ཁོ་བོ།
ཆུ་ཐིགས་ཤིག་དང་འདྲ་བའི་མིག་ཆུ་འདི།།
སུ་ཡི་བྲང་གཞུང་བརྟོལ་བའི་ལྟེང་ཀ་ཡིན།།
ཆུ་མིག་དེ་ནི་ལྷ་ཡི་བདུད་རྩི་བཞིན།།
བདག་གི་སེམས་པ་བཅིངས་པའི་ཞགས་པ་ཡིན།།
རླུང་བུ་ཞིག་དང་འདྲ་བའི་འདྲེན་བྱེད་ཟུང་།།
ཡང་ཡང་གཡོ་ཞིང་ཕྱོགས་སུ་རྒྱུ་བར་བྱེད།།
མིག་ཟུང་དེ་ནི་དཔྱིད་ཀྱི་ཕོ་ཉ་བཞིན།།
ཁྱེད་དང་ང་ཡི་སེམས་པ་ལྷན་དུ་བསུས།།
གྲུ་ཆུང་ཞིག་དང་འདྲ་བའི་གོམ་ཆུང་འདི།།
འཇིག་རྟེན་མཚོ་མོ་འཁྱོམ་པའི་རླབས་ཀྱིས་དེད།།
གོམ་ཆུང་དེ་ནི་སེར་བྱ་ངང་པ་འདྲ།།
མཚོ་མོའི་རླབས་ལ་འཁྱུད་དེ་རྩེད་འཇོར་རོལ།།
༢༠༡༣ ་ ༡༡ ་ ༢༦ ཉིན་དགོང་དྲོར་བྲིས།
(མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།