ས་ལ་བརྡར་བའི་གཟན།

སྐལ་བཟང་སྦྱིན་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-11-14

 

 

ཐུབ་པ་མཆོག་གི་རྗེས་འཇུག་ཟེར་ན་སྐྱ་སེར་ཁ་ཁ་སོ་སོར་ཞོགས། ། 
ཐུབ་པའི་ཆས་དང་ལྟ་བ་འཛིན་ན་ཆོས་པ་རྫུན་མའི་གདོང་ལྤགས་ཤུས། ། 
ཐུབ་པའི་བསྟན་ལ་སྡང་སེམས་ཡོད་ན་གྲྭ་ལྭ་དམར་སེར་མཛའ་རབས་མེད། ། 
ཐུབ་པའི་དྲུང་གི་དགེ་སྦྱོང་འདོད་ན་ཆགས་སྤྱོད་དེ་རུ་མཚམས་འཇོག་མཛོད། ། 

བདེན་བཞིའི་བླང་དོར་སྦྱངས་པ་མ་སོང་མི་སྐྱ་དཀྱུས་མའི་ནང་རོལ་ཏུ། ། 
འཇིག་རྟེན་ཚུར་མཐོང་ངོ་སོ་རེ་ལ་ངོ་ཚ་རྩི་སྲུང་ཡོད་སྐད་ཅེས། ། 
མགོ་རྡོ་ང་ཡིས་མ་བཤད་ན་ཡང་མིག་གི་ཐད་ན་བཤམས་བཞག་པ། ། 
ཁྱོད་འདྲའི་ཕག་གི་ཀླད་པ་མིན་ན་ཀུན་གྱིས་ཤེས་ཚོད་རེད་བཞག་འདུག  །

ཕྱི་ཤུན་བཙུན་གཟུགས་དམར་མདོག་ཙམ་ལ་ཁོ་བོས་ཧཱུྃ་ཤི་ཕཊ་ཀྱིས་འདེད། ། 
ནང་ཁོག་རྫས་ངན་བརྫངས་པའི་གྲྭ་བ་ཁོ་བོས་སྲུང་མར་བསྒྲལ་དགོས་ཟེར། ། 
ཁྲིམས་ལྡན་བཙུན་པའི་ལྷ་ལུང་ཞིག་ནས་གདོན་འདྲེ་འདི་ག་འབུད་རབས་མེད། ། 
ཤཱཀྱའི་རྗེ་བོའི་རྗེས་བསྙེགས་པ་ལ་ཞབས་འདྲེན་འདི་ཚོ་མཁོ་རབས་མེད། །

རྟགས་ཙམ་འཛིན་པ་སྙིགས་མའི་དུས་ཏེ་དེ་རིང་ཁ་སང་ཁུ་ལོ་ཚོ། །
བུ་མོས་འཆོལ་ལབ་སྒྱུ་མའི་ཁུག་ནས་གཟན་སྣེ་དམར་པོ་ས་རུ་བརྡར། །
གསར་དུས་སྐྲ་ལོ་གྲིས་ཡིས་བཅད་པ་སེམས་ཀྱི་འདུ་ཤེས་རླུང་གིས་སྤུར། །
བསླབ་གསུམ་མུ་ཁྱུད་སྙིང་གི་དམ་ཚིག་སྒེག་ལྡན་མི་མོས་རིང་སར་བསྐྲད། །

ཁྱོད་ནི་རྒོད་པོའི་གཤོག་པར་བཏེགས་པའི་ཁ་ལས་ཅན་གྱི་མཐོ་སློབ་པ། ། 
ཁྱོད་ནི་སེངྒེའི་རལ་བར་བྱུགས་པ་རིན་ཐང་འབར་བའི་དགེ་འདུན་པ། ། 
ཁྱོད་ནི་སྐྱེ་འགྲོའི་ཏོག་ཏུ་འདོད་པ་སྟོང་ཉིད་འཆད་པའི་རིག་སྨྲ་བ། ། 
ཁྱོད་ནི་གཞལ་བྱའི་གནས་ལ་མཁས་པ་ནང་བ་ཚང་གི་གྲར་ཞུགས་པ། ། 

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་ལ་བརྡར་བའི་གཟན།

2014-11-14 སྐལ་བཟང་སྦྱིན་པ། ཀློག་གྲངས། མཆན ཡོད།

 

 

ཐུབ་པ་མཆོག་གི་རྗེས་འཇུག་ཟེར་ན་སྐྱ་སེར་ཁ་ཁ་སོ་སོར་ཞོགས། ། 
ཐུབ་པའི་ཆས་དང་ལྟ་བ་འཛིན་ན་ཆོས་པ་རྫུན་མའི་གདོང་ལྤགས་ཤུས། ། 
ཐུབ་པའི་བསྟན་ལ་སྡང་སེམས་ཡོད་ན་གྲྭ་ལྭ་དམར་སེར་མཛའ་རབས་མེད། ། 
ཐུབ་པའི་དྲུང་གི་དགེ་སྦྱོང་འདོད་ན་ཆགས་སྤྱོད་དེ་རུ་མཚམས་འཇོག་མཛོད། ། 

བདེན་བཞིའི་བླང་དོར་སྦྱངས་པ་མ་སོང་མི་སྐྱ་དཀྱུས་མའི་ནང་རོལ་ཏུ། ། 
འཇིག་རྟེན་ཚུར་མཐོང་ངོ་སོ་རེ་ལ་ངོ་ཚ་རྩི་སྲུང་ཡོད་སྐད་ཅེས། ། 
མགོ་རྡོ་ང་ཡིས་མ་བཤད་ན་ཡང་མིག་གི་ཐད་ན་བཤམས་བཞག་པ། ། 
ཁྱོད་འདྲའི་ཕག་གི་ཀླད་པ་མིན་ན་ཀུན་གྱིས་ཤེས་ཚོད་རེད་བཞག་འདུག  །

ཕྱི་ཤུན་བཙུན་གཟུགས་དམར་མདོག་ཙམ་ལ་ཁོ་བོས་ཧཱུྃ་ཤི་ཕཊ་ཀྱིས་འདེད། ། 
ནང་ཁོག་རྫས་ངན་བརྫངས་པའི་གྲྭ་བ་ཁོ་བོས་སྲུང་མར་བསྒྲལ་དགོས་ཟེར། ། 
ཁྲིམས་ལྡན་བཙུན་པའི་ལྷ་ལུང་ཞིག་ནས་གདོན་འདྲེ་འདི་ག་འབུད་རབས་མེད། ། 
ཤཱཀྱའི་རྗེ་བོའི་རྗེས་བསྙེགས་པ་ལ་ཞབས་འདྲེན་འདི་ཚོ་མཁོ་རབས་མེད། །

རྟགས་ཙམ་འཛིན་པ་སྙིགས་མའི་དུས་ཏེ་དེ་རིང་ཁ་སང་ཁུ་ལོ་ཚོ། །
བུ་མོས་འཆོལ་ལབ་སྒྱུ་མའི་ཁུག་ནས་གཟན་སྣེ་དམར་པོ་ས་རུ་བརྡར། །
གསར་དུས་སྐྲ་ལོ་གྲིས་ཡིས་བཅད་པ་སེམས་ཀྱི་འདུ་ཤེས་རླུང་གིས་སྤུར། །
བསླབ་གསུམ་མུ་ཁྱུད་སྙིང་གི་དམ་ཚིག་སྒེག་ལྡན་མི་མོས་རིང་སར་བསྐྲད། །

ཁྱོད་ནི་རྒོད་པོའི་གཤོག་པར་བཏེགས་པའི་ཁ་ལས་ཅན་གྱི་མཐོ་སློབ་པ། ། 
ཁྱོད་ནི་སེངྒེའི་རལ་བར་བྱུགས་པ་རིན་ཐང་འབར་བའི་དགེ་འདུན་པ། ། 
ཁྱོད་ནི་སྐྱེ་འགྲོའི་ཏོག་ཏུ་འདོད་པ་སྟོང་ཉིད་འཆད་པའི་རིག་སྨྲ་བ། ། 
ཁྱོད་ནི་གཞལ་བྱའི་གནས་ལ་མཁས་པ་ནང་བ་ཚང་གི་གྲར་ཞུགས་པ། ། 

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།