ཞུ་ཡིག

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-21

                                                  ★གྲོང་ཁྱེར་དུ་སྤོ་བར་བྲེལ་བའི་རྨ་ཆུའི་འབྲོག་དམངས་ལ།
རྟ་ཕོ་བོར་ན་སྒ་ལ་བདག་དམ་མཛོད།།
གཡག་རྒོད་འཚོང་ན་སྣ་གཅུ་རྟེན་ལ་ཟུངས།།
འབྲི་མོ་ཤི་ན་བཞོ་ཟེའུ་གཡང་དུ་སོམས།།
མ་མོ་བཤའ་ན་རྭ་ཅོ་སྣོད་དུ་ཆུགས།།

མཚེར་ས་སྤོར་ན་མཚེར་ཤུལ་རྡོ་ཡིས་གནོན།།
ཁ་ཟས་བརྗེ་ན་ལྟོ་བའི་མ་ལ་དྲིས།།
སྦྲ་ནག་ལྟེབ་ན་ནང་ཐིག་ཉར་ཡག་བྱོས།།
སློག་པ་འཕུད་ན་ནམ་ཟླའི་དྲོད་ལ་དཔྱོད།།

རྒྱ་ལ་བསྲེ་ན་རྒྱ་རྒྱུས་ལེན་ཡག་བགྱིས།།
ཁ་ཆེར་འཐབ་ན་ཁ་ཁོག་གྲིམ་མོ་བྱོས།།
གྲོང་ནས་འདུག་ན་གཡོག་ལས་དང་དུ་ལོངས།།
ཁེ་ལས་གཉེར་ན་སྲང་དང་ཟུར་ལ་ལྟོས།།

སྐད་ཆ་འདོར་ན་རུས་པའི་རྐང་ལ་དྲིས།།
ལུགས་སྲོལ་བསྒྱུར་ན་མེས་པོའི་ཁམས་ལ་གཟིགས།།
གངས་དང་འབྲལ་ན་ཤམ་པོའི་ཐུགས་ལ་ཞོག།
ཟམ་པ་བརྒལ་ན་གཙང་ཆུའི་བདག་པོར་ཤོད།།

ཕ་ས་བསྐྱུར་མིན་ཕ་ལོའི་དགོངས་པར་དམིགས།།
རྨ་ཆུ་འཐུང་མིན་མ་ལོར་གྲོས་ཤིག་ཐོབས།། 
རྩྭ་ཐང་སྲུང་མིན་ཚ་བོའི་མོས་པར་རྟོགས།།
སྒོ་ཁྱི་བཙོང་མིན་བུ་མོར་ནན་འདྲི་བྱོས།།
                                    2010-3-3

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞུ་ཡིག

2010-06-21 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

                                                  ★གྲོང་ཁྱེར་དུ་སྤོ་བར་བྲེལ་བའི་རྨ་ཆུའི་འབྲོག་དམངས་ལ།
རྟ་ཕོ་བོར་ན་སྒ་ལ་བདག་དམ་མཛོད།།
གཡག་རྒོད་འཚོང་ན་སྣ་གཅུ་རྟེན་ལ་ཟུངས།།
འབྲི་མོ་ཤི་ན་བཞོ་ཟེའུ་གཡང་དུ་སོམས།།
མ་མོ་བཤའ་ན་རྭ་ཅོ་སྣོད་དུ་ཆུགས།།

མཚེར་ས་སྤོར་ན་མཚེར་ཤུལ་རྡོ་ཡིས་གནོན།།
ཁ་ཟས་བརྗེ་ན་ལྟོ་བའི་མ་ལ་དྲིས།།
སྦྲ་ནག་ལྟེབ་ན་ནང་ཐིག་ཉར་ཡག་བྱོས།།
སློག་པ་འཕུད་ན་ནམ་ཟླའི་དྲོད་ལ་དཔྱོད།།

རྒྱ་ལ་བསྲེ་ན་རྒྱ་རྒྱུས་ལེན་ཡག་བགྱིས།།
ཁ་ཆེར་འཐབ་ན་ཁ་ཁོག་གྲིམ་མོ་བྱོས།།
གྲོང་ནས་འདུག་ན་གཡོག་ལས་དང་དུ་ལོངས།།
ཁེ་ལས་གཉེར་ན་སྲང་དང་ཟུར་ལ་ལྟོས།།

སྐད་ཆ་འདོར་ན་རུས་པའི་རྐང་ལ་དྲིས།།
ལུགས་སྲོལ་བསྒྱུར་ན་མེས་པོའི་ཁམས་ལ་གཟིགས།།
གངས་དང་འབྲལ་ན་ཤམ་པོའི་ཐུགས་ལ་ཞོག།
ཟམ་པ་བརྒལ་ན་གཙང་ཆུའི་བདག་པོར་ཤོད།།

ཕ་ས་བསྐྱུར་མིན་ཕ་ལོའི་དགོངས་པར་དམིགས།།
རྨ་ཆུ་འཐུང་མིན་མ་ལོར་གྲོས་ཤིག་ཐོབས།། 
རྩྭ་ཐང་སྲུང་མིན་ཚ་བོའི་མོས་པར་རྟོགས།།
སྒོ་ཁྱི་བཙོང་མིན་བུ་མོར་ནན་འདྲི་བྱོས།།
                                    2010-3-3

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།