འཇག་མ་དང་རླུང་བུ་གཞན་དག༼ཞར་བཀོད་གཅིག་ཡོད༽


སྤྲིན་པ་ལང་ལོང་འཕྱུར་བས་རི་བོ་བསྒྲིབས་ཤིང་།།
ཉ་མོ་འཁྱུག་འཁྱུག་བྱེད་པས་མཚེའུ་ཆུང་དཀྲོག་དུས།།
ཉི་ཟླ་གཟའ་ཡིས་བཟུང་བའི་མུན་པའི་ཀློང་ན།།
ཁ་བ་བྱེའུ་ཐུ་ཙམ་ཞིག་མར་མར་བབ་བྱུང་།།
 
སྟོང་བའི་རི་ལུང་ཐང་གསུམ་སྟོང་བས་འདེད་ཀྱིན།།
དྲན་གདུང་འཇག་མ་སྐྱ་བོ་བྲང་ལ་འཛུགས་ན།།
གཞི་མེད་ནམ་མཁའི་དབྱིངས་ནས་འཇའ་འོད་ཟེར་གསུམ།།
སྣང་བ་བན་བུན་མཚམས་སུ་འཆར་རྩིས་འདུག་གོ  །
 
ཚུགས་མེད་སྡོང་རྒན་སྐྱ་བོ་རིང་ནས་གདའ་ཡང་།།
ལྗང་མདོག་ལོ་མའི་ཚོགས་ཀྱིས་མཛེས་རྒྱན་ཅང་མེད།།
མཚོ་མོའི་གཏིང་སར་ལུས་པའི་བྱུ་རུའི་ཕྲ་ཚོམ།།
དགུན་ཁའི་གྲང་ངར་འོག་ནས་ལེན་རྒྱུ་མ་བྱུང་།།
 
འཇག་རྩེ་མར་མར་གུག་པའི་ས་སྲོས་ཤིག་ལ།།
བ་སྤུ་ཉུག་ཉུག་འདར་བའི་མཚན་མོ་ཞིག་ལ།།
རྒྱ་ལྕང་ཡལ་གར་དཔྱངས་བའི་ལོ་མ་ཆག་པོ།།
རླུང་བུ་དཀར་ནག་གཉིས་ཀྱིས་ས་ལ་དྲུད་བྱུང་།།
 
སེམས་རྩ་འཁྱག་པས་བསྡམས་པའི་ལོ་དང་ཟླ་བ།།
དབྱངས་འགྲོས་ཐན་ཐུན་འགའ་ཡིས་འཁྱོལ་ཐབས་བྱས་ཀྱང་།།
རེ་བའི་མིག་ཟུང་སྒྲིབ་པའི་རི་བོ་གཟེངས་རིད།།
སྲོད་དང་ཞོགས་ཁའི་བར་ནས་དགྲ་རུ་ལངས་བྱུང་།།
 
      ཟུར་གསུམ་བྲི་རྒྱུ།
 ཕྲེང་བ་ནག་པོ་ཕྲེང་ཐག་དཀར་བོར་བརྒྱུས་ན།།
ཕྱི་ནང་བར་གསུམ་དེ་ཙམ་འཕྲོད་ལེ་མི་འོངས།།
དགེ་ཆོས་སྨྱོན་པའི་རྐང་རྗེས་ཐར་ཐོར་ཞིག་ཏུ།   
མཚན་མོའི་སྤྱིལ་ཆུང་ལྟ་བུའི་རི་མོ་བྲི་རྒྱུ།།
                          
ཁ་དོག་ཟ་ཟིས་དཀྲོགས་པའི་མི་ཕོ་ཁེར་ཡན།།
རི་བོའི་ཟོམ་དུ་བཅུག་ན་རྭ་རྩེ་གཟེངས་འོང་།།
མུན་པའི་འོབས་སུ་བཙུད་ན་འོད་སྣང་རྒྱས་འོང།།
ཐ་གུ་ཕྲ་སྦོམ་གང་གིས་བཀྱིགས་པ་མ་གནང་།།
 
 
གོར་གོར་གྲུ་བཞི་མིན་པའི་རི་མོ་མི་འབྲི།།
འཇིག་རྟེན་རྒན་པོ་ཁོང་གི་ཐུགས་ལ་མི་བབ།།
ཡིན་ཡང་མགོ་རྔ་གཅིག་པའི་ལམ་དུ་མི་འགྲོ།
ཤ་དང་རུས་པའི་ཚོད་ཀྱིས་རྡོག་ཁྲེས་ཁུར་རྒྱུ།།
 
མིག་ཆུ་ཤམ་ཤམ་བཞུར་བའི་ངོ་གདོང་ཟད་པོ།།
ཚོན་སྣ་བརྒྱ་དང་སྟོང་གིས་བྲན་དུ་བཟུང་ཡང་།།
ཁ་དོག་དཀར་དམར་གང་གི་ལྡེབས་སྣ་མེད་པའི།།
སྔོན་པོ་སྔོ་རྐྱང་ཞིག་གི་གཟི་མདངས་རྒྱས་བྱུང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇག་མ་དང་རླུང་བུ་གཞན་དག༼ཞར་བཀོད་གཅིག་ཡོད༽

2012-07-26 འཛི་རྡེའུ་དཀར། ཀློག་གྲངས། མཆན ཡོད།


སྤྲིན་པ་ལང་ལོང་འཕྱུར་བས་རི་བོ་བསྒྲིབས་ཤིང་།།
ཉ་མོ་འཁྱུག་འཁྱུག་བྱེད་པས་མཚེའུ་ཆུང་དཀྲོག་དུས།།
ཉི་ཟླ་གཟའ་ཡིས་བཟུང་བའི་མུན་པའི་ཀློང་ན།།
ཁ་བ་བྱེའུ་ཐུ་ཙམ་ཞིག་མར་མར་བབ་བྱུང་།།
 
སྟོང་བའི་རི་ལུང་ཐང་གསུམ་སྟོང་བས་འདེད་ཀྱིན།།
དྲན་གདུང་འཇག་མ་སྐྱ་བོ་བྲང་ལ་འཛུགས་ན།།
གཞི་མེད་ནམ་མཁའི་དབྱིངས་ནས་འཇའ་འོད་ཟེར་གསུམ།།
སྣང་བ་བན་བུན་མཚམས་སུ་འཆར་རྩིས་འདུག་གོ  །
 
ཚུགས་མེད་སྡོང་རྒན་སྐྱ་བོ་རིང་ནས་གདའ་ཡང་།།
ལྗང་མདོག་ལོ་མའི་ཚོགས་ཀྱིས་མཛེས་རྒྱན་ཅང་མེད།།
མཚོ་མོའི་གཏིང་སར་ལུས་པའི་བྱུ་རུའི་ཕྲ་ཚོམ།།
དགུན་ཁའི་གྲང་ངར་འོག་ནས་ལེན་རྒྱུ་མ་བྱུང་།།
 
འཇག་རྩེ་མར་མར་གུག་པའི་ས་སྲོས་ཤིག་ལ།།
བ་སྤུ་ཉུག་ཉུག་འདར་བའི་མཚན་མོ་ཞིག་ལ།།
རྒྱ་ལྕང་ཡལ་གར་དཔྱངས་བའི་ལོ་མ་ཆག་པོ།།
རླུང་བུ་དཀར་ནག་གཉིས་ཀྱིས་ས་ལ་དྲུད་བྱུང་།།
 
སེམས་རྩ་འཁྱག་པས་བསྡམས་པའི་ལོ་དང་ཟླ་བ།།
དབྱངས་འགྲོས་ཐན་ཐུན་འགའ་ཡིས་འཁྱོལ་ཐབས་བྱས་ཀྱང་།།
རེ་བའི་མིག་ཟུང་སྒྲིབ་པའི་རི་བོ་གཟེངས་རིད།།
སྲོད་དང་ཞོགས་ཁའི་བར་ནས་དགྲ་རུ་ལངས་བྱུང་།།
 
      ཟུར་གསུམ་བྲི་རྒྱུ།
 ཕྲེང་བ་ནག་པོ་ཕྲེང་ཐག་དཀར་བོར་བརྒྱུས་ན།།
ཕྱི་ནང་བར་གསུམ་དེ་ཙམ་འཕྲོད་ལེ་མི་འོངས།།
དགེ་ཆོས་སྨྱོན་པའི་རྐང་རྗེས་ཐར་ཐོར་ཞིག་ཏུ།   
མཚན་མོའི་སྤྱིལ་ཆུང་ལྟ་བུའི་རི་མོ་བྲི་རྒྱུ།།
                          
ཁ་དོག་ཟ་ཟིས་དཀྲོགས་པའི་མི་ཕོ་ཁེར་ཡན།།
རི་བོའི་ཟོམ་དུ་བཅུག་ན་རྭ་རྩེ་གཟེངས་འོང་།།
མུན་པའི་འོབས་སུ་བཙུད་ན་འོད་སྣང་རྒྱས་འོང།།
ཐ་གུ་ཕྲ་སྦོམ་གང་གིས་བཀྱིགས་པ་མ་གནང་།།
 
 
གོར་གོར་གྲུ་བཞི་མིན་པའི་རི་མོ་མི་འབྲི།།
འཇིག་རྟེན་རྒན་པོ་ཁོང་གི་ཐུགས་ལ་མི་བབ།།
ཡིན་ཡང་མགོ་རྔ་གཅིག་པའི་ལམ་དུ་མི་འགྲོ།
ཤ་དང་རུས་པའི་ཚོད་ཀྱིས་རྡོག་ཁྲེས་ཁུར་རྒྱུ།།
 
མིག་ཆུ་ཤམ་ཤམ་བཞུར་བའི་ངོ་གདོང་ཟད་པོ།།
ཚོན་སྣ་བརྒྱ་དང་སྟོང་གིས་བྲན་དུ་བཟུང་ཡང་།།
ཁ་དོག་དཀར་དམར་གང་གི་ལྡེབས་སྣ་མེད་པའི།།
སྔོན་པོ་སྔོ་རྐྱང་ཞིག་གི་གཟི་མདངས་རྒྱས་བྱུང་།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།