སེམས་ཉིད་མ།


ཤར་གྱི་ཉི་གཞོན་ལྷོ་ཡི་སྤྲིན་ལམ་འགྲིམས།
ཉི་རྡུལ་དམར་པོས་བདག་གི་མགོ་བོར་རྡེག།།
སེམས་པ་རྨི་ལམ་ཞིང་ནས་མ་བཏང་བར།།
ལྷོ་སྤྲིན་དཀར་པོས་བདག་ཉིད་སྲུང་བར་མཛོད།།

ལུས་འདི་བྱེ་ཐང་ཁྲོད་དུ་ངལ་བས་མནར།།
སེམས་པ་རྩྭ་ཐང་སྟེང་གི་མེ་ཏོག་སྟེ།།
ཁྲ་ཚོམ་ཕྱེ་མ་ལེབ་ཀྱི་གར་སྟབས་དང་།།
བུང་བའི་གླུ་དབྱངས་སྙན་པོས་རབ་ཏུ་མྱོས།།

སེམས་འདི་ད་དུང་ངལ་མེད་འགྲོ་བར་འདོད།།
རླུང་གི་བཞོན་པ་ཅང་ཤེས་དཀར་པོར་སྤྲུལ།།
མུ་མེད་རྩྭ་ཐང་ནམ་མཁའི་ཀློང་རོལ་ནས།།
རྒྱུག་ཅིང་རྨིག་རྗེས་ས་གཞིར་བཀོད་ན་སྙམ།།

ས་ཆེན་ཡོམ་ཡོམ་འདར་བའི་བང་རྩལ་དེས།།
མེ་ཏོག་ཁྲི་འབུམ་མང་པོ་བརྗེད་གྱུར་ཀྱང།།
བྱེ་ཐང་ཁྲོད་ཀྱི་རང་ལུས་གཡར་པོ་དེ།།
སེམས་པ་ཁྲེལ་མེད་ཁྱོད་ཀྱིས་བརྗེད་ཕོད་དམ།།

སེམས་འདི་བྱ་སྒྲོ་རླུང་བུས་འཁྱེར་བ་བཞིན།།
སྟོང་པའི་མཁའ་ལ་རླུང་གི་གཤོག་པ་ཅན།།
ཡུན་ཙམ་མི་སྡོད་རྒྱང་དུ་བཞུད་གྱུར་ཀྱང།།
ཕུགས་བསམ་འདུན་མའི་གནས་ས་ཨེ་ཡོད་སྙམ།།

སེམས་པ་བྱིས་པའི་ལག་གི་ཤོག་བྱ་ཡིན།།
ལུས་པོ་འདི་ནི་བྱིས་པའི་ལག་དང་མཚུངས།།
སྟོན་རླུང་བསིལ་བུས་དགུང་དུ་བཏེགས་ན་ཡང།།
སྐུད་སྣེ་བྱིས་པའི་ལག་ཏུ་དམ་པོར་བཟུང་།།

སེམས་ཀྱིས་འདོད་པ་རི་རྒྱལ་ལྷུན་པོ་ཉིད།།
ལུས་པོས་ཐེག་པ་དེའུ་འབུར་ཆུང་ཆུང་ཞིག།།
ལུས་སེམས་བར་ལ་དབུ་མའི་ལམ་ཐིག་ཅིག།།
བསྐྲུན་པའི་བྱེད་པོ་ཡོད་པར་མ་གྱུར་ཏམ།།

ལུས་པོ་འདི་ནི་སེམས་ཀྱི་སྐྱོ་རོགས་ཡིན།།
ལུས་སེམས་འབྲེལ་བའི་དགའ་སྐྱོའི་འཇིག་རྟེན་འདི།།
ཁྱོད་དང་ང་ཞེས་རྩོད་པའི་དམག་ས་ཡིན།།
ས་ཆེན་སེམས་ཉིད་གླིང་འདི་ཀྱེ་མ་ཧོ།།
      ༢༠༡༣ ། ༡༡ ། ༡༦ དགོང་དྲོ་བྲིས་སོ།

 (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཉིད་མ།

2014-01-09 བྲག་གཞིས་བུ། ཀློག་གྲངས། མཆན ཡོད།


ཤར་གྱི་ཉི་གཞོན་ལྷོ་ཡི་སྤྲིན་ལམ་འགྲིམས།
ཉི་རྡུལ་དམར་པོས་བདག་གི་མགོ་བོར་རྡེག།།
སེམས་པ་རྨི་ལམ་ཞིང་ནས་མ་བཏང་བར།།
ལྷོ་སྤྲིན་དཀར་པོས་བདག་ཉིད་སྲུང་བར་མཛོད།།

ལུས་འདི་བྱེ་ཐང་ཁྲོད་དུ་ངལ་བས་མནར།།
སེམས་པ་རྩྭ་ཐང་སྟེང་གི་མེ་ཏོག་སྟེ།།
ཁྲ་ཚོམ་ཕྱེ་མ་ལེབ་ཀྱི་གར་སྟབས་དང་།།
བུང་བའི་གླུ་དབྱངས་སྙན་པོས་རབ་ཏུ་མྱོས།།

སེམས་འདི་ད་དུང་ངལ་མེད་འགྲོ་བར་འདོད།།
རླུང་གི་བཞོན་པ་ཅང་ཤེས་དཀར་པོར་སྤྲུལ།།
མུ་མེད་རྩྭ་ཐང་ནམ་མཁའི་ཀློང་རོལ་ནས།།
རྒྱུག་ཅིང་རྨིག་རྗེས་ས་གཞིར་བཀོད་ན་སྙམ།།

ས་ཆེན་ཡོམ་ཡོམ་འདར་བའི་བང་རྩལ་དེས།།
མེ་ཏོག་ཁྲི་འབུམ་མང་པོ་བརྗེད་གྱུར་ཀྱང།།
བྱེ་ཐང་ཁྲོད་ཀྱི་རང་ལུས་གཡར་པོ་དེ།།
སེམས་པ་ཁྲེལ་མེད་ཁྱོད་ཀྱིས་བརྗེད་ཕོད་དམ།།

སེམས་འདི་བྱ་སྒྲོ་རླུང་བུས་འཁྱེར་བ་བཞིན།།
སྟོང་པའི་མཁའ་ལ་རླུང་གི་གཤོག་པ་ཅན།།
ཡུན་ཙམ་མི་སྡོད་རྒྱང་དུ་བཞུད་གྱུར་ཀྱང།།
ཕུགས་བསམ་འདུན་མའི་གནས་ས་ཨེ་ཡོད་སྙམ།།

སེམས་པ་བྱིས་པའི་ལག་གི་ཤོག་བྱ་ཡིན།།
ལུས་པོ་འདི་ནི་བྱིས་པའི་ལག་དང་མཚུངས།།
སྟོན་རླུང་བསིལ་བུས་དགུང་དུ་བཏེགས་ན་ཡང།།
སྐུད་སྣེ་བྱིས་པའི་ལག་ཏུ་དམ་པོར་བཟུང་།།

སེམས་ཀྱིས་འདོད་པ་རི་རྒྱལ་ལྷུན་པོ་ཉིད།།
ལུས་པོས་ཐེག་པ་དེའུ་འབུར་ཆུང་ཆུང་ཞིག།།
ལུས་སེམས་བར་ལ་དབུ་མའི་ལམ་ཐིག་ཅིག།།
བསྐྲུན་པའི་བྱེད་པོ་ཡོད་པར་མ་གྱུར་ཏམ།།

ལུས་པོ་འདི་ནི་སེམས་ཀྱི་སྐྱོ་རོགས་ཡིན།།
ལུས་སེམས་འབྲེལ་བའི་དགའ་སྐྱོའི་འཇིག་རྟེན་འདི།།
ཁྱོད་དང་ང་ཞེས་རྩོད་པའི་དམག་ས་ཡིན།།
ས་ཆེན་སེམས་ཉིད་གླིང་འདི་ཀྱེ་མ་ཧོ།།
      ༢༠༡༣ ། ༡༡ ། ༡༦ དགོང་དྲོ་བྲིས་སོ།

 (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།