གངས་རིའི་བུ་མོ་དེ་འདྲ་ག་ལ་ཡིན།

ས་ཉལ་རིན་ཆེན་རྒྱལ།༼མཚོ་ནུབ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-17

 

            ____གངས་རིའི་བུ་མོའི་ལོ་དེབ་ལ་ཆེད་དུ་ཕུལ།
                                              
སྐྱེས་གཟུགས་ཕྲ་མོ་དེ་ཚིགས་དྲུག་སྨྱུག་མ་འདྲ།།
གཞུང་རྒྱུད་དྲང་མོ་དེ་ཤིང་གཞུ་མདའ་མོ་འདྲ།།
ངོ་གདོང་མཛེས་པོ་དེ་ཆུ་སྤྲིན་ལྷ་མོ་འདྲ།།
ཤེས་རབ་སྙིང་རྗེ་དེ་རྗེ་བཙུན་སྒྲོལ་མ་ཡིན།།
 
གངས་དཀར་ཏི་སེ་ཡི་འགྲམ་རྒྱུད་མཐོན་པོ་ན།།
གངས་སེང་དཀར་མོ་ཡི་སྒོ་ཟོག་འཚོ་རོགས་མ།།
གངས་ལྷ་མེ་ཏོག་ཡི་ལང་ཚོ་སྨིན་རོགས་མ།།
འབྲོག་ཐང་སྐྱིད་པོ་ཡི་སྦྲ་ནག་བདག་འཛིན་མ།།
 
བློ་དང་ཤེས་རབ་གྱི་རྣམ་དཔྱོད་རིག་པ་ཅན།།
ཕྱི་ཡག་ནང་འཇམ་གྱི་བྱམས་ལྡན་སྙིང་རྗེ་ཅན།།
ཕྱི་ནང་ཀུན་མཐུན་གྱི་གངས་རིའི་བུ་མོ་དག།
ནམ་ཡང་སྨུག་པོ་གདོང་རྒྱུད་ཀྱི་རྒྱུད་འཛིན་མ།།
 
སྐྱེས་མ་ཁྱེད་འདྲ་འདྲ་མང་པོ་ཡོད་སྲིད་ན།།
མདོ་དབུས་ཁམས་གསུམ་གྱི་བུ་མོ་མིང་གྲགས་ཆེ།།
མ་འོངས་རེ་འབོད་ཀྱི་གངས་རིའི་བུ་མོ་དག།
མ་ཉམས་གོང་འཕེལ་གྱི་ཡར་རྒྱས་ཐོབ་པར་ཤོག།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་རིའི་བུ་མོ་དེ་འདྲ་ག་ལ་ཡིན།

2013-12-17 ས་ཉལ་རིན་ཆེན་རྒྱལ།༼མཚོ་ནུབ༽ ཀློག་གྲངས། མཆན ཡོད།

 

            ____གངས་རིའི་བུ་མོའི་ལོ་དེབ་ལ་ཆེད་དུ་ཕུལ།
                                              
སྐྱེས་གཟུགས་ཕྲ་མོ་དེ་ཚིགས་དྲུག་སྨྱུག་མ་འདྲ།།
གཞུང་རྒྱུད་དྲང་མོ་དེ་ཤིང་གཞུ་མདའ་མོ་འདྲ།།
ངོ་གདོང་མཛེས་པོ་དེ་ཆུ་སྤྲིན་ལྷ་མོ་འདྲ།།
ཤེས་རབ་སྙིང་རྗེ་དེ་རྗེ་བཙུན་སྒྲོལ་མ་ཡིན།།
 
གངས་དཀར་ཏི་སེ་ཡི་འགྲམ་རྒྱུད་མཐོན་པོ་ན།།
གངས་སེང་དཀར་མོ་ཡི་སྒོ་ཟོག་འཚོ་རོགས་མ།།
གངས་ལྷ་མེ་ཏོག་ཡི་ལང་ཚོ་སྨིན་རོགས་མ།།
འབྲོག་ཐང་སྐྱིད་པོ་ཡི་སྦྲ་ནག་བདག་འཛིན་མ།།
 
བློ་དང་ཤེས་རབ་གྱི་རྣམ་དཔྱོད་རིག་པ་ཅན།།
ཕྱི་ཡག་ནང་འཇམ་གྱི་བྱམས་ལྡན་སྙིང་རྗེ་ཅན།།
ཕྱི་ནང་ཀུན་མཐུན་གྱི་གངས་རིའི་བུ་མོ་དག།
ནམ་ཡང་སྨུག་པོ་གདོང་རྒྱུད་ཀྱི་རྒྱུད་འཛིན་མ།།
 
སྐྱེས་མ་ཁྱེད་འདྲ་འདྲ་མང་པོ་ཡོད་སྲིད་ན།།
མདོ་དབུས་ཁམས་གསུམ་གྱི་བུ་མོ་མིང་གྲགས་ཆེ།།
མ་འོངས་རེ་འབོད་ཀྱི་གངས་རིའི་བུ་མོ་དག།
མ་ཉམས་གོང་འཕེལ་གྱི་ཡར་རྒྱས་ཐོབ་པར་ཤོག།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།