སེང་རྡོར་ཟེར་ནོ་ངར་བ་རེད།

          _____ཁ་དོན་མེད་འགུལ་བའི་སྨྱོན་པ་ཚོར་སྦི་རག་དམ་གང་གི་ཚུལ་དུ།
གནས་ལུགས་ཧྲིལ་གྱིས་ཤོད་བའི་ལྕེ་ཞིག་ཡོད། །
ཡིད་བརྙན་ཇི་བཞིན་འབྲི་བའི་རྩལ་ཞིག་ཡོད། །
མཐོ་དམན་སྟངས་འཛིན་བྲལ་བའི་སེམས་ཤིག་ཡོད། །
དོགས་དཔྱོད་བློ་མིག་རྣོ་བའི་ཤེས་རབ་ཡོད། །
བརྒྱ་བྱོན་ཁྲི་བྱོན་གང་ལ་མ་ཡོད་པ། །
སྟོང་བཤད་འབུམ་བཤད་གང་གིས་མ་ཤོད་པ། །
ཤུལ་དུ་ལྷག་པའི་རྩ་གནད་ཕྱོགས་སུ་བསྡུས། །
རིག་པའི་རིན་ཐང་སེང་རྡོར་ཁོ་ནས་བཞག །
 
བཀའ་བསྟན་སེམས་སུ་ངེས་པའི་གདེངས་ཤིག་ཡོད། །
ཤེས་རྒྱ་མཐའ་རུ་བརྒལ་བའི་སྤོབས་ཤིག་ཡོད། །
བདེན་སྨྲའི་རང་ཚུགས་འཆང་བའི་གཤིས་ཤིག་ཡོད། །
ཤེས་རབ་སྐྲ་རྩེར་ལྡིང་བའི་ཉམས་ཤིག་ཡོད། །
སྔོན་བྱོན་མཁས་པ་འབྲུག་འདྲ་ཁྱུང་འདྲ་དང་། །
རིག་སྨྲ་རི་ཕྲེང་བསྟར་འདྲ་བྱོན་ན་ཡང་། །
མཐོང་ཐོས་སྙིམ་ཁུང་དོག་མོ་འདྲ་བ་ལས། །
སེང་རྡོར་དོ་བའི་ཟླ་ཞིག་གང་ན་ཡོད། །
 
ཤེས་མེད་ཁོག་གྱོང་དར་ཞིང་འོད་དཀར་དང་། །
བྱིས་པ་ཀླད་ལོག་འབའ་རྫོང་དཔྱིད་དཔལ་སོགས། །
ཨ་ཕ་མ་གཏོགས་མི་ངོ་མི་ཤེས་པའི། །
སྒྱེད་པུ་མ་གཏོགས་ས་ངོ་མི་རྟོག་པའི། །
སྐྱག་པ་ལག་པས་འབྱིད་མཁན་སྐོར་ཞིག་དང་། །
ཁྱི་རྒྱབས་ཕྱ་ར་འགེབས་མཁན་ཁ་ཅིག་གིས། །
འདུག་ཐབས་མེད་པར་སྨྱོ་གཏམ་བཤད་ན་ཡང་། །
ཆུ་ནང་ཝུ་བ་ཙམ་ལས་ཅི་ཞིག་ཡོད། །
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེང་རྡོར་ཟེར་ནོ་ངར་བ་རེད།

2012-07-22 འཇམ་པའི་དབྱངས། ཀློག་གྲངས། མཆན ཡོད།

          _____ཁ་དོན་མེད་འགུལ་བའི་སྨྱོན་པ་ཚོར་སྦི་རག་དམ་གང་གི་ཚུལ་དུ།
གནས་ལུགས་ཧྲིལ་གྱིས་ཤོད་བའི་ལྕེ་ཞིག་ཡོད། །
ཡིད་བརྙན་ཇི་བཞིན་འབྲི་བའི་རྩལ་ཞིག་ཡོད། །
མཐོ་དམན་སྟངས་འཛིན་བྲལ་བའི་སེམས་ཤིག་ཡོད། །
དོགས་དཔྱོད་བློ་མིག་རྣོ་བའི་ཤེས་རབ་ཡོད། །
བརྒྱ་བྱོན་ཁྲི་བྱོན་གང་ལ་མ་ཡོད་པ། །
སྟོང་བཤད་འབུམ་བཤད་གང་གིས་མ་ཤོད་པ། །
ཤུལ་དུ་ལྷག་པའི་རྩ་གནད་ཕྱོགས་སུ་བསྡུས། །
རིག་པའི་རིན་ཐང་སེང་རྡོར་ཁོ་ནས་བཞག །
 
བཀའ་བསྟན་སེམས་སུ་ངེས་པའི་གདེངས་ཤིག་ཡོད། །
ཤེས་རྒྱ་མཐའ་རུ་བརྒལ་བའི་སྤོབས་ཤིག་ཡོད། །
བདེན་སྨྲའི་རང་ཚུགས་འཆང་བའི་གཤིས་ཤིག་ཡོད། །
ཤེས་རབ་སྐྲ་རྩེར་ལྡིང་བའི་ཉམས་ཤིག་ཡོད། །
སྔོན་བྱོན་མཁས་པ་འབྲུག་འདྲ་ཁྱུང་འདྲ་དང་། །
རིག་སྨྲ་རི་ཕྲེང་བསྟར་འདྲ་བྱོན་ན་ཡང་། །
མཐོང་ཐོས་སྙིམ་ཁུང་དོག་མོ་འདྲ་བ་ལས། །
སེང་རྡོར་དོ་བའི་ཟླ་ཞིག་གང་ན་ཡོད། །
 
ཤེས་མེད་ཁོག་གྱོང་དར་ཞིང་འོད་དཀར་དང་། །
བྱིས་པ་ཀླད་ལོག་འབའ་རྫོང་དཔྱིད་དཔལ་སོགས། །
ཨ་ཕ་མ་གཏོགས་མི་ངོ་མི་ཤེས་པའི། །
སྒྱེད་པུ་མ་གཏོགས་ས་ངོ་མི་རྟོག་པའི། །
སྐྱག་པ་ལག་པས་འབྱིད་མཁན་སྐོར་ཞིག་དང་། །
ཁྱི་རྒྱབས་ཕྱ་ར་འགེབས་མཁན་ཁ་ཅིག་གིས། །
འདུག་ཐབས་མེད་པར་སྨྱོ་གཏམ་བཤད་ན་ཡང་། །
ཆུ་ནང་ཝུ་བ་ཙམ་ལས་ཅི་ཞིག་ཡོད། །
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།