གཅུང་པོ།

སྟག་རི་སྲི་ཐར་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-29


ཁུ་བྱུག་གསུང་སྐད་སྙན་པའི་ནོར་གླིང་གི་ནང་དུ།
མཉམ་འཛོམས་སྟོན་མོར་རོལ་བའི་ཕུ་ནུ་དག་བསམ་ཚེ།
དབྱར་གསུམ་དྲག་ཆར་ཚ་ངད་ཁྱད་པར་དུ་གསད་དེ།
མཐོ་སའི་རི་རྩེ་འགྲིམ་པའི་གཅུང་པོ་ཁྱེད་དྲན་བྱུང་།
 
བཅོ་དྲུག་ལང་ཚོ་རྫོགས་པའི་གྲོང་ཁྱེར་གྱི་གཞོན་ནུ།
དགའ་སྐྱིད་རྫོགས་ལྡན་སློབ་གྲྭའི་སྐྱེད་ཚལ་ལ་རོལ་སྐབས།
ལང་ཚོའི་ལས་དབང་གཡང་དཀར་ལུག་ཁྱུ་དང་འགྲོགས་ནས།
ཤེས་སྦྱོང་གོ་སྐལ་དབེན་པའི་གཅུང་པོ་ཁྱེད་དྲན་བྱུང་།

ཟང་ཟིང་འཁྲུག་ཆ་དོད་པའི་ཨར་ཁང་གི་ནང་དུ།
འདུ་འཛིའི་འཚོ་བར་རོལ་བའི་གཞོན་ནུ་དག་བསམ་ཚེ།
རྫ་ཆུ་གངས་ཆུས་སྐོམ་པའི་གདུང་བ་དག་བསེལ་ཏེ།
གླུ་ལ་སྐལ་བཟང་ལེན་པའི་གཅུང་པོ་ཁྱེད་དྲན་བྱུང་།
དཀར་གསལ་གློག་འོད་བཀྲ་བའི་དྲ་ཁང་གི་ནང་དུ།
གློག་རྡུལ་རྩེད་མོར་རོལ་བའི་བུ་ཕྲུག་དག་བསམ་ཚེ།
ཁ་བ་བུ་ཡུག་ཚུབ་པའི་དགུན་གསུམ་གྱི་དུས་སུ།
སུག་བཞིའི་རྗེས་སུ་འབྲངས་པའི་གཅུང་པོ་ཁྱེད་དྲན་བྱུང་།

དྲིན་བྱས་དྲིན་དུ་མི་བསམ་དེང་དུས་ཀྱི་གཞོན་ནུས།
ཡབ་ཡུམ་བགྲེས་སོང་མཐའ་ལ་འབུད་པ་འདིར་བསམ་ཚེ།
དགྲ་འདུལ་གཉེན་སྐྱོང་ཕ་མ་ཡང་རྩེ་རུ་བཀུར་ཏེ།
སྲི་ཞུ་ཞབས་ཏོག་མཁས་པའི་གཅུང་པོ་ཁྱེད་དྲན་བྱུང་།

སྲིན་པོའི་གྲོང་ཁྱེར་འདྲ་བའི་དེང་དུས་ཀྱི་གྲོང་འདིར།
ཐམས་ཅད་དངུལ་ལ་དགའ་བའི་རྣམ་པ་འདིར་བསམ་ཚེ།
རང་ཉིད་ལྟེ་ཁྲག་འཕོས་སའི་རི་གྲོང་གི་གནས་དེར།
ལྷད་མེད་ལྷག་བསམ་དཀར་བའི་གཅུང་པོ་ཁྱེད་དྲན་བྱུང་།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅུང་པོ།

2012-09-29 སྟག་རི་སྲི་ཐར་རྡོ་རྗེ། ཀློག་གྲངས། མཆན ཡོད།


ཁུ་བྱུག་གསུང་སྐད་སྙན་པའི་ནོར་གླིང་གི་ནང་དུ།
མཉམ་འཛོམས་སྟོན་མོར་རོལ་བའི་ཕུ་ནུ་དག་བསམ་ཚེ།
དབྱར་གསུམ་དྲག་ཆར་ཚ་ངད་ཁྱད་པར་དུ་གསད་དེ།
མཐོ་སའི་རི་རྩེ་འགྲིམ་པའི་གཅུང་པོ་ཁྱེད་དྲན་བྱུང་།
 
བཅོ་དྲུག་ལང་ཚོ་རྫོགས་པའི་གྲོང་ཁྱེར་གྱི་གཞོན་ནུ།
དགའ་སྐྱིད་རྫོགས་ལྡན་སློབ་གྲྭའི་སྐྱེད་ཚལ་ལ་རོལ་སྐབས།
ལང་ཚོའི་ལས་དབང་གཡང་དཀར་ལུག་ཁྱུ་དང་འགྲོགས་ནས།
ཤེས་སྦྱོང་གོ་སྐལ་དབེན་པའི་གཅུང་པོ་ཁྱེད་དྲན་བྱུང་།

ཟང་ཟིང་འཁྲུག་ཆ་དོད་པའི་ཨར་ཁང་གི་ནང་དུ།
འདུ་འཛིའི་འཚོ་བར་རོལ་བའི་གཞོན་ནུ་དག་བསམ་ཚེ།
རྫ་ཆུ་གངས་ཆུས་སྐོམ་པའི་གདུང་བ་དག་བསེལ་ཏེ།
གླུ་ལ་སྐལ་བཟང་ལེན་པའི་གཅུང་པོ་ཁྱེད་དྲན་བྱུང་།
དཀར་གསལ་གློག་འོད་བཀྲ་བའི་དྲ་ཁང་གི་ནང་དུ།
གློག་རྡུལ་རྩེད་མོར་རོལ་བའི་བུ་ཕྲུག་དག་བསམ་ཚེ།
ཁ་བ་བུ་ཡུག་ཚུབ་པའི་དགུན་གསུམ་གྱི་དུས་སུ།
སུག་བཞིའི་རྗེས་སུ་འབྲངས་པའི་གཅུང་པོ་ཁྱེད་དྲན་བྱུང་།

དྲིན་བྱས་དྲིན་དུ་མི་བསམ་དེང་དུས་ཀྱི་གཞོན་ནུས།
ཡབ་ཡུམ་བགྲེས་སོང་མཐའ་ལ་འབུད་པ་འདིར་བསམ་ཚེ།
དགྲ་འདུལ་གཉེན་སྐྱོང་ཕ་མ་ཡང་རྩེ་རུ་བཀུར་ཏེ།
སྲི་ཞུ་ཞབས་ཏོག་མཁས་པའི་གཅུང་པོ་ཁྱེད་དྲན་བྱུང་།

སྲིན་པོའི་གྲོང་ཁྱེར་འདྲ་བའི་དེང་དུས་ཀྱི་གྲོང་འདིར།
ཐམས་ཅད་དངུལ་ལ་དགའ་བའི་རྣམ་པ་འདིར་བསམ་ཚེ།
རང་ཉིད་ལྟེ་ཁྲག་འཕོས་སའི་རི་གྲོང་གི་གནས་དེར།
ལྷད་མེད་ལྷག་བསམ་དཀར་བའི་གཅུང་པོ་ཁྱེད་དྲན་བྱུང་།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།