དགའ་སྟོན་རྗེས་ལ་སྐྱོ་བའི་རྒྱ་འདི་བཏབ།
ནང་སེམས་འདོད་པའི་ཟེགས་མ་མཁའ་རུ་འཐོར།།
དཔྲལ་བའི་མིག་འབྲས་སྐྱེན་པོ་ཡུལ་ལ་འཁྱུག།།
འདུ་འཛིའི་རླུང་བུ་འཐབ་པའི་ཧྲག་བར་ནས།།
དྲི་ཟའི་བུ་མོར་དུངས་པའི་སྒྲུང་ཞིག་རྙེད།།
སྨོན་ཚིག་དཀར་པོ་དགའ་ལྡན་ལྷ་ལ་གཏད།།
ཤམ་བྷ་ལ་ཡི་ཕུན་ཚོགས་སྙིང་ལ་དྲངས།།
རྨི་ལམ་ཞིམ་པོ་རྨིས་པའི་ཁུགས་པ་ནས།།
དགའ་བའི་སེམས་ལ་དགོད་པའི་འཛུམ་རེ་འཁྲུངས།།
གཡུ་འབྲུག་སྔོན་མོའི་ངར་སྐད་དགུང་ན་གྲགས།།
རྨ་བྱའི་མཇུག་སྒྲོའི་གུར་ཁྱིམ་ས་ནས་ཕུབ།།
དཔག་ཚད་འབུམ་གྱིས་ཆོད་པའི་རྒྱང་ཐག་ལ།།
བརྩེ་དུང་རྒྱལ་མོས་འབྲེལ་བའི་དར་ཞིག་འཐེན།།
འོད་རླབས་དྲོན་མོའི་བརྩེ་བ་མཁའ་ལས་ཐིགས།།
པད་དཀར་ལྗོན་པའི་འཛུམ་མདངས་ཕྱོགས་སུ་བཞད།།
དུང་བའི་སྐུད་པ་གཅིག་གིས་ལྷན་བརྒྱུས་ནས།།
བདག་གཅིག་འབྲེལ་བའི་ཕྱག་ཟུང་དམ་དུ་སྤྲེལ།།
འགྱེལ་མེད་ལྕགས་ཀྱི་ཀ་བ་སྙིང་ལ་བཙུགས།།
བསུབ་མེད་དམ་བཅའི་རི་མོ་སྲོག་དང་བསྲེས།།
འདོད་པའི་སྦི་རག་བཞེས་པའི་མལ་ཁུག་ནས།།
སྒྱུ་རྩལ་དྲུག་བཞིའི་བྲོ་བའི་བཟི་ཁ་མྱངས།།
ས་ནག་མཆིན་པའི་བྲང་གཞུང་མཁའ་ལ་བཟེད།།
སྦྲང་ཆར་བསིལ་མའི་བརྩེ་བ་ས་ལ་ཟུམ།།
ཐ་དད་མཚན་མ་བོར་པའི་སྤྲོ་སྣང་གིས།།
ཉིན་མཚན་དབྱེ་བའི་བརྡ་རྟགས་བརྗེད་དུ་བསྐུལ།།
གློ་བུར་ཐོག་མའི་མཛེས་པ་རྒྱང་དུ་བཞུད།།
ཤ་རུས་གསེང་ལ་རྩུབ་མོའི་ནད་ཅིག་བྱུང་།།
གང་སེམས་རི་ལ་དུང་བའི་ཤུལ་ལམ་ནས།།
གསང་ཚིག་གབ་པའི་དྲི་ངན་ཕྱི་ལ་ཤོར།།
སྡོང་ལོ་སྔོན་མོའི་འདབ་མ་རླུང་གི་སྤུར།།
ཁུ་བྱུགས་སྔོན་མོའི་གྲེ་བ་ཙག་གིས་ཕྱིད།།
མི་རྟག་སྒྱུ་མའི་ཆོས་ཀྱི་བསླུ་བྲིད་ཀྱིས།།
སེམས་རུས་དཀར་པོའི་སྟེང་ལ་གཟེར་ཞིག་བསླངས།།
རིན་ཆེན་དངུལ་གྱི་བམ་ཁ་མཐུག་དང་གཅིག །
འཕྱོན་མའི་འདོད་པའི་སྒྱུ་རྩལ་རྒོད་དང་གཉིས།།
འཇིག་རྟེན་ན་བུན་ཞིག་གི་གོང་ཁ་ནས།།
འཛུམ་མདངས་མངར་མོ་སྲོག་གི་གཤེད་དུ་ལངས།།
ན་ནིང་དུང་བའི་བུ་མོ་གམ་དུ་བཅར།།
ད་ལོ་གཅེས་པའི་མཛའ་མོ་རྒྱང་དུ་བཞུད།།
བརྟན་མིན་འགྲུལ་བཞུད་འཁྱོག་པོའི་མུ་ཁྱུད་དུ།།
འཚོ་གཞིས་དྲོན་མོའི་བརྩེ་བ་སྐད་ཅིག་ཉིད།།
སྔོ་ལྗང་ལྗོན་པའི་ལང་ཚོ་སུ་ཡིས་འཕྲོག།།
རྐང་དྲུག་བུང་བུའི་དབྱངས་སྙན་སུ་ཡིས་བཀག།།
འགོང་བོའི་རླུང་འཚུབ་དྲག་པོའི་དབར་གསེང་ནས།།
མི་ཚེ་གོམ་བསྐྱོད་རིང་མོའི་སྒྲོན་མེ་གཟིམས།།
སུ་དང་གང་གི་ལོ་རྒྱུས་ངས་མི་ཤེས།།
ཁྱོད་དང་ང་ཡི་འཛུམ་ཆུང་འདི་ལྟར་ཡལ།།
ཕྱི་ཐག་དུམ་གྱིས་ཆད་པའི་ལས་དབང་འདིས།།
བྱང་ཁོག་དྲོན་མོའི་དཔལ་ཡོན་འཁྱག་ལ་སྦྱར།།
ས་འཛིན་དབང་བོའི་མཛེས་སྡུག་རླུང་གིས་ཁྱེར།།
ཀུན་གསལ་སྒེག་མོའི་བཞིན་རས་མུན་པས་གཡོགས།།
སྐྱོ་གདུང་རྦ་རླབས་གཡོ་བས་གཡང་གཟར་དུ།།
གློ་སྙིང་སྐྱེས་སུ་འབུལ་ལ་ལྕེབས་ན་བསམས།།
འཕྲོ་འདུ་མྱུར་མོས་འོད་གོར་འདི་ལྟར་བསྡུས།།
རྣམ་ཤེས་དྲང་མོའི་ཁོར་ཡུག་འདི་ལྟར་ནུབ།།
མིག་སྐྱེབས་གཡོ་འགུལ་ཅིག་གི་ཟུར་མིག་གིས།།
དགའ་སྟོན་རྗེས་ལ་སྐྱོ་བའི་རྒྱ་འདི་བཏབ།།
(མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང་།)

རྩོམ་ཁུངས། ངེད་དྲ་བ།