད། ཅེས་ཕེབས་པ་ལྟར་ན་གོང་བཤད་དེ་དག་ནི་སྡེ་ཚན་དང་པོ་སྟེ། ཆོས་རིག་དང་ཚན་རིག་གཉིས་ཀའི་ཐུན་མོང་གི་ཞིབ་འཇུག་བྱ་ཡུལ་དུ་འཇོག་དགོས་པར་འདུག་པས་ནུབ་དར་མཚན་ཉིད་རིག་པ་དང༌། ཕྱིས་དར་ཚན་རིག་གི་རིག་ཚན་སོ་སོའི་ཞིབ་འཇུག་གི་བསྡོམས་ཚིག་སྣ་ཚོགས་དང་འགྲིག་མིན་གྱི་ཆ་ནས་གཙོ་བོར་དཔྱད་ཡོད། དེ་ཡང་དེང་སང་བོད་ནང་དུ་ཆོས་རིག་དང་ཚན་རིག་གཉིས་ཀ་ལ་སྤྱན་མ་ལོངས་ཙམ་གྱི་མཁས་པ་ནི། ཁམས་བླ་རུང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང༌། ཨ་མདོ་རྨེ་བ་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ། དབུས་འབྲི་གུང་མཁས་དབང་དཀོན་མཆོག་རྒྱ་མཚོ་གསུམ་ལས་གཞན་སུ་ཡང་མཇལ་རྒྱུ་མི་འདུག་ཅིང༌། མཆོག་སྤྲུལ་བསྟན་རྒྱམ་ལགས་ཀྱི་གསུང་རྩོམ་ཉེ་ཆར་ལག་སོན་མ་བྱུང་བས། མཁས་དབང་གཞན་རྣམ་གཉིས་ཀྱི་བཀའ་རྩོམ་ཁ་ཅིག་དཔྱད་གཞིར་བཟུང་སྟེ་ནོར་འཁྲུལ་གྱི་རིགས་ལ་ཡོ་བསྲང་གི་ཚུལ་དུ་ཅུང་ཟད་ཙམ་ཞིག་ཞུས་པ་ཡིན། འདིའི་མན་ཆད་ཆོས་ལུགས་ཀྱི་ཐུན་མོང་མིན་པའི་རྣམ་གཞག་གཙོ་ཆེ་བས་ཚན་རིག་སོགས་དང་དཔྱད་བསྡུར་བྱ་རྒྱུ་ཆེར་མེད་སྟབས། ང་ཚོའི་སྔོན་ཆད་ཀྱི་རྟགས་ལ་བརྟེན་པའི་རྩོད་རིགས་ཀྱི་འགྲོ་ཕྱོགས་དེ་རང་གི་ཐོག་ནས་དཔྱད་པ་བྱ་རྒྱུ་ལས་མ་འདས་སོ་ཞེས་གསལ་བཤད་དང་འབྲེལ།

  བོད་ནང་དུ་ཆོས་དང་ཚན་རིག་གཉིས་ཀ་ལ་མཁས་པ་གོང་གི་འདི་གསུམ་ལས།  ད་དུང་དེ་ལས་ལྷག་པ་ཞིག་ཡོད་པ་ཚ་མདའ་ཁྱེད་རང་ཡིན་འདུག་སྟེ།   ཁྱོད་ཀྱི་ནུབ་ཕྱོགས་ཀྱི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་སོགས་ཕྱོགས་མང་པོ་ནས་བཤད་ཤེས་པས་སོ།།   ཡིན་ནའང་གོང་གི་མི་དེ་དག་ལ་ཚ་ནན་གྱིས་བཤད་པར་བྱ་བ་ནི།     ཚན་རིག་དང་ཆོས་ལུགས་གང་ཡིན་རུང་།    སྔོན་དུ་སྦྱོང་བ་མ་སོང་བར་ཚགས་ཤོག་དང་།   དཔེ་ཀློག   རང་སྦྱོང་སོགས་ཀྱིས་གོ་མི་ཆོད་ལ།     ལྷག་པར་དུ་རང་བྱུང་ཚན་རིག་སོགས་སློབ་གྲྭ་ནས་སྦྱངས་པ་མ་བྱས་པར་དཔེ་ཀློག་དང་ཚོད་དཔོག    རིགས་འདེད་སོགས་ཀྱི་མི་འོངས་པས་ན།     གོང་གི་ཁྱེད་རྣམས་ཆོས་ལ་མཁས་པ་ཡིན་པར་སྲིད་ཀྱང་།   ཚན་རིག་ལ་མཁས་པ་ད་དུང་དཔྱད་པར་བྱ་བའི་གནས་སོ།།    

  སྐབས་སུ་བབ་པ་དོན་དམ་སྟོང་ཉིད་ཀྱི་རྣམ་གཞག་ལ་དཔྱད་པར་བྱ་སྟེ། དེ་ཡང་རྒྱལ་བའི་གསུང་རབ་ཡོངས་ཀྱི་མཐར་ཐུག་གི་འབབ་སོ་དང༌། ནང་པའི་གྲུབ་མཐའ་བཞི་ཆར་གྱི་བླ་སྲོག་གམ་གཞུང་ཤིང་ལྟ་བུ་ནི་དོན་དམ་སྟོང་ཉིད་ཀྱི་རྣམ་གཞག་འདི་ཡིན་ལ། གལ་སྲིད་སྟོང་ཉིད་ཀྱི་ལྟ་བའི་སྐོར་འདིར་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་ཁུངས་སྐྱེལ་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ཚེ། སྔར་བཤད་ཀུན་རྫོབ་ཀྱི་རྣམ་གཞག་ཁ་ཅིག་ལ་ནོར་འཁྲུལ་འགའ་རེ་ཡོད་ན་ཡང་གནད་འགག་དེ་ཙམ་མེད་མོད། དད་པ་དང་དག་སྣང་གི་ལྷད་མ་ཞུགས་པའི་གཟུ་བོའི་བློས་བརྟགས་ཤིང་དཔྱད་ན། རྣམ་གཞག་འདི་དག་ལ་ཡང་བློ་རྩེ་གཏད་ས་ཡག་པོ་ཞིག་ཡོད་པའི་བཟོ་མི་འདུག །

  ༼ཀུན་རྫོབ་ཀྱི་རྣམ་གཞག་ཁ་ཅིག་ལ་ནོར་འཁྲུལ་འགའ་རེ་ཡོད་ནའང་གནད་འགག་དེ་ཙམ་མེད༽ཞེས་འགྲོ་ཞོར་དུ་བཤད་བཤད་པ་ལྟ་བུའི་ཚོར་སྟེར་མོད།   དོན་ལ་༼ནོར་འཁྲུལ་༽ཞེས་པའི་ཐ་སྙད་སྦྱར་བ་ཙམ་གྱིས་ཆོག་པ་ག་ལ་ཡིན་ཏེ།   ཀུན་རྫོབ་ནི་དོན་དམ་རྟོགས་པའི་ཐབས་ཁོ་ན་ཡིན་དང་།  ཀུན་རྫོབ་ལ་མ་བརྟེན་པར་དོན་དམ་རྟོགས་པའི་སྐབས་མེད་ལ།    དེ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་སྐྱེ་འགོག་སོགས་མ་གཟིགས་པ་ཡིན་གྱི་དེ་དག་མེད་པར་གཟིགས་པ་མ་ཡིན་ལ།   རང་བཞིན་ཡོད་མེད་དཔྱོད་པའི་རིགས་ཤེས་ཀྱིས་སྐྱེ་འགག་སོགས་མ་རྙེད་པ་ཡིན་གྱི།  དེ་དག་མེད་པར་རྙེད་པ་མ་ཡིན་པའི་ཁྱད་པ་འདི་དག་ཤེས་དགོས་ལ།  དཔེར་ན།   སྒྲ་ཉན་པ་ལ་རྣ་བ་ལས་མིག་མི་སྤྱོད་ལ།  མིག་གིས་སྒྲ་མི་ཐོས་བས་སྒྲ་ནོར་འཁྲུལ་དང་མེད་པར་ག་ལ་འགྱུར།       འདི་ལྟ་བུའི་རིགས་ལམ་ཆུང་ངུ་ལའང་རྨོངས་ན་གཞན་དག་ལྟ་ཅི།    
  དེ་ཡང་ཤེར་ཕྱིན་གྱི་རིམ་པ་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པའི་གཞུང་འདི་དག་ངེས་དོན་དུ་ངོས་འཛིན་པ་ནི་བོད་ཀྱི་དགེ་ལུགས་པ་གཙོ་ཡིན་པའི་སྒྲུབ་བརྒྱུད་དག་ཡིན་ལ།    དེ་ཡང་།  ཤེར་ཕྱིན་གྱི་མདོ་ལའང་བམ་པོ་མང་ཉུང་ཅི་རིགས་ཤིག་ཡོད་པ་ལས།   རྒྱ་འགྱུར་དང་བོད་འགྱུར་གྱི་བམ་པོའི་གྲངས་མི་འདྲ་བ་ཡིན།    ཡིན་ནའང་།   སངས་རྒྱས་ཆོས་ལུགས་ཤེར་ཕྱིན་གྱི་སྟོང་ཉིད་ཀྱི་རིམ་པ་འདི་ཐམས་ཅད་ཀྱིས་ངེས་དོན་དུ་འདོད་པའང་མ་ཡིན་ཏེ།   བོད་དུ་དར་བའི་དབུ་མ་གཞན་སྟོང་སྨྲ་བ་དང་ཁྱད་པར་དུ་ཇོ་ནང་བ་སོགས་ཀྱིས་འཁོར་ལོ་མཐའ་མའི་ངེས་དོན་གྱི་མདོའི་བརྗོད་བྱ་བདེ་གཤེགས་སྙིང་པོའི་མདོ་སོགས་ངེས་དོན་དང་།   སྟོང་ཉིད་ཀྱི་རིམ་པ་དྲང་དོན་དུ་བཤད་པ་དང་།     གཞན་ཡང་རྒྱའི་ཏིང་ངེ་འཛིན་གྱི་གྲུབ་མཐའ་དང་།   ཉི་ཧོང་གི་རྣམ་སད་པ།    ཁོ་རེ་ཡའི་ནང་བསྟན་སོགས་སུའང་དེ་བཞིན་གཤེགས་པའི་སྙིང་པོའི་ལྟ་བ་འདི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཡང་རྩེ་ལ་རྩི་བ་ཡིན་པས།   སངས་རྒྱས་ཆོས་ལུགས་ཡིན་ན་སྟོང་ཉིད་ཡིན་དགོས་ཟེར་བའང་གཡག་ཞར་བས་རྩྭ་ཟ་ཚུལ་ཡིན་ལ།     གཞན་ཡང་།    ཤེར་ཕྱིན་གྱི་སྟོང་ཉིད་ལྟ་བ་ངེས་དོན་དུ་བཤད་མཁན་ཚོས་ཀྱང་༼སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ༽ལ་འབད་པ་ལས་སྟོང་ཉིད་རྟོགས་པ་ཙམ་གྱིས་སངས་རྒྱས་པ་མ་ཡིན་པ་ཤེས་དགོས་པས་ན།     སྟོང་ཉིད་ཀྱི་ལྟ་བ་མ་གཏོགས་སངས་རྒྱས་ཆོས་ལུགས་ལ་ཅི་ཡང་མེད་པ་ལྟར་དུ་བཤད་འདུག་པའང་ཕྱོགས་རེ་བའི་ལྟ་བ་དང་།     གཞན་ཡང་།  སྟོང་ཉིད་ཀྱི་ལྟ་བ་སོགས་རྒྱ་ཆེར་གཏན་ལ་འབེབས་མཁན་ནི་སློབ་དཔོན་ཀླུ་སྒྲུབ༼Nagarjuna༡༥༠ནས༢༥༠༽་སོགས་ཕྱིས་སུ་བྱུང་བའི་མཁས་པ་དག་ཡིན་པ།   དེ་དག་རིགས་པ་ཞིབ་མོས་སྒྲུབ་མཁན་ཀྱང་ཐེག་ཆེན་སློབ་དཔོན་དག་ཡིན་པ་ལས།   གདོད་མའི་ནང་བསྟན་གྱི་ནང་དུ་སྟོང་ཉིད་གནད་དུ་བཟུང་ནས་བཤད་མེད་པ།   ཕར་ལིའི་མདོ་ཆོས་ཀྱི་ཚོམས་སོགས་སུ་སྟོང་ཉིད་ཀྱི་ཚོམས་སོགས་མེད་པས་ཀྱང་གོ་བར་ནུས།   དེའི་ཕྱིར།     སྟོང་ཉིད་སངས་རྒྱས་ཆོས་ལུགས་ཀྱི་བླ་སྲོག་ཡིན་ཟེར་བའང་མ་དག་པའི་ཚིག་ཏུ་ཤེས་པར་གྱིས།     
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༩

2012-05-29 ཨ་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།