འཆར་ཡན་ལྡོམ་པོ་ཞིག


དཀར་དམར་ལྗང་གསུམ་གྱི་ཚོས་ཁ་དོད་པའི།།
རེ་བའི་རྨི་ལམ་ཞིག་ང་ལ་རྨིས་ཏེ།།
སེམས་ཉིད་དབྱིངས་རིག་གི་ཚོར་བ་མོག་པོ།།
བྱང་མཐའི་རྒྱ་མཚོ་ཡི་གཏིང་ལ་གཏོར་སོང་།།

རྟོག་པའི་འཆར་ཡན་གྱི་ཆུ་བོ་བྲུག་སྟེ།།
དྲན་པའི་མེ་ཏོག་དེ་འདམ་ལ་བརྡབས་པས།།
བདག་འཛིན་བུ་ཆུང་གི་མིག་མཐའི་མཆི་མ།།
དབྱངས་ཅན་ལྷ་མོ་ཡི་པང་དུ་ལྷུང་བྱུང་།།

གནམ་ས་ཁ་སྦྱོར་གྱི་སྡུག་བསྔལ་ཞིག་གིས།།
སྡེ་ཆེན་གྲོང་སྡེ་ཞིག་སྡུག་གིས་གནོན་དུས།།
གཟུང་འཛིན་ཐ་གུ་དེ་གཞི་ནས་བཅད་པའི།།
ཕུག་པའི་སྒོམ་ཆེན་པ་འཛུམ་གྱིས་བཞད་འདུག།

གསལ་ལ་མི་གསལ་བའི་སེམས་ཚོར་དེ་ག།
སྣང་ལ་མི་སྣང་བའི་གཟུགས་རིས་འདི་ག།
ཡེ་ཤེས་མེ་ལོང་གི་ངོས་སུ་ཤར་ཚེ།།
ཡིད་ཀྱི་བདེ་བ་ཡང་ཡན་གར་བོར་འགྲོ།

རུས་པའི་ཡང་གསང་ལ་དྲོད་ཅིག་མཆེད་པས།།
འོད་ཀྱི་གསང་མདུད་དེ་རང་གར་གྲོལ་སོང་།།
སྣང་བ་མཁའ་ཡན་གྱི་རྟ་མཆོག་དེས་ཀྱང་།།
ཞེན་པའི་འཚེར་སྐད་ཅིག་ལྷོད་ཀྱིས་འཐེན་བྱུང་།།

སྙིང་གི་སྲུབས་ཀ་རུ་གཟེར་ཞིག་ལངས་ཏེ།།
ངག་གི་འདུ་བྱེད་ཀྱང་འདར་བར་བྱས་པས།།
སྒྱུ་མའི་ཐང་སྟོང་གི་འཇག་མ་འགའ་ཡིས།།
སྨྲེང་བའི་སྨྲེང་གླུ་ཞིག་རྟག་པར་གྱེར་འདུག།

ཚིག་གི་ཆར་བ་དེ་སེམས་ལ་བབས་དུས།།
དོན་གྱི་སྙེ་མ་ཡང་བློ་ན་རྒྱས་འདུག།
མཛེས་པའི་ཀུན་རྟོག་གི་རི་མོ་འདི་ཉིད།།
འདི་ལས་གློ་བུར་དུ་བསུབ་དགོས་བྱུང་ཐལ།།

                          2014   4    10
 

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆར་ཡན་ལྡོམ་པོ་ཞིག

2014-08-05 ཞོགས་འོད། ཀློག་གྲངས། མཆན ཡོད།


དཀར་དམར་ལྗང་གསུམ་གྱི་ཚོས་ཁ་དོད་པའི།།
རེ་བའི་རྨི་ལམ་ཞིག་ང་ལ་རྨིས་ཏེ།།
སེམས་ཉིད་དབྱིངས་རིག་གི་ཚོར་བ་མོག་པོ།།
བྱང་མཐའི་རྒྱ་མཚོ་ཡི་གཏིང་ལ་གཏོར་སོང་།།

རྟོག་པའི་འཆར་ཡན་གྱི་ཆུ་བོ་བྲུག་སྟེ།།
དྲན་པའི་མེ་ཏོག་དེ་འདམ་ལ་བརྡབས་པས།།
བདག་འཛིན་བུ་ཆུང་གི་མིག་མཐའི་མཆི་མ།།
དབྱངས་ཅན་ལྷ་མོ་ཡི་པང་དུ་ལྷུང་བྱུང་།།

གནམ་ས་ཁ་སྦྱོར་གྱི་སྡུག་བསྔལ་ཞིག་གིས།།
སྡེ་ཆེན་གྲོང་སྡེ་ཞིག་སྡུག་གིས་གནོན་དུས།།
གཟུང་འཛིན་ཐ་གུ་དེ་གཞི་ནས་བཅད་པའི།།
ཕུག་པའི་སྒོམ་ཆེན་པ་འཛུམ་གྱིས་བཞད་འདུག།

གསལ་ལ་མི་གསལ་བའི་སེམས་ཚོར་དེ་ག།
སྣང་ལ་མི་སྣང་བའི་གཟུགས་རིས་འདི་ག།
ཡེ་ཤེས་མེ་ལོང་གི་ངོས་སུ་ཤར་ཚེ།།
ཡིད་ཀྱི་བདེ་བ་ཡང་ཡན་གར་བོར་འགྲོ།

རུས་པའི་ཡང་གསང་ལ་དྲོད་ཅིག་མཆེད་པས།།
འོད་ཀྱི་གསང་མདུད་དེ་རང་གར་གྲོལ་སོང་།།
སྣང་བ་མཁའ་ཡན་གྱི་རྟ་མཆོག་དེས་ཀྱང་།།
ཞེན་པའི་འཚེར་སྐད་ཅིག་ལྷོད་ཀྱིས་འཐེན་བྱུང་།།

སྙིང་གི་སྲུབས་ཀ་རུ་གཟེར་ཞིག་ལངས་ཏེ།།
ངག་གི་འདུ་བྱེད་ཀྱང་འདར་བར་བྱས་པས།།
སྒྱུ་མའི་ཐང་སྟོང་གི་འཇག་མ་འགའ་ཡིས།།
སྨྲེང་བའི་སྨྲེང་གླུ་ཞིག་རྟག་པར་གྱེར་འདུག།

ཚིག་གི་ཆར་བ་དེ་སེམས་ལ་བབས་དུས།།
དོན་གྱི་སྙེ་མ་ཡང་བློ་ན་རྒྱས་འདུག།
མཛེས་པའི་ཀུན་རྟོག་གི་རི་མོ་འདི་ཉིད།།
འདི་ལས་གློ་བུར་དུ་བསུབ་དགོས་བྱུང་ཐལ།།

                          2014   4    10
 

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།