ནམ་གུང་ཞིག་ལས་གཉིད་ལས་སད་པ་སོགས་སྙན་ངག་ཚན་པ་བརྒྱད།

 

 

             ནམ་གུང་ཞིག་ལ་གཉིད་ལས་སད་པ།
                                                 
མི་ཕོ་འགའ་ཞིག་སེམས་ཆུང་ངང་།    །
ཁྱོད་ཀྱི་སེམས་པའི་ཉེ་སར་བཅར།    །
སྒོ་དང་སྒེའུ་འགྲམ་དེ་ག་ནས།   །
ནང་དུ་ཅི་ཡོད་ཨེ་མཐོང་བལྟ།    །

ཕྱུག་པོ་དག་ནི་ནམ་མཁའ་ནས།   །
རྫིག་རྫིག་བྱེད་ཅིང་ཡར་མར་འགྲོ   །
ལོངས་སྤྱོད་འཛོམས་པ་གཞན་དག་ཀྱང་།   །
མིག་གི་ཐད་ནས་ཉམས་སངས་འཇོག   །

ལ་ལ་ཧ་ཅང་སྡུག་པ་སྟེ།    །
ག་ཤེད་ཡིན་ཀྱང་ཆུ་ཉོག་བྱོ།    །
འགའ་ཞིག་ཅུང་ཟད་གྲུང་བ་སྟེ།   །
སྟབས་ཀ་འགྲིག་པའི་སེན་འཐོགས་བྱེད།  །

གཡོ་ལ་གོམས་པ་མང་པོས་ནི།   །
ཁམས་དང་མཐུན་པའི་གླེང་གཞི་རྩོམ།    །
རྫུན་ལ་བྱང་བ་དེ་དག་ཀྱང་།    །
མནའ་ལ་འཇུས་ནས་དལ་མོ་ཡོང་།    །

གཞན་དང་གཞན་ཀྱང་རང་ས་ནས།    །
ཐབས་དང་བཀོད་པ་སྣ་ཚོགས་འཐེན།   །
ལ་ལ་ཁ་པར་ནང་དུ་སྦེད།    །
འགའ་ཞིག་སྐད་འཕྲིན་ནང་དུ་སྐུང་།     །

སྤྱོད་ཁང་ལྟ་བུའི་འཇིག་རྟེན་ན།    །
ཤོག་བུའི་མེ་ཏོག་ག་ཚོད་ཡོད།    །
ང་ཡང་སྙིགས་རོ་དེ་དག་ལས།   །
གཞན་ཞིག་ཡིན་རབས་བཤད་རྒྱུ་མེད།   །

མཚན་མོ་འདི་ལ་མི་ཚེ་ཞེས།   །
གལ་ཏེ་འབོད་པར་གྱུར་བ་ན།   །
ཁྱོད་ནི་ངོས་ཀྱི་རྨི་ལམ་དུ།   །
དར་ཅིག་འཁྱུག་པ་ང་རེས་ཚོར།    །

ད་ལྟའི་ང་ཡི་ནམ་མཁའ་ན།   །
གཟུགས་སྒྲ་དྲི་རོ་གང་ཡང་མེད།   །
དོ་ནུབ་སྙིང་གི་ཐིག་ལེ་ཁྱོད།    །
ཤིན་ཏུ་རབ་ཏུ་དྲན་པ་བདེན།    །

རོལ་དབྱངས་ཤིག་གིས་ཁ་རོག་གེར།    །
ང་ནི་འཇིག་རྟེན་གཞན་ཞིག་ཁྲིད།   །
ཁྱོད་ཀྱང་གར་ཡོང་མི་གསལ་སྟེ།     །
ང་ཡི་སྔུན་དུ་འགྲོ་བ་མཐོང་།     །

མཚམས་ཤིག་མིག་མདུན་བཞུར་བ་དག   །
གློ་རྡེག་བོར་བའི་སྣང་བ་བྱུང་།    །  
ངོས་ཀྱིས་རང་གི་དབུགས་དབྱུང་དང་།   །
སྙིང་ཆུང་ལྡིང་བའི་སྒྲ་དག་ཐོས།   །
               2013/17/1མཚན་གུང་ལ།  

           དོན་མི་འགྲུབ་པའི་ཡི་གེ་འདི་དག                                  
                                       

ནམ་མཁའི་དབྱིངས་སུ་བརྩིགས་པའི་ཁང་ཁྱིམ་ཡོད།  
མཚམས་སྤྲིན་གོས་སུ་གྱོན་པའི་ལྷ་མོ་ཡོད།    །
ང་ཡི་སྙན་ངག་ང་ཡི་བརྩེ་དུང་ཡིན།    །
འདོད་པའི་ཁམས་ཀྱི་དྲོད་དང་བསིལ་བ་ཡིན།    །

དར་སོབ་བསྔས་སུ་བྱས་པའི་ཆུ་མོ་ཡོད།   །
རི་མོ་གློ་རྡེག་འགྱུར་བའི་རླབས་གཉེར་ཡོད།   །
ང་ཡི་སྙན་ངག་ང་ཡི་བདེན་པ་ཡིན།   །
ཆུ་བྲག་བརྡབས་པའི་དབྱིབས་དང་ཁ་དོག་ཡིན།   །

སེམས་པ་ཚལ་བར་གཤགས་པའི་སྨག་རིམ་ཡོད།   །
རུས་རྐང་དུམ་བུར་གཏོང་བའི་གྲང་རེག་ཡོད།   །
ང་ཡི་སྙན་ངག་ང་ཡི་སྐྱོ་གདུང་ཡིན།    །
སྲོག་ལ་ཁེལ་བའི་སྡུག་དང་ན་གཟེར་ཡིན།    །

རྨི་ལམ་ཚིག་པའི་རྗེས་ཀྱི་ཐལ་བ་ཡོད།   །
དེ་ཡི་ཤུལ་དུ་ལྡང་བའི་རླུང་ཡང་ཡོད།    །
ང་ཡི་སྙན་ངག་ང་ཡི་མཚན་མོ་ཡིན།    །
མུན་ནག་ནང་གི་གཟུགས་དང་སྣང་བ་ཡིན།    །

ཕ་མཐའ་བརྒལ་བར་དཀའ་བའི་བྱེ་ཐང་ཡོད།   །
སྨྲེང་བ་མཚོ་རུ་བསྐྱིལ་བའི་སྨུག་པ་ཡོད།   །
ང་ཡི་སྙན་ངག་ང་ཡི་ཁེར་རྐྱང་ཡིན།    །
རང་ལ་བླངས་བའི་གླུ་དང་ལ་གཞས་ཡིན།   །

ཀླད་ཞོ་ལྡེམ་ལྡེམ་ཆགས་པའི་སྤྲིས་མར་ཡོད།    །
བ་སྤུ་ཤུམ་ཤུམ་ངུ་བའི་སྐད་སྒྲ་ཡོད།   །
ང་ཡི་སྙན་ངག་ང་ཡི་དུར་ཁྲོད་ཡིན།   །
རྡོ་བའི་ངོས་ཀྱི་ཁྲག་དང་རུས་ཐལ་ཡིན།   །
               2013/31/12ཉིན།
 
           སྦྲིད་སྨན་འཐུང་བའི་སྙན་ངག

མིག་གི་མཐའ་རུ་ཁངས་སྐྱ་འབབ་པ་འདི།   །
རུས་པའི་གཏིང་ལ་གྲང་ལྷགས་ལྡང་བ་འདི།   །
ན་ནིང་མ་རེད་དེའི་ཡང་ཡར་སྔོན་རེད།   །
ད་ལོ་ཡང་ན་དེ་རིང་ཁ་སང་རེད།   །

སྐྱོ་བའི་བྲག་རི་ཁོག་ནང་ཉིལ་བ་འདི།   །
དེ་ཡི་མཐའ་འཁོར་མུན་པས་བཟུང་བ་འདི།    །
ལོ་དང་ཟླ་བའི་དབུགས་རྔ་ཆད་པ་རེད།   །
ལྷག་མའི་དེ་དག་སེམས་ནང་ལུས་པ་རེད།   །

དེང་མའི་ཁག་ཅིག་ཡལ་རྒྱུ་མེད་པ་འདི།   །
གཟུགས་དང་དབྱིབས་ལ་རེག་རྒྱུ་ཡོད་པ་འདི།   །
མེ་ལོང་ནང་གི་དུས་ཚོད་ཆག་པ་རེད།    །
སྡིག་པའི་མེ་ཏོག་ཡིད་ནས་སྐྱེས་བ་རེད།    །

ཞེ་དང་སྣང་བ་རླུང་གིས་གཡོ་བ་འདི།   །
དྲན་པའི་རྨ་ཁ་རྣག་གིས་ཟོས་བ་འདི།   །  
གློ་བའི་ནང་དུ་མར་མར་སིམ་པ་རེད།   །
སྙིང་གི་ཞབས་ནས་ཡར་ཡར་འཕགས་པ་རེད།    །

མ་བསྒུལ་བཞག་ན་ཧ་ཅང་ཚ་བ་འདི།   །
ཐོག་ལ་ཁེལ་ན་ཤིན་ཏུ་གཟེར་བ་འདི།   །
ཤིང་སྐམ་མེ་རུ་འཚིག་པའི་དུ་བ་རེད།   །
ལས་འཕྲོ་དཔུང་ཐུག་བརྒྱབ་པའི་ཆོམ་སྒྲ་རེད།   །

ཟླ་བ་སྐྱོ་ཞིང་ཤུམ་ཤུམ་ངུ་བ་འདི།   །
སྐར་འོད་བཟི་ཞིང་ར་རོ་ཆགས་པ་འདི།   །
ཉལ་ཐ་སྤྲིན་ལ་འཁྲུལ་ནས་འཐེན་པ་རེད།   །
བརྩེ་དུང་ཆང་ལ་ནོར་ནས་འཐུང་བ་རེད།   །

སྔུན་ལ་ནུར་བའི་བར་སྟོང་ཆེ་བ་འདི།   །
ཕྱིར་ལ་ལྡོག་པའི་ཁམས་ཀྱང་ཡངས་བ་འདི།    །
ཆག་པའི་དཀར་ཡོལ་ཐབས་ཀྱིས་བཙེམས་པ་རེད།
ཤི་བའི་རོ་ལ་སྙིང་ཤ་གླན་པ་རེད།    །  

ངོམས་མེད་ཚོར་བའི་ལས་སུ་བྱ་བ་འདི།   །
ཡུལ་དང་དུས་ཀྱི་བར་མཚམས་མེད་པ་འདི།    །
འདི་དག་བྲིས་ནས་གཞན་དག་བསྟན་པ་རེད།    །
གཞན་དག་བསྟན་ནས་འདི་དག་བཤད་པ་རེད།   །
                   2014/29/3ཉིན་ལ།  

           མཚན་མོའི་ཡིག་འབྲུ་ནག་པོ། ༼ཚན་པ་གསུམ༽
                                            
༡ ཁང་བའི་ནང་ནས་སྡོད་ཐབས་བྲལ།

ཁང་མིག་འདི་ནི་ལྕགས་ཀྱིས་བྱས།  །
འཕལ་ཀ་འདི་ཡང་ལྕགས་ཀྱིས་སྦྱར།   །
ལྕགས་ཀྱི་སྒམ་ཆུང་ནག་རྡིབ་མ།   །
སྤྱིར་ན་ང་ཡི་གཟིམས་ཤག་ཡིན།    །

གྱང་ངོས་ཐུར་ལ་ཁངས་རྡང་ཆགས།   །
ཉལ་ཁྲིའི་སྒང་དུ་རླུང་དམར་འཚུབ།   །
ཤིན་ཏུ་གྲང་བའི་དུས་ཚོད་ལ།   །
མགོ་རྔ་མཐུད་མཚམས་བཀར་རྒྱུ་མེད།   །

སྤྱོད་ཁང་ལྟ་བུའི་དཔེ་སྒྲོམ་དུ།   །
ཞེ་རྩ་མེར་བའི་དྲི་ངན་འཐུལ།   །
རྐང་ལག་རྐྱོང་སའི་གནས་དག་ཏུ།   །
གད་སྙིགས་མང་པོ་ལྡབ་གྱིས་འཕེལ།    །

གཅུ་ལོག་རྒྱག་པའི་སྟོང་བསམ་ལ།    །
དབུགས་ཀྱང་ཁེགས་པའི་སྣང་བ་བྱུང་།   །
དེ་ནི་རང་སྲོག་གཅོད་པ་བཞིན།    །
རྔུལ་ཆུའི་ཐིགས་པ་ས་རུ་འབབ  །  

ཁང་བའི་ནམ་མཁའ་ས་ལ་བརྡབ།    །
ག་ལེར་ཆག་ནས་ཡལ་བར་གྱུར།   །
ཤུལ་ཏུ་ང་ཡི་བརྩེ་དུང་དང་།   །
རྨི་ལམ་མང་པོས་འཚང་ཁ་རྒྱག    །

ཁ་བྱང་མེད་པའི་ཚོར་བ་ལ།   །
ལྕགས་སྒྲོག་སིལ་སྒྲ་སང་སང་གྲགས།   །
མཚན་མོའི་ཡིག་འབྲུ་འདི་དག་ལ།   །  
འོད་ཀྱི་གཤོག་པ་བཟོ་རུ་འགྲོ    །

༢ མཚན་གུང་ཕྱི་ནས་ཆང་འཐུང་བ།

མཚན་གུང་འདི་ལ་སྒྲོལ་མ་ཟེར།   །
དེ་ཡི་ཁོག་ཏུ་ཉི་འོད་ཡོད།   །
ང་ལ་རེ་བ་གཞན་ཞིག་མེད།   །
ལྷིང་འཇགས་འདི་ལ་གསོལ་བ་འདེབས།  །

སྤང་ཐོག་འདི་ན་ང་ལས་མེད།   །
ང་ལ་ལྦུ་ཆང་སྒམ་གང་ཡོད།   །
ཁོག་པའི་ནང་ན་སྒམ་དོ་ཡོད།   །
དོ་ནུབ་ང་རང་སངས་རྒྱས་ཡོད།   །

ཨེ་མ་ངོས་ཀྱིས་རོལ་དབྱངས་གཏོང་།   །
ཞབས་བྲོ་འཁྲབ་ནས་སྙན་ངག་གྱེར།   །
ལྷོད་ཤ་ཆགས་པའི་འཇིག་རྟེན་འདི།   །
འཐོགས་རེག་མེད་པའི་བར་སྣང་རེད།   །

མུན་ནག་ནང་གི་མི་རྣམས་ལ།   །
བདུད་རྩི་ཆང་གི་མཆོད་པ་འབུལ།   །
ང་ཡི་ཚབ་ཏུ་ཁྱོད་ཚོས་བཞེས།   །
ཁྱོད་ཚོའི་དོད་དུ་ངས་ཀྱང་འཐུང་།   །

དབུལ་ཞིང་ཕོངས་བའི་མི་རྣམས་ལ།   །
དོ་དགུང་ངས་ཡིས་འདུག་རོགས་བྱེད།  །
ཁོ་རེ་སྲང་མདོའི་སྤྲང་པོ་ཚོ།   །
འདི་ལ་ཤོག་དང་ཆང་གཏུག་རྒྱག   །  

སྨད་འཚོང་བུ་མོ་སེམས་བཟང་མ།   །
དོ་ནུབ་ང་ལ་གནས་ཚང་གཡོར།   །
འདོད་པའི་སྙིང་རྗེ་ཆེན་པོ་འདིས།    །
སྡུག་བསྔལ་སེལ་བའི་ཡིད་ཆེས་མཛོད།   །

ང་ཡིས་རང་གི་གྲིབ་མ་ལ།   །
བྱིལ་བྱིལ་གཏོང་བཞིན་འོ་ཞིག་བྱས།   །
དོ་ནུབ་ང་ཡི་སེམས་ནང་ན།    །
མེ་ལྕེ་དམར་པོ་དགུང་དུ་འཕྱོ།   །
                            
༣ ནམ་ལངས་ཁའི་འཕྲུལ་སྣང་།

ཟླ་འོད་མེད་པའི་མཚན་མོ་ལ།   །
སྐར་མ་མང་པོས་རང་སྲོག་གཅོད།  །
ང་རང་དེ་ལ་བལྟས་ནས་ངུས།    །
སེམས་ལ་བྱམས་པ་ཙམ་ཞིག་དྲན།   །

ང་ཡི་མཆི་མ་ཁོག་ཏུ་བཞུར།   །
ཆུ་བོ་ཆེན་པོ་གསུམ་ཙམ་ཆགས།    །
དེ་དག་སླར་ཡང་ཉི་མས་སྐམ།   །
ཤུལ་ནས་རྡོ་དང་བྱེ་མ་ཟགས།    །

སྐྱ་རེངས་མ་བཀྱགས་ཡར་སྔོན་ལ།   །
སྤྲིན་པའི་རི་བོ་ཡོམ་ཡོམ་འགུལ།   །
ང་རང་དེ་ལ་སྐྲག་ནས་བྲོས།   །
ངག་ནས་ཨ་མ་ཞེས་ཀྱང་ཐལ།   །

ང་ཡི་རྐང་སྣམ་ཁ་ཐིག་གིས།   །
ང་རང་དུམ་བུ་གཉིས་སུ་བཏང་།   །
ཁོག་སྨད་ཁྱི་རོ་ཞིག་ཏུ་གྱུར།   །
སྟེང་དུ་འབུ་ཚོགས་འཁོར་བ་མཐོང་།   །

ནམ་མཁའ་འདི་ནི་ཤེལ་གྱིས་བྱས།   །
མེ་ལོང་དེ་ཡང་ཤེལ་གྱིས་བྱས།    །
ཤེལ་དམ་སྟོང་བ་རེ་རེ་ལས།    །
ཆུ་ཡི་ཐིགས་པ་ཆར་དུ་ཉིལ།   །
            2014/2/4མཚན་མོར།      
           
           མཐའ་མཇུག་གི་དྲན་པ།      
                                               
དེ་རིང་ལན་གྲུའི་ནམ་མཁའ་ནི།   །
མི་རྐྱང་ཞིག་གི་སེམས་པ་བཞིན།   །
ས་རྡུལ་གསེང་ན་ལྷབ་ལྷུབ་འདར།   །
དུད་སྨུག་ཀློང་ན་ཤུམ་ཤུམ་ངུ་།   །

ང་རང་ཁང་མིག་ཅིག་ཏུ་སྡོད།    །
སྒེའུ་ཁང་ནང་ནས་ཕྱི་རུ་བལྟ།    །
ཡིད་ལ་ནམ་མཁའ་ཙམ་ཞིག་དྲན།    །  
བར་སྣང་ཁམས་སུ་ལག་རྙོབ་བྱེད།    །

ཁང་བརྩེགས་རེ་རེའི་ཕྲག་ཁ་ན།    །
ཤོག་རལ་དག་ནི་འཚང་ཁ་རྒྱག     །
སྤྲིན་པ་རེ་རེའི་བྲང་ངོས་སུ།    །
མིག་ཆུ་འགའ་ཞིག་འགྲིལ་བ་མཐོང་།    །

ངལ་ཞིང་དུབ་པའི་ཉི་མ་ཞིག   །
ས་གནམ་འདྲེས་པའི་མཚམས་སུ་ནུར།    །
སྐྱོ་ཐག་ཆོད་པའི་འོད་སྣང་དེ།    །
ན་བུན་འཁྲིགས་པའི་ཁུད་དུ་ལྷུང་།    །

ནམ་མཁའ་བོར་བའི་སྐྱེ་བོ་དག   །
ཐད་ཀའི་སྲང་མདོ་དག་ཏུ་བཞུར།    །
ང་ཡི་དྲན་པ་སྨྲེང་བས་བསྒུལ།     །
རླུང་གིས་ཁུར་ཏེ་རྒྱང་དུ་འགྲོ     །

ཐལ་གྱིས་ཟིན་པའི་དངོས་པོ་རྣམས།   །
སྣང་བའི་ཡུལ་ནས་ཡལ་བར་རྩོམ།    །
ངོས་ཀྱིས་དེ་ཡི་རྗེས་ཤུལ་དུ།     །
མཇུག་མཐའི་ནམ་མཁའ་གཞན་ཞིག་བྲིས།   །

ཚེ་སྲོག་རེ་རེའི་རྒྱབ་ལོགས་ནས།    །
མཛེས་པའི་འཇིག་རྟེན་རེ་རེ་སྐྱེས།    །  
ང་ཡིས་རང་གི་ནམ་མཁའ་རུ།   །
ཁྱོད་ཉིད་འཆར་བའི་སྨོན་ལམ་བཏབ།     །

ཤིན་ཏུ་གྲང་བའི་གཙང་བོ་ཞིག   །
འོད་ཀྱི་མུན་པའི་རྗེས་སུ་འབབ།   །
ལས་འཕྲོ་ཟད་པའི་སྔ་རོལ་དུ།    །
ངས་ནི་ཁྱོད་རང་དེ་ལྟར་དྲན།    །
             2013/21/12ཉིན།  

          ཁ་བྱང་མེད་པའི་རྨི་ལམ།  
                                          
མི་ལོ་ཉི་ཤུའི་རྐང་རྗེས།    །
ས་རྡུལ་ནང་དུ་གཏོར་བའི།    །
མཐའ་ཁའི་འཇིག་རྟེན་འདྲ་བོ།    །
བསྡད་ཀྱིན་ཆ་མེད་ཆགས་ཡོང་།    །
རྨི་ལམ་ནང་གི་མི་དེར།    །
མིང་ཞིག་འདོགས་ཐབས་མི་འདུག   །  

ནམ་ཟླ་དཔྱིད་ལ་བཞད་པའི།     །
ཆུ་ཡི་མེ་ཏོག་ཆུང་ཆུང་།     །
ལག་པའི་ནང་དུ་བླངས་ཀྱང་།    །
རི་མོ་མཐོང་ཐབས་མི་འདུག    །
ཁྱོད་རེད་ཁྱོད་རེད་བསམ་ཡོང་།    །
མ་རེད་མ་རེད་སྙམ་ཡོང་།   །

ན་བུན་སེམས་སུ་བསྐྱིལ་བའི།   །
ང་ནི་བྱེའུ་ཆུང་ཞིག་སྟེ།   །
འཚོ་བའི་བྱང་ཐང་བརྒལ་ནས།   །
གཤོག་པ་རླུང་གིས་ཟད་ཀྱང་།   །
ལས་དབང་ཁོག་ནག་འདི་ཡིས།    །
ངལ་ཞིག་གསོ་རུ་མི་འཇུག    །

ཡ་གིའི་གྲོང་རོང་ནང་ནས།   །
ཅིག་གིས་ངུ་ཤུམ་འཐེན་བྱུང་།   །
ངས་ནི་མལ་ཁྲིའི་སྒང་དུ།    །
རང་ལ་གླུ་ཞིག་བླངས་ཡོད།    །
བྱམས་པ་བོར་བའི་ཚབ་ལ།    །
གཞན་ཞིག་འཇོག་ཐབས་མི་འདུག    །

སྐར་འོད་རྒྱང་ཐག་རིང་བའི།   །
སེམས་ལ་སྨྲེང་བ་སྐྱེས་བྱུང་།    །
གྲང་རེག་བྲང་ལ་སྦྱར་ནས།    །
ཁང་ཆུང་ནང་དུ་འཛུལ་ཡང་།    །
ཞག་སྒྲོན་ཕྱེད་ཀ་ཞིག་གིས།    །
མཚན་མོ་བསྲེག་ཐབས་མ་བྱུང་།    །

ཁ་བ་བབས་པའི་རྗེས་ཀྱི།    །
སྐྱ་མོའི་ལམ་ནས་རྙེད་པའི།     །
རྒྱབ་གཟུགས་སྙིང་ལ་རྗེ་བོ།    །
ཡིད་དུ་འོང་འོང་འདྲ་ཡང་།    །
འབབ་ཚུགས་མཐའ་མའི་འགྲམ་ནས།    །
དེ་འདི་མེད་པར་བོར་སོང་།    །  

དཀར་པོ་དེ་ཡང་མ་རེད།  
དམར་པོ་དེ་ཡང་མ་རེད།   །
ཚོས་ཀྱི་སྡེབ་ཁ་འཕྲོད་པའི།    །
ལས་ཀྱི་མེ་ཏོག་མིན་ན།   །
མིག་གི་ཐད་ཀའི་འདི་དག     །
ཡོད་ན་མེད་ན་གཅིག་རེད།    །            

ནུབ་ཁའི་མེ་ལོང་ནང་ནས།    །
ཉི་འོད་ས་ལ་ལྷུང་བྱུང་།   །
གནམ་ལ་རི་མོ་མ་བྲིས།    །
མཚམས་སྤྲིན་རླུང་གིས་ཁུར་སོང་།   །
ལས་འཕྲོ་ཟད་པའི་ཕྱོགས་ལ།    །
མཚན་མོ་མ་གཏོགས་མི་འདུག    །

ལག་ཆུང་ཆུ་ལ་བཅུས་ནས།   །
ལྷམ་ཆུང་བྱེ་མར་བཏབ་སོང་།   །
གྲམ་པའི་ཕ་བོང་ངོས་ལ།   །
རྨ་ཆུའི་འགྲམ་དར་བྲིས་ཡོད།   །
དགུན་ཁ་སླེབས་པ་མ་རེད།   །
སེམས་ལ་ཆབ་རོམ་ཆགས་བྱུང་།   །

ནུབ་ཀྱི་དཀར་ཁུང་ནང་ལ།   །
མུན་པའི་ཁུ་བ་ཟགས་སོང་།   །
ལོ་འདི་དེང་མའི་ལོ་རེད།    །
ང་ལ་རྨི་ལམ་མི་འདུག   །
ནམ་མཁའ་སྟོང་བ་ཞིག་ཏུ།   །
ལག་སྙོབ་བྱེད་དགོས་བྱུང་སོང་།   །

ང་འདི་ཆུང་རབས་བཤད་ན།   །
ས་རྡུལ་གསེང་ནས་བོར་འགྲོ    །
འཇིག་རྟེན་ཆེ་རབས་མ་གླེང་།   །
སེམས་པ་ཤོང་ཐབས་མི་འདུག   །
ཁེར་རྐྱང་ཡིན་པའི་མི་ལ།   །
སྐྱོ་རོགས་གནམ་གྱིས་གནང་འགྲོ   །

མཁའ་ལ་འཇའ་ཚོན་ཤར་བ།   །
སྐར་མ་གཅིག་དང་གཉིས་རེད།   །
ཆུ་མོའི་ཁ་རུ་གཡེང་བའི།   །
ལོ་དང་ཟླ་བ་སྙིང་རྗེ།   །
མི་ཚེ་མི་ཚེ་ཟེར་བ།    །
གླེན་པའི་གློའུ་བཤད་ཅིག་རེད།    །

སེམས་ཀྱི་མྱ་ངན་ཐང་ལ།    །
དུ་བའི་རྩྭ་ལྡུམ་སྐྱེས་བྱུང་།   །
རླུང་བུ་ག་ལེར་ལྡང་ནས།   །
ང་ཡི་སྐད་ཆ་བརྐུས་སོང་།    །
དྲན་པའི་ཡུལ་ཕྱོགས་ས་ནས།    །
སྐར་མའི་ཆར་ཞོད་བརྒྱབ་བྱུང་།   །

འཆར་ཁའི་ཉི་འོད་བའི་ནང་ན།    །
ཆུ་ཡི་ཟེགས་མ་འཐོར་ན།    །
སྔོན་པོ་སྔོན་པོ་ཞིག་རེད།   །
ལྗང་ཁུ་ལྗང་ཁུ་ཞིག་རེད།    །
ང་ཡི་བྱམས་པའི་རྒྱབ་གཟུགས།   །
ཆུ་ཡི་ནང་ལ་དོད་འདུག    །

མུན་པའི་ཤོག་དཀར་ངོས་སུ།    །
སྐྱོ་བའི་མེ་སྟག་ལྷུང་བ།    །
གངས་རི་ནག་པོ་འདྲ་བྱུང་།    །
ཚིས་རིས་མོག་པོ་འདྲ་བྱུང་།     །
དབྱངས་ལ་སྐྱུར་ཤ་ཆགས་པའི།   །
གླུ་ཞིག་བླངས་ན་བསམ་བྱུང་།   །
         ༢༠༡༤/༥/༣ལ་སྨུག་པས་སྦྱར།

          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་གུང་ཞིག་ལས་གཉིད་ལས་སད་པ་སོགས་སྙན་ངག་ཚན་པ་བརྒྱད།

2014-07-24 སྨུག་པ། ཀློག་གྲངས། མཆན ཡོད།

 

 

             ནམ་གུང་ཞིག་ལ་གཉིད་ལས་སད་པ།
                                                 
མི་ཕོ་འགའ་ཞིག་སེམས་ཆུང་ངང་།    །
ཁྱོད་ཀྱི་སེམས་པའི་ཉེ་སར་བཅར།    །
སྒོ་དང་སྒེའུ་འགྲམ་དེ་ག་ནས།   །
ནང་དུ་ཅི་ཡོད་ཨེ་མཐོང་བལྟ།    །

ཕྱུག་པོ་དག་ནི་ནམ་མཁའ་ནས།   །
རྫིག་རྫིག་བྱེད་ཅིང་ཡར་མར་འགྲོ   །
ལོངས་སྤྱོད་འཛོམས་པ་གཞན་དག་ཀྱང་།   །
མིག་གི་ཐད་ནས་ཉམས་སངས་འཇོག   །

ལ་ལ་ཧ་ཅང་སྡུག་པ་སྟེ།    །
ག་ཤེད་ཡིན་ཀྱང་ཆུ་ཉོག་བྱོ།    །
འགའ་ཞིག་ཅུང་ཟད་གྲུང་བ་སྟེ།   །
སྟབས་ཀ་འགྲིག་པའི་སེན་འཐོགས་བྱེད།  །

གཡོ་ལ་གོམས་པ་མང་པོས་ནི།   །
ཁམས་དང་མཐུན་པའི་གླེང་གཞི་རྩོམ།    །
རྫུན་ལ་བྱང་བ་དེ་དག་ཀྱང་།    །
མནའ་ལ་འཇུས་ནས་དལ་མོ་ཡོང་།    །

གཞན་དང་གཞན་ཀྱང་རང་ས་ནས།    །
ཐབས་དང་བཀོད་པ་སྣ་ཚོགས་འཐེན།   །
ལ་ལ་ཁ་པར་ནང་དུ་སྦེད།    །
འགའ་ཞིག་སྐད་འཕྲིན་ནང་དུ་སྐུང་།     །

སྤྱོད་ཁང་ལྟ་བུའི་འཇིག་རྟེན་ན།    །
ཤོག་བུའི་མེ་ཏོག་ག་ཚོད་ཡོད།    །
ང་ཡང་སྙིགས་རོ་དེ་དག་ལས།   །
གཞན་ཞིག་ཡིན་རབས་བཤད་རྒྱུ་མེད།   །

མཚན་མོ་འདི་ལ་མི་ཚེ་ཞེས།   །
གལ་ཏེ་འབོད་པར་གྱུར་བ་ན།   །
ཁྱོད་ནི་ངོས་ཀྱི་རྨི་ལམ་དུ།   །
དར་ཅིག་འཁྱུག་པ་ང་རེས་ཚོར།    །

ད་ལྟའི་ང་ཡི་ནམ་མཁའ་ན།   །
གཟུགས་སྒྲ་དྲི་རོ་གང་ཡང་མེད།   །
དོ་ནུབ་སྙིང་གི་ཐིག་ལེ་ཁྱོད།    །
ཤིན་ཏུ་རབ་ཏུ་དྲན་པ་བདེན།    །

རོལ་དབྱངས་ཤིག་གིས་ཁ་རོག་གེར།    །
ང་ནི་འཇིག་རྟེན་གཞན་ཞིག་ཁྲིད།   །
ཁྱོད་ཀྱང་གར་ཡོང་མི་གསལ་སྟེ།     །
ང་ཡི་སྔུན་དུ་འགྲོ་བ་མཐོང་།     །

མཚམས་ཤིག་མིག་མདུན་བཞུར་བ་དག   །
གློ་རྡེག་བོར་བའི་སྣང་བ་བྱུང་།    །  
ངོས་ཀྱིས་རང་གི་དབུགས་དབྱུང་དང་།   །
སྙིང་ཆུང་ལྡིང་བའི་སྒྲ་དག་ཐོས།   །
               2013/17/1མཚན་གུང་ལ།  

           དོན་མི་འགྲུབ་པའི་ཡི་གེ་འདི་དག                                  
                                       

ནམ་མཁའི་དབྱིངས་སུ་བརྩིགས་པའི་ཁང་ཁྱིམ་ཡོད།  
མཚམས་སྤྲིན་གོས་སུ་གྱོན་པའི་ལྷ་མོ་ཡོད།    །
ང་ཡི་སྙན་ངག་ང་ཡི་བརྩེ་དུང་ཡིན།    །
འདོད་པའི་ཁམས་ཀྱི་དྲོད་དང་བསིལ་བ་ཡིན།    །

དར་སོབ་བསྔས་སུ་བྱས་པའི་ཆུ་མོ་ཡོད།   །
རི་མོ་གློ་རྡེག་འགྱུར་བའི་རླབས་གཉེར་ཡོད།   །
ང་ཡི་སྙན་ངག་ང་ཡི་བདེན་པ་ཡིན།   །
ཆུ་བྲག་བརྡབས་པའི་དབྱིབས་དང་ཁ་དོག་ཡིན།   །

སེམས་པ་ཚལ་བར་གཤགས་པའི་སྨག་རིམ་ཡོད།   །
རུས་རྐང་དུམ་བུར་གཏོང་བའི་གྲང་རེག་ཡོད།   །
ང་ཡི་སྙན་ངག་ང་ཡི་སྐྱོ་གདུང་ཡིན།    །
སྲོག་ལ་ཁེལ་བའི་སྡུག་དང་ན་གཟེར་ཡིན།    །

རྨི་ལམ་ཚིག་པའི་རྗེས་ཀྱི་ཐལ་བ་ཡོད།   །
དེ་ཡི་ཤུལ་དུ་ལྡང་བའི་རླུང་ཡང་ཡོད།    །
ང་ཡི་སྙན་ངག་ང་ཡི་མཚན་མོ་ཡིན།    །
མུན་ནག་ནང་གི་གཟུགས་དང་སྣང་བ་ཡིན།    །

ཕ་མཐའ་བརྒལ་བར་དཀའ་བའི་བྱེ་ཐང་ཡོད།   །
སྨྲེང་བ་མཚོ་རུ་བསྐྱིལ་བའི་སྨུག་པ་ཡོད།   །
ང་ཡི་སྙན་ངག་ང་ཡི་ཁེར་རྐྱང་ཡིན།    །
རང་ལ་བླངས་བའི་གླུ་དང་ལ་གཞས་ཡིན།   །

ཀླད་ཞོ་ལྡེམ་ལྡེམ་ཆགས་པའི་སྤྲིས་མར་ཡོད།    །
བ་སྤུ་ཤུམ་ཤུམ་ངུ་བའི་སྐད་སྒྲ་ཡོད།   །
ང་ཡི་སྙན་ངག་ང་ཡི་དུར་ཁྲོད་ཡིན།   །
རྡོ་བའི་ངོས་ཀྱི་ཁྲག་དང་རུས་ཐལ་ཡིན།   །
               2013/31/12ཉིན།
 
           སྦྲིད་སྨན་འཐུང་བའི་སྙན་ངག

མིག་གི་མཐའ་རུ་ཁངས་སྐྱ་འབབ་པ་འདི།   །
རུས་པའི་གཏིང་ལ་གྲང་ལྷགས་ལྡང་བ་འདི།   །
ན་ནིང་མ་རེད་དེའི་ཡང་ཡར་སྔོན་རེད།   །
ད་ལོ་ཡང་ན་དེ་རིང་ཁ་སང་རེད།   །

སྐྱོ་བའི་བྲག་རི་ཁོག་ནང་ཉིལ་བ་འདི།   །
དེ་ཡི་མཐའ་འཁོར་མུན་པས་བཟུང་བ་འདི།    །
ལོ་དང་ཟླ་བའི་དབུགས་རྔ་ཆད་པ་རེད།   །
ལྷག་མའི་དེ་དག་སེམས་ནང་ལུས་པ་རེད།   །

དེང་མའི་ཁག་ཅིག་ཡལ་རྒྱུ་མེད་པ་འདི།   །
གཟུགས་དང་དབྱིབས་ལ་རེག་རྒྱུ་ཡོད་པ་འདི།   །
མེ་ལོང་ནང་གི་དུས་ཚོད་ཆག་པ་རེད།    །
སྡིག་པའི་མེ་ཏོག་ཡིད་ནས་སྐྱེས་བ་རེད།    །

ཞེ་དང་སྣང་བ་རླུང་གིས་གཡོ་བ་འདི།   །
དྲན་པའི་རྨ་ཁ་རྣག་གིས་ཟོས་བ་འདི།   །  
གློ་བའི་ནང་དུ་མར་མར་སིམ་པ་རེད།   །
སྙིང་གི་ཞབས་ནས་ཡར་ཡར་འཕགས་པ་རེད།    །

མ་བསྒུལ་བཞག་ན་ཧ་ཅང་ཚ་བ་འདི།   །
ཐོག་ལ་ཁེལ་ན་ཤིན་ཏུ་གཟེར་བ་འདི།   །
ཤིང་སྐམ་མེ་རུ་འཚིག་པའི་དུ་བ་རེད།   །
ལས་འཕྲོ་དཔུང་ཐུག་བརྒྱབ་པའི་ཆོམ་སྒྲ་རེད།   །

ཟླ་བ་སྐྱོ་ཞིང་ཤུམ་ཤུམ་ངུ་བ་འདི།   །
སྐར་འོད་བཟི་ཞིང་ར་རོ་ཆགས་པ་འདི།   །
ཉལ་ཐ་སྤྲིན་ལ་འཁྲུལ་ནས་འཐེན་པ་རེད།   །
བརྩེ་དུང་ཆང་ལ་ནོར་ནས་འཐུང་བ་རེད།   །

སྔུན་ལ་ནུར་བའི་བར་སྟོང་ཆེ་བ་འདི།   །
ཕྱིར་ལ་ལྡོག་པའི་ཁམས་ཀྱང་ཡངས་བ་འདི།    །
ཆག་པའི་དཀར་ཡོལ་ཐབས་ཀྱིས་བཙེམས་པ་རེད།
ཤི་བའི་རོ་ལ་སྙིང་ཤ་གླན་པ་རེད།    །  

ངོམས་མེད་ཚོར་བའི་ལས་སུ་བྱ་བ་འདི།   །
ཡུལ་དང་དུས་ཀྱི་བར་མཚམས་མེད་པ་འདི།    །
འདི་དག་བྲིས་ནས་གཞན་དག་བསྟན་པ་རེད།    །
གཞན་དག་བསྟན་ནས་འདི་དག་བཤད་པ་རེད།   །
                   2014/29/3ཉིན་ལ།  

           མཚན་མོའི་ཡིག་འབྲུ་ནག་པོ། ༼ཚན་པ་གསུམ༽
                                            
༡ ཁང་བའི་ནང་ནས་སྡོད་ཐབས་བྲལ།

ཁང་མིག་འདི་ནི་ལྕགས་ཀྱིས་བྱས།  །
འཕལ་ཀ་འདི་ཡང་ལྕགས་ཀྱིས་སྦྱར།   །
ལྕགས་ཀྱི་སྒམ་ཆུང་ནག་རྡིབ་མ།   །
སྤྱིར་ན་ང་ཡི་གཟིམས་ཤག་ཡིན།    །

གྱང་ངོས་ཐུར་ལ་ཁངས་རྡང་ཆགས།   །
ཉལ་ཁྲིའི་སྒང་དུ་རླུང་དམར་འཚུབ།   །
ཤིན་ཏུ་གྲང་བའི་དུས་ཚོད་ལ།   །
མགོ་རྔ་མཐུད་མཚམས་བཀར་རྒྱུ་མེད།   །

སྤྱོད་ཁང་ལྟ་བུའི་དཔེ་སྒྲོམ་དུ།   །
ཞེ་རྩ་མེར་བའི་དྲི་ངན་འཐུལ།   །
རྐང་ལག་རྐྱོང་སའི་གནས་དག་ཏུ།   །
གད་སྙིགས་མང་པོ་ལྡབ་གྱིས་འཕེལ།    །

གཅུ་ལོག་རྒྱག་པའི་སྟོང་བསམ་ལ།    །
དབུགས་ཀྱང་ཁེགས་པའི་སྣང་བ་བྱུང་།   །
དེ་ནི་རང་སྲོག་གཅོད་པ་བཞིན།    །
རྔུལ་ཆུའི་ཐིགས་པ་ས་རུ་འབབ  །  

ཁང་བའི་ནམ་མཁའ་ས་ལ་བརྡབ།    །
ག་ལེར་ཆག་ནས་ཡལ་བར་གྱུར།   །
ཤུལ་ཏུ་ང་ཡི་བརྩེ་དུང་དང་།   །
རྨི་ལམ་མང་པོས་འཚང་ཁ་རྒྱག    །

ཁ་བྱང་མེད་པའི་ཚོར་བ་ལ།   །
ལྕགས་སྒྲོག་སིལ་སྒྲ་སང་སང་གྲགས།   །
མཚན་མོའི་ཡིག་འབྲུ་འདི་དག་ལ།   །  
འོད་ཀྱི་གཤོག་པ་བཟོ་རུ་འགྲོ    །

༢ མཚན་གུང་ཕྱི་ནས་ཆང་འཐུང་བ།

མཚན་གུང་འདི་ལ་སྒྲོལ་མ་ཟེར།   །
དེ་ཡི་ཁོག་ཏུ་ཉི་འོད་ཡོད།   །
ང་ལ་རེ་བ་གཞན་ཞིག་མེད།   །
ལྷིང་འཇགས་འདི་ལ་གསོལ་བ་འདེབས།  །

སྤང་ཐོག་འདི་ན་ང་ལས་མེད།   །
ང་ལ་ལྦུ་ཆང་སྒམ་གང་ཡོད།   །
ཁོག་པའི་ནང་ན་སྒམ་དོ་ཡོད།   །
དོ་ནུབ་ང་རང་སངས་རྒྱས་ཡོད།   །

ཨེ་མ་ངོས་ཀྱིས་རོལ་དབྱངས་གཏོང་།   །
ཞབས་བྲོ་འཁྲབ་ནས་སྙན་ངག་གྱེར།   །
ལྷོད་ཤ་ཆགས་པའི་འཇིག་རྟེན་འདི།   །
འཐོགས་རེག་མེད་པའི་བར་སྣང་རེད།   །

མུན་ནག་ནང་གི་མི་རྣམས་ལ།   །
བདུད་རྩི་ཆང་གི་མཆོད་པ་འབུལ།   །
ང་ཡི་ཚབ་ཏུ་ཁྱོད་ཚོས་བཞེས།   །
ཁྱོད་ཚོའི་དོད་དུ་ངས་ཀྱང་འཐུང་།   །

དབུལ་ཞིང་ཕོངས་བའི་མི་རྣམས་ལ།   །
དོ་དགུང་ངས་ཡིས་འདུག་རོགས་བྱེད།  །
ཁོ་རེ་སྲང་མདོའི་སྤྲང་པོ་ཚོ།   །
འདི་ལ་ཤོག་དང་ཆང་གཏུག་རྒྱག   །  

སྨད་འཚོང་བུ་མོ་སེམས་བཟང་མ།   །
དོ་ནུབ་ང་ལ་གནས་ཚང་གཡོར།   །
འདོད་པའི་སྙིང་རྗེ་ཆེན་པོ་འདིས།    །
སྡུག་བསྔལ་སེལ་བའི་ཡིད་ཆེས་མཛོད།   །

ང་ཡིས་རང་གི་གྲིབ་མ་ལ།   །
བྱིལ་བྱིལ་གཏོང་བཞིན་འོ་ཞིག་བྱས།   །
དོ་ནུབ་ང་ཡི་སེམས་ནང་ན།    །
མེ་ལྕེ་དམར་པོ་དགུང་དུ་འཕྱོ།   །
                            
༣ ནམ་ལངས་ཁའི་འཕྲུལ་སྣང་།

ཟླ་འོད་མེད་པའི་མཚན་མོ་ལ།   །
སྐར་མ་མང་པོས་རང་སྲོག་གཅོད།  །
ང་རང་དེ་ལ་བལྟས་ནས་ངུས།    །
སེམས་ལ་བྱམས་པ་ཙམ་ཞིག་དྲན།   །

ང་ཡི་མཆི་མ་ཁོག་ཏུ་བཞུར།   །
ཆུ་བོ་ཆེན་པོ་གསུམ་ཙམ་ཆགས།    །
དེ་དག་སླར་ཡང་ཉི་མས་སྐམ།   །
ཤུལ་ནས་རྡོ་དང་བྱེ་མ་ཟགས།    །

སྐྱ་རེངས་མ་བཀྱགས་ཡར་སྔོན་ལ།   །
སྤྲིན་པའི་རི་བོ་ཡོམ་ཡོམ་འགུལ།   །
ང་རང་དེ་ལ་སྐྲག་ནས་བྲོས།   །
ངག་ནས་ཨ་མ་ཞེས་ཀྱང་ཐལ།   །

ང་ཡི་རྐང་སྣམ་ཁ་ཐིག་གིས།   །
ང་རང་དུམ་བུ་གཉིས་སུ་བཏང་།   །
ཁོག་སྨད་ཁྱི་རོ་ཞིག་ཏུ་གྱུར།   །
སྟེང་དུ་འབུ་ཚོགས་འཁོར་བ་མཐོང་།   །

ནམ་མཁའ་འདི་ནི་ཤེལ་གྱིས་བྱས།   །
མེ་ལོང་དེ་ཡང་ཤེལ་གྱིས་བྱས།    །
ཤེལ་དམ་སྟོང་བ་རེ་རེ་ལས།    །
ཆུ་ཡི་ཐིགས་པ་ཆར་དུ་ཉིལ།   །
            2014/2/4མཚན་མོར།      
           
           མཐའ་མཇུག་གི་དྲན་པ།      
                                               
དེ་རིང་ལན་གྲུའི་ནམ་མཁའ་ནི།   །
མི་རྐྱང་ཞིག་གི་སེམས་པ་བཞིན།   །
ས་རྡུལ་གསེང་ན་ལྷབ་ལྷུབ་འདར།   །
དུད་སྨུག་ཀློང་ན་ཤུམ་ཤུམ་ངུ་།   །

ང་རང་ཁང་མིག་ཅིག་ཏུ་སྡོད།    །
སྒེའུ་ཁང་ནང་ནས་ཕྱི་རུ་བལྟ།    །
ཡིད་ལ་ནམ་མཁའ་ཙམ་ཞིག་དྲན།    །  
བར་སྣང་ཁམས་སུ་ལག་རྙོབ་བྱེད།    །

ཁང་བརྩེགས་རེ་རེའི་ཕྲག་ཁ་ན།    །
ཤོག་རལ་དག་ནི་འཚང་ཁ་རྒྱག     །
སྤྲིན་པ་རེ་རེའི་བྲང་ངོས་སུ།    །
མིག་ཆུ་འགའ་ཞིག་འགྲིལ་བ་མཐོང་།    །

ངལ་ཞིང་དུབ་པའི་ཉི་མ་ཞིག   །
ས་གནམ་འདྲེས་པའི་མཚམས་སུ་ནུར།    །
སྐྱོ་ཐག་ཆོད་པའི་འོད་སྣང་དེ།    །
ན་བུན་འཁྲིགས་པའི་ཁུད་དུ་ལྷུང་།    །

ནམ་མཁའ་བོར་བའི་སྐྱེ་བོ་དག   །
ཐད་ཀའི་སྲང་མདོ་དག་ཏུ་བཞུར།    །
ང་ཡི་དྲན་པ་སྨྲེང་བས་བསྒུལ།     །
རླུང་གིས་ཁུར་ཏེ་རྒྱང་དུ་འགྲོ     །

ཐལ་གྱིས་ཟིན་པའི་དངོས་པོ་རྣམས།   །
སྣང་བའི་ཡུལ་ནས་ཡལ་བར་རྩོམ།    །
ངོས་ཀྱིས་དེ་ཡི་རྗེས་ཤུལ་དུ།     །
མཇུག་མཐའི་ནམ་མཁའ་གཞན་ཞིག་བྲིས།   །

ཚེ་སྲོག་རེ་རེའི་རྒྱབ་ལོགས་ནས།    །
མཛེས་པའི་འཇིག་རྟེན་རེ་རེ་སྐྱེས།    །  
ང་ཡིས་རང་གི་ནམ་མཁའ་རུ།   །
ཁྱོད་ཉིད་འཆར་བའི་སྨོན་ལམ་བཏབ།     །

ཤིན་ཏུ་གྲང་བའི་གཙང་བོ་ཞིག   །
འོད་ཀྱི་མུན་པའི་རྗེས་སུ་འབབ།   །
ལས་འཕྲོ་ཟད་པའི་སྔ་རོལ་དུ།    །
ངས་ནི་ཁྱོད་རང་དེ་ལྟར་དྲན།    །
             2013/21/12ཉིན།  

          ཁ་བྱང་མེད་པའི་རྨི་ལམ།  
                                          
མི་ལོ་ཉི་ཤུའི་རྐང་རྗེས།    །
ས་རྡུལ་ནང་དུ་གཏོར་བའི།    །
མཐའ་ཁའི་འཇིག་རྟེན་འདྲ་བོ།    །
བསྡད་ཀྱིན་ཆ་མེད་ཆགས་ཡོང་།    །
རྨི་ལམ་ནང་གི་མི་དེར།    །
མིང་ཞིག་འདོགས་ཐབས་མི་འདུག   །  

ནམ་ཟླ་དཔྱིད་ལ་བཞད་པའི།     །
ཆུ་ཡི་མེ་ཏོག་ཆུང་ཆུང་།     །
ལག་པའི་ནང་དུ་བླངས་ཀྱང་།    །
རི་མོ་མཐོང་ཐབས་མི་འདུག    །
ཁྱོད་རེད་ཁྱོད་རེད་བསམ་ཡོང་།    །
མ་རེད་མ་རེད་སྙམ་ཡོང་།   །

ན་བུན་སེམས་སུ་བསྐྱིལ་བའི།   །
ང་ནི་བྱེའུ་ཆུང་ཞིག་སྟེ།   །
འཚོ་བའི་བྱང་ཐང་བརྒལ་ནས།   །
གཤོག་པ་རླུང་གིས་ཟད་ཀྱང་།   །
ལས་དབང་ཁོག་ནག་འདི་ཡིས།    །
ངལ་ཞིག་གསོ་རུ་མི་འཇུག    །

ཡ་གིའི་གྲོང་རོང་ནང་ནས།   །
ཅིག་གིས་ངུ་ཤུམ་འཐེན་བྱུང་།   །
ངས་ནི་མལ་ཁྲིའི་སྒང་དུ།    །
རང་ལ་གླུ་ཞིག་བླངས་ཡོད།    །
བྱམས་པ་བོར་བའི་ཚབ་ལ།    །
གཞན་ཞིག་འཇོག་ཐབས་མི་འདུག    །

སྐར་འོད་རྒྱང་ཐག་རིང་བའི།   །
སེམས་ལ་སྨྲེང་བ་སྐྱེས་བྱུང་།    །
གྲང་རེག་བྲང་ལ་སྦྱར་ནས།    །
ཁང་ཆུང་ནང་དུ་འཛུལ་ཡང་།    །
ཞག་སྒྲོན་ཕྱེད་ཀ་ཞིག་གིས།    །
མཚན་མོ་བསྲེག་ཐབས་མ་བྱུང་།    །

ཁ་བ་བབས་པའི་རྗེས་ཀྱི།    །
སྐྱ་མོའི་ལམ་ནས་རྙེད་པའི།     །
རྒྱབ་གཟུགས་སྙིང་ལ་རྗེ་བོ།    །
ཡིད་དུ་འོང་འོང་འདྲ་ཡང་།    །
འབབ་ཚུགས་མཐའ་མའི་འགྲམ་ནས།    །
དེ་འདི་མེད་པར་བོར་སོང་།    །  

དཀར་པོ་དེ་ཡང་མ་རེད།  
དམར་པོ་དེ་ཡང་མ་རེད།   །
ཚོས་ཀྱི་སྡེབ་ཁ་འཕྲོད་པའི།    །
ལས་ཀྱི་མེ་ཏོག་མིན་ན།   །
མིག་གི་ཐད་ཀའི་འདི་དག     །
ཡོད་ན་མེད་ན་གཅིག་རེད།    །            

ནུབ་ཁའི་མེ་ལོང་ནང་ནས།    །
ཉི་འོད་ས་ལ་ལྷུང་བྱུང་།   །
གནམ་ལ་རི་མོ་མ་བྲིས།    །
མཚམས་སྤྲིན་རླུང་གིས་ཁུར་སོང་།   །
ལས་འཕྲོ་ཟད་པའི་ཕྱོགས་ལ།    །
མཚན་མོ་མ་གཏོགས་མི་འདུག    །

ལག་ཆུང་ཆུ་ལ་བཅུས་ནས།   །
ལྷམ་ཆུང་བྱེ་མར་བཏབ་སོང་།   །
གྲམ་པའི་ཕ་བོང་ངོས་ལ།   །
རྨ་ཆུའི་འགྲམ་དར་བྲིས་ཡོད།   །
དགུན་ཁ་སླེབས་པ་མ་རེད།   །
སེམས་ལ་ཆབ་རོམ་ཆགས་བྱུང་།   །

ནུབ་ཀྱི་དཀར་ཁུང་ནང་ལ།   །
མུན་པའི་ཁུ་བ་ཟགས་སོང་།   །
ལོ་འདི་དེང་མའི་ལོ་རེད།    །
ང་ལ་རྨི་ལམ་མི་འདུག   །
ནམ་མཁའ་སྟོང་བ་ཞིག་ཏུ།   །
ལག་སྙོབ་བྱེད་དགོས་བྱུང་སོང་།   །

ང་འདི་ཆུང་རབས་བཤད་ན།   །
ས་རྡུལ་གསེང་ནས་བོར་འགྲོ    །
འཇིག་རྟེན་ཆེ་རབས་མ་གླེང་།   །
སེམས་པ་ཤོང་ཐབས་མི་འདུག   །
ཁེར་རྐྱང་ཡིན་པའི་མི་ལ།   །
སྐྱོ་རོགས་གནམ་གྱིས་གནང་འགྲོ   །

མཁའ་ལ་འཇའ་ཚོན་ཤར་བ།   །
སྐར་མ་གཅིག་དང་གཉིས་རེད།   །
ཆུ་མོའི་ཁ་རུ་གཡེང་བའི།   །
ལོ་དང་ཟླ་བ་སྙིང་རྗེ།   །
མི་ཚེ་མི་ཚེ་ཟེར་བ།    །
གླེན་པའི་གློའུ་བཤད་ཅིག་རེད།    །

སེམས་ཀྱི་མྱ་ངན་ཐང་ལ།    །
དུ་བའི་རྩྭ་ལྡུམ་སྐྱེས་བྱུང་།   །
རླུང་བུ་ག་ལེར་ལྡང་ནས།   །
ང་ཡི་སྐད་ཆ་བརྐུས་སོང་།    །
དྲན་པའི་ཡུལ་ཕྱོགས་ས་ནས།    །
སྐར་མའི་ཆར་ཞོད་བརྒྱབ་བྱུང་།   །

འཆར་ཁའི་ཉི་འོད་བའི་ནང་ན།    །
ཆུ་ཡི་ཟེགས་མ་འཐོར་ན།    །
སྔོན་པོ་སྔོན་པོ་ཞིག་རེད།   །
ལྗང་ཁུ་ལྗང་ཁུ་ཞིག་རེད།    །
ང་ཡི་བྱམས་པའི་རྒྱབ་གཟུགས།   །
ཆུ་ཡི་ནང་ལ་དོད་འདུག    །

མུན་པའི་ཤོག་དཀར་ངོས་སུ།    །
སྐྱོ་བའི་མེ་སྟག་ལྷུང་བ།    །
གངས་རི་ནག་པོ་འདྲ་བྱུང་།    །
ཚིས་རིས་མོག་པོ་འདྲ་བྱུང་།     །
དབྱངས་ལ་སྐྱུར་ཤ་ཆགས་པའི།   །
གླུ་ཞིག་བླངས་ན་བསམ་བྱུང་།   །
         ༢༠༡༤/༥/༣ལ་སྨུག་པས་སྦྱར།

          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།