འདི་འདྲ་རེད།

 

 

སྙན་ངག་ཅེས་པའི་མཆོད་ཆང་དེ།།
ཚོར་བའི་ཁམས་ལ་ཤུགས་ཀྱིས་འཐིམ།།
སྙན་ངག་ཅེས་པའི་བསིལ་བ་དེ།།
སྣང་བའི་ངོས་ལ་དལ་གྱིས་བབས།།

སྐར་མས་ལ་མོ་རྒྱག་སྐབས་སུ།།
ཁྱེད་ཀྱི་སྙན་ངག་གཉིད་དུ་ཡུར།།
ཆུ་མོས་འབེལ་གཏམ་སྨྲ་སྐབས་སུ།།
ཁྱེད་ཀྱི་སྙན་ངག་གཉིད་ལས་སད།།

འཚོ་བ་དེ་ཡང་སྙན་ངག་སྟེ།།
དེ་ལ་སྙན་པའི་ཆུ་གཏེར་བརྡོལ།།
འཁོར་བ་འདི་ཡང་སྙན་ངག་སྟེ།།
དེ་ལ་སྙན་པའི་ང་རོ་འཁོར།།

ཕོ་ཡི་ངག་སྒོ་གྲོལ་བ་ན།།
དེ་ལ་སྙན་པའི་ཝུ་བ་འཕྱུར།།
མོ་ཡི་ཚོར་ཤེས་སྦྲིད་བ་ན།།
དེ་ལ་སྙན་པའི་བ་མོ་ཆགས།།

མདོར་ན་ཐམས་ཅད་སྙན་ངག་སྟེ།།
དེ་ལ་མོས་ཤིང་དེ་ལ་འཐད།།
བསྡུས་ན་ཐམས་ཅད་ཚོར་བ་སྟེ།།
དེ་ཡིས་དྲུད་ཅིང་དེ་ཡིས་བཏགས།།

ང་དང་ང་འདྲའི་རིགས་ཤིག་ལ།།
སྙན་ངག་ཅེས་པ་བཏུང་བ་ཡིན།།
དེ་ཉིད་ཧེབ་ཀྱིས་བཏུང་བ་ན།།
སྐོམ་པའི་གདུང་ལ་ཡུན་གྱིས་ཡལ།།

ང་དང་ང་འདྲའི་སྐོར་ཞིག་ལ།།
སྙན་ངག་ཅེས་པ་བཟའ་བ་ཡིན།།
དེ་ཉིད་དལ་མོར་གསོལ་བ་ན།།
བཀྲེས་པའི་སྣང་བ་རིམ་གྱིས་འགག།

སྙན་ངག་བུ་མོའི་རུམ་ཁ་རུ།།
མགོ་བོ་ག་ལེར་ཐོངས་ཤོག་དང་།།
དགའ་བདེའི་ཐག་པ་དམ་པོ་ཡིས།།
ཁྱེད་རང་དམ་དུ་སྡོམ་ངེས་ལགས།།

༼དབུས་གཙང་ཕྱོགས་ནས་ཡིན་པའི་གྲོགས་པོ་རིག་ལྡན་འོད་ཟེར་རམ་སྤྲིན་ཕུང་ལགས་ཀྱི་སྒེར་དེབ་གཉིས་པ་༼སྙན་ངག༽ཅེས་པའི་མགོ་བརྗོད་ཙམ་དུ་ཞོགས་འོད་ནས་2013 11 10ལ་བྲིས་པའོ།།༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདི་འདྲ་རེད།

2013-12-30 ཞོགས་འོད། ཀློག་གྲངས། མཆན ཡོད།

 

 

སྙན་ངག་ཅེས་པའི་མཆོད་ཆང་དེ།།
ཚོར་བའི་ཁམས་ལ་ཤུགས་ཀྱིས་འཐིམ།།
སྙན་ངག་ཅེས་པའི་བསིལ་བ་དེ།།
སྣང་བའི་ངོས་ལ་དལ་གྱིས་བབས།།

སྐར་མས་ལ་མོ་རྒྱག་སྐབས་སུ།།
ཁྱེད་ཀྱི་སྙན་ངག་གཉིད་དུ་ཡུར།།
ཆུ་མོས་འབེལ་གཏམ་སྨྲ་སྐབས་སུ།།
ཁྱེད་ཀྱི་སྙན་ངག་གཉིད་ལས་སད།།

འཚོ་བ་དེ་ཡང་སྙན་ངག་སྟེ།།
དེ་ལ་སྙན་པའི་ཆུ་གཏེར་བརྡོལ།།
འཁོར་བ་འདི་ཡང་སྙན་ངག་སྟེ།།
དེ་ལ་སྙན་པའི་ང་རོ་འཁོར།།

ཕོ་ཡི་ངག་སྒོ་གྲོལ་བ་ན།།
དེ་ལ་སྙན་པའི་ཝུ་བ་འཕྱུར།།
མོ་ཡི་ཚོར་ཤེས་སྦྲིད་བ་ན།།
དེ་ལ་སྙན་པའི་བ་མོ་ཆགས།།

མདོར་ན་ཐམས་ཅད་སྙན་ངག་སྟེ།།
དེ་ལ་མོས་ཤིང་དེ་ལ་འཐད།།
བསྡུས་ན་ཐམས་ཅད་ཚོར་བ་སྟེ།།
དེ་ཡིས་དྲུད་ཅིང་དེ་ཡིས་བཏགས།།

ང་དང་ང་འདྲའི་རིགས་ཤིག་ལ།།
སྙན་ངག་ཅེས་པ་བཏུང་བ་ཡིན།།
དེ་ཉིད་ཧེབ་ཀྱིས་བཏུང་བ་ན།།
སྐོམ་པའི་གདུང་ལ་ཡུན་གྱིས་ཡལ།།

ང་དང་ང་འདྲའི་སྐོར་ཞིག་ལ།།
སྙན་ངག་ཅེས་པ་བཟའ་བ་ཡིན།།
དེ་ཉིད་དལ་མོར་གསོལ་བ་ན།།
བཀྲེས་པའི་སྣང་བ་རིམ་གྱིས་འགག།

སྙན་ངག་བུ་མོའི་རུམ་ཁ་རུ།།
མགོ་བོ་ག་ལེར་ཐོངས་ཤོག་དང་།།
དགའ་བདེའི་ཐག་པ་དམ་པོ་ཡིས།།
ཁྱེད་རང་དམ་དུ་སྡོམ་ངེས་ལགས།།

༼དབུས་གཙང་ཕྱོགས་ནས་ཡིན་པའི་གྲོགས་པོ་རིག་ལྡན་འོད་ཟེར་རམ་སྤྲིན་ཕུང་ལགས་ཀྱི་སྒེར་དེབ་གཉིས་པ་༼སྙན་ངག༽ཅེས་པའི་མགོ་བརྗོད་ཙམ་དུ་ཞོགས་འོད་ནས་2013 11 10ལ་བྲིས་པའོ།།༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།