དྲན་སྣང་བན་བུན་འདི།

མཐོན་པོས་མཐོན་པོ་ཁྲི་ལ་བསྐྱོན་ཞིང་དད་པའི་ལྷ་དར་རིང་དུ་འཐེན།།
ཆེན་པོས་ཆེན་པོ་དགུང་དུ་བསྟོད་ཅིང་རེ་བའི་རླུང་རྟ་དབྱིངས་ལ་སྤུར།།
ཆུང་ཞིང་གཉོམ་པའི་རྩྭ་མི་རེ་རེ་རྡོག་པས་རྫི་ཞིང་དམྱལ་བར་འཕེན།།
སྒོ་ཁྱིམ་བར་ན་མི་རིན་མ་ཁུགས་ཟུར་དང་ལོགས་ན་གཉོམ་དུ་འཁུམས།།

འཇིག་རྟེན་མི་ཡུལ་ཞིང་མཆོག་འདི་ཉིད་དྭངས་མེད་སྨག་གིས་རིང་དུ་བསྒྲིབས།།
ཆུང་དུས་ལྷད་མེད་རྩེད་ར་ཕྲ་མོར་གཡོ་དང་སྒྱུ་ཡི་རྩྭ་ལྡུམ་འཛིང་།།
མི་དང་མི་ཡི་གོང་ཐང་ཟབ་མོ་དུས་ཀྱི་ཤྭ་འོད་དྲག་པོས་དེད།།
སྐྱོ་ཞིང་སྨྲེང་བའི་རྨ་ཁ་མི་བསྲོན་བཟོད་མེད་མིག་ཆུ་ལྐོག་ཏུ་མིད།།

མི་བུ་གཅིག་གིས་ས་ཆེན་སྒུལ་བའི་མཛད་འཕྲིན་བསམ་ན་དད་སེམས་སྐྱེས།།
ཟག་བཅས་ཕུང་བོ་ཆུ་ཐིགས་གཅིག་རེས་གསོ་ཞིང་གསོད་འདི་ཨ་ཙ་མ།།
སྤྲོ་དགའི་དགོད་སྒྲ་མཉམ་དུ་གཏོང་དུས་སྲིད་པའི་ཕུན་ཚོགས་བསམ་ཞིང་སྐྱིད།།
འཕུང་བའི་ལུས་པོ་གཅིག་པུར་འདར་དུས་བས་མཐར་ལུས་སྙམ་འཇིགས་སྣང་སྐྱེས།།

དུས་རབས་གསར་བའི་འདུ་འགོད་དྲག་པོ་རླབས་དང་རླུང་བཞིན་འཕྱུར་འོང་བས།།
མི་སེམས་ཁྲ་ཁྲ་རང་ཚུགས་མི་རྟག་འདམ་གྱི་ཕུར་བའི་བརྟུལ་ཞུགས་འཛིན།།
རང་བབས་ལས་ཀྱི་བྱ་གཞག་མ་འགྲུབ་ཉིན་མཚན་ལབ་དང་ཤོབ་ཀྱིས་བདས།།
སྐྱེས་ཤིང་སྐྱེས་པའི་ཕྲེང་ཐག་བསམ་ན་རྒྱུ་འབྲས་ཨེ་འཁོར་དངངས་འདར་ཞིག།

རང་དོན་མི་འཁྲུལ་སྤྱི་དོན་ལྕི་མོར་གུ་ཡངས་རིང་ལུགས་ཡུན་དུ་བསྲིངས།།
རང་ལུས་མི་ཕམ་ཟུར་དུ་འབུད་པ་འཆམ་མཐུན་ཡིན་ནམ་དོགས་པས་སྦྲུམ།།
ཁ་བཤད་བཙན་པོ་འབྲུག་སྟོང་ལྡིར་རུང་དོན་གྱི་ཆར་བས་ཤུལ་དུ་སྟོང་།།
ཁབ་ཤུལ་སྐུད་པས་ནམ་ཞིག་ཁེངས་སམ་བུང་བུའི་གཟིག་ལྤགས་ནམ་ཞིག་གཤག།

སྲིད་པའི་ཁམས་ནས་སྲིད་པར་གནས་པའི་སྐལ་ཞིག་ཨེ་ཐེམ་ཤུགས་ཀྱིས་བལྟ།།
རང་སེམས་གོར་མོར་སྐོར་རེ་རྒྱབ་ནས་རང་ཉིད་གསལ་བའི་ཚང་རྩིས་རྒྱག།
བརྩེ་བའི་མི་ལ་བརྩེ་སེམས་སྦྱར་བཞིན་རིགས་ཞེན་ས་བོན་རུས་སུ་འདེབས།།
གང་དུ་འདུར་ཡང་གངས་ཕྲུག་རྣལ་མའི་གནས་མལ་བསམ་བཞིན་བློ་སེམས་སྒྲིམ།།

ཕ་ཁྱིམ་སྨུག་པོ་རལ་དུ་མ་འཇུག་ཕ་མེས་བཟང་པོའི་འཁྲུངས་གཞིས་ལགས།།
བུ་རབས་ཚ་རྒྱུད་བསླད་དུ་མ་འཇུག་འབྱུང་འགྱུར་ལག་རྟེན་འདི་དག་ཡིན།།
རིན་ཐང་ཆེ་འོ་རང་གཤིས་དྭངས་མའི་ནོར་བུ་ལེགས་པར་སྲུངས་ཤིག་དང་།།
གཏན་དུ་དགེ་འོ་རིགས་ཀྱི་ཞེན་པའི་ཁྲག་གི་མཆོད་པ་ཕུལད་ཅིག་དང་།།

            (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་སྣང་བན་བུན་འདི།

2014-02-04 རྫས་ལུང་ཚེ་དར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།