ལོ་དེའི་དཔྱིད་ཀ

 

 

ལོ་དེའི་དཔྱིད་ཀ་ཁྲག་བྲིས་རི་མོ་ཞིག།
རི་མོའི་ངོས་ན་མིག་ཆུའི་མཚོ་མོ་ཞིག།
མཚོ་མོ་རླབས་ལ་བསྐྱོན་པའི་ལོ་ཟླ་ནི།།
སྐབས་རེ་གསལ་ལ་ལན་རེ་ནག་ནོག་ཅིག།
 
གངས་རི་རྒས་ཁོག་ཅན་གྱི་དཔྲལ་བ་ན།།
ཉི་མ་མེད་པའི་ཟླ་བ་ཕྱེད་ཀ་དང་།།
དགུ་ཚིགས་ཁམས་ཀྱི་རྒན་མོ་མགོ་སྟོང་ཞིག།
ང་ལ་དགའ་ཞིང་མོ་ལ་དུང་བ་སྐད།།
 
གསར་བུ་རྒྱལ་རྩེ་དུས་ཀྱིས་ཐུབ་སོང་ཟེར།།
སྐྲ་དཀར་ཉག་མས་ཁེབས་པར་ཁག་མེད་ཀི།།
ང་ཡང་ལོ་ཚོད་དེ་འདྲར་སླེབས་དུས་ན།།
མིག་གཉིས་ལྗང་གུ་ཡིན་པ་ཁྲིག་ཁྲིག་མེད།།
 
ལོ་དེའི་དཔྱིད་ཀ་ལོ་དེའི་དགུན་ཁ་རེད།།
ཙག་དང་བསེར་བུ་ཆེ་ནོ་ཤེས་རྐྱང་བྱོས།།
ལོ་དེའི་དཔྱིད་ཀ་ལོ་དེའི་སྟོན་ཁ་རེད།།
གཡང་དང་ལོ་ལེགས་མེད་ནོ་གོ་རྐྱང་བྱོས།།
             ༢༠༡༣ལོའི་ཟླ༡༡པར།

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་དེའི་དཔྱིད་ཀ

2014-07-13 ཁྱུང་ལྔ། ཀློག་གྲངས། མཆན ཡོད།

 

 

ལོ་དེའི་དཔྱིད་ཀ་ཁྲག་བྲིས་རི་མོ་ཞིག།
རི་མོའི་ངོས་ན་མིག་ཆུའི་མཚོ་མོ་ཞིག།
མཚོ་མོ་རླབས་ལ་བསྐྱོན་པའི་ལོ་ཟླ་ནི།།
སྐབས་རེ་གསལ་ལ་ལན་རེ་ནག་ནོག་ཅིག།
 
གངས་རི་རྒས་ཁོག་ཅན་གྱི་དཔྲལ་བ་ན།།
ཉི་མ་མེད་པའི་ཟླ་བ་ཕྱེད་ཀ་དང་།།
དགུ་ཚིགས་ཁམས་ཀྱི་རྒན་མོ་མགོ་སྟོང་ཞིག།
ང་ལ་དགའ་ཞིང་མོ་ལ་དུང་བ་སྐད།།
 
གསར་བུ་རྒྱལ་རྩེ་དུས་ཀྱིས་ཐུབ་སོང་ཟེར།།
སྐྲ་དཀར་ཉག་མས་ཁེབས་པར་ཁག་མེད་ཀི།།
ང་ཡང་ལོ་ཚོད་དེ་འདྲར་སླེབས་དུས་ན།།
མིག་གཉིས་ལྗང་གུ་ཡིན་པ་ཁྲིག་ཁྲིག་མེད།།
 
ལོ་དེའི་དཔྱིད་ཀ་ལོ་དེའི་དགུན་ཁ་རེད།།
ཙག་དང་བསེར་བུ་ཆེ་ནོ་ཤེས་རྐྱང་བྱོས།།
ལོ་དེའི་དཔྱིད་ཀ་ལོ་དེའི་སྟོན་ཁ་རེད།།
གཡང་དང་ལོ་ལེགས་མེད་ནོ་གོ་རྐྱང་བྱོས།།
             ༢༠༡༣ལོའི་ཟླ༡༡པར།

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།