གྲོགས་པོ་བོར་བའི་ཉིན་དེར།

དཔྱིད་ཀྱི་ཕོ་ཉ།༼ལྷ་ས༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-08-14

ཆོས་རྣམས་རང་བཞིན་མི་གཏན་རྨི་ལམ་གྱི་བུ་མོ།།
འདུས་བྲལ་སྙིང་པོ་མེད་པ་ཆུ་ཤིང་གི་སྡོང་པོ།།
རང་སེམས་ཡེ་ནས་དག་པའི་ཕ་གཞིས་དེའི་ནང་དུ།།
འཕགས་ནོར་མཛད་མེད་སྤྱོད་པའི་སྐལ་བ་ཞིག་ཨེ་ཡོད།།

མི་རྟག་རྒད་མོས་བསྐྲུན་པའི་འདི་སྣང་གི་འཇིག་རྟེན།།
རྟག་འཛིན་བཟོ་བོས་བཅོས་ཏེ་གཏན་གཏན་འདྲ་འདུག་ཀྱང།།
འཆི་བདག་གཟའ་བདུད་ནག་པོས་སྣང་མེད་ཀྱི་ངང་ནས།།
གྲོགས་པོ་འགྲམ་ནས་ཁྲིད་དུས་འཇིགས་ཡེར་ཞིག་བྱུང་ངོ་།།

ཁ་སང་མཉམ་དུ་འགྲོགས་ནས་གང་འདོད་ཅིག་བཤད་ཡོད།།
སང་ཉིན་འདི་དང་དེ་ཞེས་ཕུགས་བསམ་ཞིག་བཅངས་སོང་།།
ལོ་དང་ཟླ་བའི་ཕུགས་འདུན་རྨི་ལམ་དེ་བཞག་སྟེ།།
གྲོགས་ཁྱེད་གློ་བུར་འདི་ནས་གང་ཞིག་ཏུ་བཞུད་དམ།།

ཕྱི་ཡི་འཇིག་རྟེན་གོ་ལ་ཟླུམ་གཟུགས་འདིའི་སྟེང་དུ།།
ནང་གི་འགྲོ་བའི་ཁ་གྲངས་ཆུ་རྡུལ་དང་མཉམ་ཡང་།།
གྲོགས་ཁྱེད་འཇིག་རྟེན་བོར་བའི་ཕྱི་ཉིན་ནས་བཟུང་སྟེ།།
ང་རང་གཅིག་པུར་ལུས་པའི་སྣང་བ་རང་ཤར་འོང་།།

ཕྲག་དོག་ཁྲག་གིས་སྨྱོས་པའི་གྲོགས་པོ་དེ་བསྐྱུར་ཅིང་།།
ལྟོ་གོས་གཏམ་རྗེས་སྙེག་མཁན་གྲོགས་མོ་དེ་བོར་ནས།།
ཁེར་འགྲོ་ཁེར་འདུག་ས་ཕྱོགས་ངེས་མེད་ཞིག་འགྲིམས་དུས།།
བསམ་འདུན་ལ་རྒྱ་ཟབ་པའི་གྲོགས་བཟང་ཁྱེད་ཐུག་བྱུང་།།

བསམ་པ་ཐམས་ཅད་གཞན་ལ་ཕན་ན་རང་བསམས་ཏེ།།
བཤད་པ་ཐམས་ཅད་དོན་དང་གནས་ལུགས་ཀྱིས་རྒྱན་ཅིང་།།
ཤ་ཟད་རུས་ལ་ཐུག་ཀྱང་ལག་ལེན་ལ་གཞོལ་བའི།།
གྲོགས་པོ་ཁྱེད་འདྲ་རིན་ཆེན་དང་པོ་ལས་དཀོན་པ།།

ལས་ཀྱི་རླུང་བུས་དེད་པའི་ས་མཐའ་ཡི་ཡུལ་ནས།།
གཟའ་ཚེས་མ་ངེས་ཉིན་དེར་གྲོགས་པོ་རུ་གྱུར་ཀྱང་།།
སེམས་དང་བསམ་པ་འགྲོག་པའི་ཉིན་ཞག་འགའི་བར་ནས།།
འཆི་བདག་མུན་པའི་ཡོལ་བས་སོ་སོ་རུ་འཕྲལ་བྱུང་།།

སྐྱེས་ནས་སྐད་ཅིག་མི་སྡོད་འདུས་བྱས་ཀྱི་ཆོས་ཉིད།།
འཆི་བ་རང་གིས་མ་ངེས་སོ་སྐྱེ་ཡི་རང་བཞིན།།
དེ་རིང་ཙམ་ཡང་མི་འཆི་གདེང་མེད་ཀྱི་གནས་ནས།།
གཏན་དུ་འཚོ་ཐབས་བྱེད་པའི་ངང་རིང་འདི་སྐྱོ་བ།།

ལས་འབྲས་བདེན་པ་དཀར་པོ་ཟོ་ཆུན་གྱི་འཁྱུད་མོ།།
དལ་མེད་མཛུབ་རྩེར་འཁོར་བའི་གཏམ་རྒྱུད་དེ་བདེན་ནམ།།
མི་ངན་མགོ་འཕང་མཐོ་བའི་ས་ཆེན་འདིའི་སྟེང་དུ།།
དམ་པ་ཚེ་བསོད་དམན་པའི་ངལ་བ་འདི་ཅི་ཡིན།།

ཆོས་བརྒྱད་པང་དུ་ཉལ་བའི་རྨི་ལམ་གྱི་བུ་མོ།།
སྣང་སྲིད་འདུ་འཛིའི་འཇོ་སྒེག་ལྷུག་པོ་རུ་སྤྲོས་ཏེ།།
གར་གྱི་སྟངས་སྟབས་ཁྲོད་ནས་སྐད་ཅིག་ལ་ཡལ་དུས།།
མི་ཚེའི་སྙིང་པོ་ཟེར་བ་འདི་འདྲ་ཞིག་ཨེ་ཡིན།།

འཆི་བ་འཆི་བ་ཟེར་ནས་ལོ་ཟླ་འགའ་ཟད་ཀྱང་།།
གྲོགས་ཁྱེད་གློ་བུར་གཤེགས་པའི་རྐྱེན་ངན་དང་འཕྲད་དུས།།
དཀྱིལ་དཀྲུང་མཉམ་བཞག་ཟོག་པོའི་ཆོས་གཟུགས་དེ་ཡལ་ནས།།
རྐང་འཁྲབ་ལག་འཁྲབ་སོ་སྐྱེའི་རང་བཞིན་དེ་མངོན་བྱུང་།།

ཁྱེད་ཀྱིས་ཁ་སང་བཞག་པའི་ལག་རྗེས་གང་ཡོད་པ།།
དེ་རིང་༸རྒྱལ་བའི་སྤྱན་ལ་མཆོད་སྤྲིན་དུ་གྱུར་ནས།།
འདས་པོ་ཨ་ཁ་གསུང་བཞིན་ཐུགས་སྨོན་དང་ལྷན་ཅིག།།
ཤུལ་ལུས་བཟའ་ཟླའི་མགོ་བོར་བྱིལ་བྱིལ་ཡང་གནང་སོང་།།

འཇིག་རྟེན་ཕ་རོལ་ཟེར་བ་གང་འདྲ་ཞིག་འདུག་གམ།།
ཁྱེད་རང་ཡོད་སའི་གནས་དེ་སྐྱིད་པོ་ཞིག་འདུག་གམ།།
འདས་མཆོད་མར་མེའི་འོད་ལ་གསལ་སྣང་ཞིག་ཨེ་འདུག།།
ང་ཡི་སྐྱོ་ངག་འདི་ཚོ་ཐོས་ཐོས་འདྲ་བྱུང་ངམ།།

ཡ་གིའི་བདེ་བ་ཅན་དེ་སྐྱིད་པོ་ཞིག་ཡོད་ན།།
ལས་འབྲས་བདེན་པའི་འཁོར་ལོ་འཁོར་ཕྱོགས་ཤིག་ཡོད་ན།།
སེམས་པ་ཁ་དོག་མེད་པའི་གྲོགས་མཆོག་ཁྱེད་འདྲ་བ།།
ངལ་མེད་ལྷོད་སྡོད་བྱེད་སའི་ཁོར་ཡུག་ཅིག་ལོས་ཡོད།།

གྲོགས་ཀྱི་ཤ་ཁྲག་རུས་གསུམ་ཐལ་བ་དང་འདྲེས་སོང་།།
སེམས་པ་བྱ་སྒྲོ་རླུང་འཁྱེར་བར་སྣང་ལ་བཞུད་སོང་།།
དམ་ཚིག་གཏན་གྱི་འདུན་མའི་རྨུ་ཐག་དེ་ཟིན་ནས།།
རྩ་གསུམ་ལྷ་ཡི་འཁོར་ལོར་སྨོན་ལམ་ཞིག་བཏབ་ཡོད།།
    གྲོགས་པོ་བློ་ཐུབ་ཅིག་གློ་བུར་དུས་མིན་འཆི་བས་ཟིན་པའི་ཉིན་འགའི་རིང་སེམས་པ་སྟོང་ལྷང་ལྷང་དུ་འགྱུར་བའི་ངང་ནས་ཤར་བྲིས་བྱས།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་པོ་བོར་བའི་ཉིན་དེར།

2014-08-14 དཔྱིད་ཀྱི་ཕོ་ཉ།༼ལྷ་ས༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།