འཇིག་རྟེན་ཚོན་བྲིས་མ།

དཔྱིད་རླུང་བསིལ་མོས་ཅུང་ཙམ་སྒུལ་དུས་ཡིད་ཀྱི་ངལ་བ་རྒྱང་དུ་ཡལ། །
འདུ་ཚོགས་ནུར་བའི་རྡོག་སྣེ་ཟད་པོས་ས་ཆེན་བྲང་ལ་སུག་རྗེས་བཞག །
ཚ་འབར་དམར་པོས་ཤ་ཁྲག་བསྲེགས་སོང་ཤེས་ཚོར་ཉམས་པའི་དུས་ཚིགས་སོ། །
འཚོལ་བསྙེག་རེ་བས་འཇིག་རྟེན་ཉུལ་ཏེ་ལུས་པོ་མལ་ནས་རོ་རུ་གྱུར། །

རྙེད་པར་དཀའ་བའི་འཐོབ་བྱ་དེ་ནི་ཐོབ་ཚེ་གདོན་གྱི་སོ་ཁར་ལྷུང་། །
མི་བུ་གཞན་གྱི་ལད་མོ་མ་བྱས་མ་གཞི་རྫུན་གྱིས་འཆའ་སྟེ་འོང་། །
འབེལ་བཤད་བྲལ་བའི་ཚོར་བའི་མེ་སྟག་ཡིད་ཀྱི་ཀློང་ནས་རྦ་བཞིན་འཕྱུར། །
གངས་རིའི་ཕྱོགས་ལ་ཡང་ཡང་བལྟས་ཚེ་དྲན་པའི་ཡིག་འབྲུ་དེ་ན་འཚེར། །

ད་ཚོད་བསྲོ་བའི་འཇིག་རྟེན་འདི་ལ་ལུས་སེམས་བྲོད་པའི་སྙིང་གཏམ་ཡལ། །
བདག་གི་ལོ་ཟླ་མུ་ཁས་དམོད་ཀྱང་ང་ཡི་ལམ་དེ་དབྱིངས་སུ་ཟུག །
ཧུར་དུ་ཅེར་བའི་དུས་ཚོད་བྲེལ་མ་སུ་དང་གང་གིས་འཕྲོག་པར་སྙམ། །
ཕྱི་ཡི་ཁམས་ཤིག་སེམས་ཀྱིས་སྲུང་པར་གླེན་དུ་ཚུད་པའི་བེམ་པོས་འགེབས། །

འཇའ་དང་འོད་ཀྱི་དཀྱིལ་འཁོར་དག་ན་མྱངས་པའི་གཏམ་རྒྱུད་ངག་ཏུ་གྱེར། །
ཚེ་སྲོག་ཕྲ་མོས་གཞན་དོན་འཚོལ་བ་ཞི་བ་ལྷ་ཡི་ཚུལ་ཏུ་སྨྲ། །
འབྱོར་གྱི་ཧམ་པའི་སྡེར་མོ་ཟུག་དུས་གྲོགས་པོའི་ཕྱི་ཐག་ནད་པར་གྱུར། །
ལས་ཞགས་ནག་པོས་བཅིངས་པའི་འཕྲང་ན་མཆི་མ་སྔར་ལས་ཤག་ཤག་བརྡོལ། །

ད་ནི་ཅིས་ཀྱང་བཤད་ཐབས་མེད་པ་མི་ཡི་སྙིང་གི་འཕར་སྒྲ་ཉོན། །
ཞི་བདེའི་གསེར་ཡིག་ཨེ་ཡོད་བསམ་ན་རྫས་ཀྱི་སྙིགས་ལུད་སྤུངས་ལ་ལྟོས། །
རུས་པའི་ལྷུ་ཚིགས་སིལ་བུར་འཐོར་ན་མི་ཚེའི་རྨ་ཁ་དེ་ནས་བཟོས། །
ཐོབ་ཤོར་འདྲེས་མའི་བཞི་མདོ་འདི་ནས་བདག་གི་ཡི་གེ་མུན་པ་ཟུག །
                   ༢༠༡༤/༣/༡༣ ལ།

 

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇིག་རྟེན་ཚོན་བྲིས་མ།

2014-07-27 སྨྱུག་མདའ། ཀློག་གྲངས། མཆན ཡོད།

དཔྱིད་རླུང་བསིལ་མོས་ཅུང་ཙམ་སྒུལ་དུས་ཡིད་ཀྱི་ངལ་བ་རྒྱང་དུ་ཡལ། །
འདུ་ཚོགས་ནུར་བའི་རྡོག་སྣེ་ཟད་པོས་ས་ཆེན་བྲང་ལ་སུག་རྗེས་བཞག །
ཚ་འབར་དམར་པོས་ཤ་ཁྲག་བསྲེགས་སོང་ཤེས་ཚོར་ཉམས་པའི་དུས་ཚིགས་སོ། །
འཚོལ་བསྙེག་རེ་བས་འཇིག་རྟེན་ཉུལ་ཏེ་ལུས་པོ་མལ་ནས་རོ་རུ་གྱུར། །

རྙེད་པར་དཀའ་བའི་འཐོབ་བྱ་དེ་ནི་ཐོབ་ཚེ་གདོན་གྱི་སོ་ཁར་ལྷུང་། །
མི་བུ་གཞན་གྱི་ལད་མོ་མ་བྱས་མ་གཞི་རྫུན་གྱིས་འཆའ་སྟེ་འོང་། །
འབེལ་བཤད་བྲལ་བའི་ཚོར་བའི་མེ་སྟག་ཡིད་ཀྱི་ཀློང་ནས་རྦ་བཞིན་འཕྱུར། །
གངས་རིའི་ཕྱོགས་ལ་ཡང་ཡང་བལྟས་ཚེ་དྲན་པའི་ཡིག་འབྲུ་དེ་ན་འཚེར། །

ད་ཚོད་བསྲོ་བའི་འཇིག་རྟེན་འདི་ལ་ལུས་སེམས་བྲོད་པའི་སྙིང་གཏམ་ཡལ། །
བདག་གི་ལོ་ཟླ་མུ་ཁས་དམོད་ཀྱང་ང་ཡི་ལམ་དེ་དབྱིངས་སུ་ཟུག །
ཧུར་དུ་ཅེར་བའི་དུས་ཚོད་བྲེལ་མ་སུ་དང་གང་གིས་འཕྲོག་པར་སྙམ། །
ཕྱི་ཡི་ཁམས་ཤིག་སེམས་ཀྱིས་སྲུང་པར་གླེན་དུ་ཚུད་པའི་བེམ་པོས་འགེབས། །

འཇའ་དང་འོད་ཀྱི་དཀྱིལ་འཁོར་དག་ན་མྱངས་པའི་གཏམ་རྒྱུད་ངག་ཏུ་གྱེར། །
ཚེ་སྲོག་ཕྲ་མོས་གཞན་དོན་འཚོལ་བ་ཞི་བ་ལྷ་ཡི་ཚུལ་ཏུ་སྨྲ། །
འབྱོར་གྱི་ཧམ་པའི་སྡེར་མོ་ཟུག་དུས་གྲོགས་པོའི་ཕྱི་ཐག་ནད་པར་གྱུར། །
ལས་ཞགས་ནག་པོས་བཅིངས་པའི་འཕྲང་ན་མཆི་མ་སྔར་ལས་ཤག་ཤག་བརྡོལ། །

ད་ནི་ཅིས་ཀྱང་བཤད་ཐབས་མེད་པ་མི་ཡི་སྙིང་གི་འཕར་སྒྲ་ཉོན། །
ཞི་བདེའི་གསེར་ཡིག་ཨེ་ཡོད་བསམ་ན་རྫས་ཀྱི་སྙིགས་ལུད་སྤུངས་ལ་ལྟོས། །
རུས་པའི་ལྷུ་ཚིགས་སིལ་བུར་འཐོར་ན་མི་ཚེའི་རྨ་ཁ་དེ་ནས་བཟོས། །
ཐོབ་ཤོར་འདྲེས་མའི་བཞི་མདོ་འདི་ནས་བདག་གི་ཡི་གེ་མུན་པ་ཟུག །
                   ༢༠༡༤/༣/༡༣ ལ།

 

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།