གནའ་བོའི་རོལ་དབྱངས།

 

 

ཁྱེད་ཀྱི་མགྲིན་པའི་སྦུག་ལས་དབྱངས་ཀྱི་སྨུག་པ་ལངས་ཏེ།།
འཁོར་བའི་རི་བོའི་སུལ་དུ་སྨུག་པས་ལྡིང་སྐོར་བརྒྱབ་བྱུང་།།
དབང་པོ་རྣམ་ལྔའི་ཡུལ་དུ་འཇའ་ཚོན་སྣ་ལྔ་ཤར་བས།།
འོད་དང་འོད་ཀྱི་ཕོན་པོ་ཕྱི་དང་ནང་དུ་ཁྱབ་སོང་།།

སོར་མོས་ལྡེམ་མྱུར་རེ་ལ་སྒྱུ་རྩལ་སུམ་བརྒྱ་དྲུག་ཅུ།།
རྒྱུད་སྐུད་དཀྲོལ་སྟངས་རེ་ལ་མཚོན་ཐབས་ལྔ་བརྒྱ་ལྔ་བཅུ།།
སྙན་པའི་གདངས་ཀྱི་གཏིང་ལ་སྙིང་གི་ལག་ཟུང་དྲུད་དེ།།
ལོ་བརྒྱའི་ངོ་གདོང་རྙིང་བར་ཡང་བསྐྱར་འཛུམ་ཞིག་མངོན་བྱུང་།།

སྙན་པའི་དབྱངས་ཀྱི་གྲེ་བ་སྙན་ལྷང་ལྷང་དུ་འགུལ་བས།།
རྣམ་ཤེས་ཁྲི་སྟོང་མང་པོ་དེ་ཡི་འཁོར་དུ་འཚངས་བྱུང་།།
སྐྱེ་དངོས་མཐའ་དག་གིས་ཀྱང་རྣ་བ་རྒྱང་ལ་བཙུགས་ཏེ།།
རེ་སྒུག་ཉིན་ཞག་གྲངས་ལ་སེམས་ཀྱིས་ལྐོག་ཉན་བྱས་ཡོད།།

དབྱངས་ཀྱི་དར་ཐག་དཀར་པོས་ང་རང་དམ་དུ་བསྡམས་དུས།།
ང་ཡི་ཚེ་བླ་སྲོག་གསུམ་དར་ཅིག་བརྒྱལ་བར་བྱས་སོ།།
ང་ནི་དཀའ་བས་གདུང་སྟེ་ཞལ་དྲོ་ལན་གསུམ་ཞུས་ཀྱང་།།
ཚོར་བའི་སྒེའུ་ཡོལ་ངོས་སུ་ཡིག་འབྲི་དམར་པོ་དོད་བྱུང་།།

ནས་ཆང་དཀར་པོའི་བཅུད་ལས་འདི་ཉིད་ཁོ་ན་ལེགས་ཏེ།།
ཡིད་ཀྱི་མེ་ལོང་ངོས་སུ་ཡིད་དགའི་ཞབས་བྲོ་རྒྱགས་སོ།།
རྒུན་ཆང་དམ་བུ་གང་ལས་འདི་ཉིད་འབའ་ཞིག་བཟང་སྟེ།།
རྟོག་པའི་ཡུམ་ཁམས་ཀུན་ཏུ་ངོ་མཚར་ལྗོངས་རྒྱུར་འཁྲིད་དོ།།

                           2014   6  22

           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནའ་བོའི་རོལ་དབྱངས།

2014-11-16 ཞོགས་འོད། ཀློག་གྲངས། མཆན ཡོད།

 

 

ཁྱེད་ཀྱི་མགྲིན་པའི་སྦུག་ལས་དབྱངས་ཀྱི་སྨུག་པ་ལངས་ཏེ།།
འཁོར་བའི་རི་བོའི་སུལ་དུ་སྨུག་པས་ལྡིང་སྐོར་བརྒྱབ་བྱུང་།།
དབང་པོ་རྣམ་ལྔའི་ཡུལ་དུ་འཇའ་ཚོན་སྣ་ལྔ་ཤར་བས།།
འོད་དང་འོད་ཀྱི་ཕོན་པོ་ཕྱི་དང་ནང་དུ་ཁྱབ་སོང་།།

སོར་མོས་ལྡེམ་མྱུར་རེ་ལ་སྒྱུ་རྩལ་སུམ་བརྒྱ་དྲུག་ཅུ།།
རྒྱུད་སྐུད་དཀྲོལ་སྟངས་རེ་ལ་མཚོན་ཐབས་ལྔ་བརྒྱ་ལྔ་བཅུ།།
སྙན་པའི་གདངས་ཀྱི་གཏིང་ལ་སྙིང་གི་ལག་ཟུང་དྲུད་དེ།།
ལོ་བརྒྱའི་ངོ་གདོང་རྙིང་བར་ཡང་བསྐྱར་འཛུམ་ཞིག་མངོན་བྱུང་།།

སྙན་པའི་དབྱངས་ཀྱི་གྲེ་བ་སྙན་ལྷང་ལྷང་དུ་འགུལ་བས།།
རྣམ་ཤེས་ཁྲི་སྟོང་མང་པོ་དེ་ཡི་འཁོར་དུ་འཚངས་བྱུང་།།
སྐྱེ་དངོས་མཐའ་དག་གིས་ཀྱང་རྣ་བ་རྒྱང་ལ་བཙུགས་ཏེ།།
རེ་སྒུག་ཉིན་ཞག་གྲངས་ལ་སེམས་ཀྱིས་ལྐོག་ཉན་བྱས་ཡོད།།

དབྱངས་ཀྱི་དར་ཐག་དཀར་པོས་ང་རང་དམ་དུ་བསྡམས་དུས།།
ང་ཡི་ཚེ་བླ་སྲོག་གསུམ་དར་ཅིག་བརྒྱལ་བར་བྱས་སོ།།
ང་ནི་དཀའ་བས་གདུང་སྟེ་ཞལ་དྲོ་ལན་གསུམ་ཞུས་ཀྱང་།།
ཚོར་བའི་སྒེའུ་ཡོལ་ངོས་སུ་ཡིག་འབྲི་དམར་པོ་དོད་བྱུང་།།

ནས་ཆང་དཀར་པོའི་བཅུད་ལས་འདི་ཉིད་ཁོ་ན་ལེགས་ཏེ།།
ཡིད་ཀྱི་མེ་ལོང་ངོས་སུ་ཡིད་དགའི་ཞབས་བྲོ་རྒྱགས་སོ།།
རྒུན་ཆང་དམ་བུ་གང་ལས་འདི་ཉིད་འབའ་ཞིག་བཟང་སྟེ།།
རྟོག་པའི་ཡུམ་ཁམས་ཀུན་ཏུ་ངོ་མཚར་ལྗོངས་རྒྱུར་འཁྲིད་དོ།།

                           2014   6  22

           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།