བརྩེ་འདང་གི་གླུ་ཆུང་།

རྫ་ཚེ་དབང་བསྟན་འཛིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-13

                                      དགུན།
དགུན་གྱི་སྲིན་མོ་ཁྲོ་གཏུམ་ཅན་གྱིས་གཙང་ཆུ་སྔོན་མོ་འཁྱགས་ལ་བསྡམས།།
ཆུ་ཤིང་རྒན་པོ་སྐྱོ་བས་གདུང་སྟེ་སྐྲ་ལོ་སེར་པོ་ས་ལ་འཐོར།།
ལྷོ་ཕྱོགས་རླུང་གི་ཤུགས་སྒྲ་ངར་མོས་ཁ་བ་བུ་ཡུག་འཚུབ་མར་བསྐོར།།
ང་ཡང་སྙིང་མཐུན་ཁ་བར་འགྲོགས་ནས་གངས་ལྗོངས་ཡུལ་དུ་ལྟད་མོར་འགྲོ།།
                                     དཔྱིད།
དཔྱིད་ཀྱི་རྒྱལ་མོས་གླུ་དབྱངས་ལེན་བཞིན་འདོད་པའི་ཕོ་ཉ་བསུས་པས་ན།།
རྐང་འཐུང་གཞོན་ནུའི་སེམས་པ་འཁྲེང་བཞིན་སྐྲ་ལོ་སྔོ་ལྗང་ལྷུག་ལྷུག་བཞད།།
གཙང་ཆུ་སྔོན་མོ་འཁྱག་རོམ་ལས་ཐར་ཧ་ཧེའི་གད་མོ་དགོད་བཞིན་རྒྱུ།།
ང་ཡང་རྙོག་བྲལ་ཆུ་བོར་འགྲོགས་ནས་གངས་ལྗོངས་ཡུལ་ལ་ལྟད་མོར་འགྲོ།།
                                   དབྱར།
དབྱར་གྱི་ཀླུ་མོ་འཛུམ་མདངས་ཅན་མས་གདོང་ལ་སྔོ་མདངས་བྱུགས་ནས་སླེབས།།
སྤྲིན་དཀར་ཕུང་བོ་འཕྱོ་ཞིང་ལྡིང་ལ་གཡུ་འབྲུག་དར་མས་གླུ་སྒྲ་སྒྲོགས།།
སྐྱེད་མོའི་ཚལ་གྱིས་སྦྲང་ཆར་འཐུང་བཞིན་དགའ་བས་བཟི་སྟེ་བར་མེད་གཡོ།།
ང་ཡང་བསིལ་ལྡན་ཆར་ལ་འགྲོགས་ནས་གངས་ལྗོངས་ཡུལ་དུ་ལྟད་མོར་འགྲོ།།
                                  སྟོན།
སྟོན་གྱི་དཔལ་མོས་སྨིན་ལེགས་འབྲས་བུའི་གསེར་ལྭ་གྱོན་ནས་སླེབས་བྱུང་བས།།
རྐང་འཐུང་བུ་མོའི་སྒྲ་འཛིན་རྒྱན་དུ་སིལ་ཏོག་དམར་པོའི་རྣ་རྒྱན་ངོམ།།
སྟོན་རླུང་བསིལ་མས་སྤྲོ་གླུ་གྱེར་བཞིན་གྲོ་ཞིང་ཡངས་པོར་རྦ་རླབས་བསླངས།།
ང་ཡང་སྟོན་གྱི་དགའ་མར་འགྲོགས་ནས་གངས་ལྗོངས་ཡུལ་དུ་ལྟད་མོར་འགྲོ།།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་འདང་གི་གླུ་ཆུང་།

2010-06-13 རྫ་ཚེ་དབང་བསྟན་འཛིན། ཀློག་གྲངས། མཆན ཡོད།

                                      དགུན།
དགུན་གྱི་སྲིན་མོ་ཁྲོ་གཏུམ་ཅན་གྱིས་གཙང་ཆུ་སྔོན་མོ་འཁྱགས་ལ་བསྡམས།།
ཆུ་ཤིང་རྒན་པོ་སྐྱོ་བས་གདུང་སྟེ་སྐྲ་ལོ་སེར་པོ་ས་ལ་འཐོར།།
ལྷོ་ཕྱོགས་རླུང་གི་ཤུགས་སྒྲ་ངར་མོས་ཁ་བ་བུ་ཡུག་འཚུབ་མར་བསྐོར།།
ང་ཡང་སྙིང་མཐུན་ཁ་བར་འགྲོགས་ནས་གངས་ལྗོངས་ཡུལ་དུ་ལྟད་མོར་འགྲོ།།
                                     དཔྱིད།
དཔྱིད་ཀྱི་རྒྱལ་མོས་གླུ་དབྱངས་ལེན་བཞིན་འདོད་པའི་ཕོ་ཉ་བསུས་པས་ན།།
རྐང་འཐུང་གཞོན་ནུའི་སེམས་པ་འཁྲེང་བཞིན་སྐྲ་ལོ་སྔོ་ལྗང་ལྷུག་ལྷུག་བཞད།།
གཙང་ཆུ་སྔོན་མོ་འཁྱག་རོམ་ལས་ཐར་ཧ་ཧེའི་གད་མོ་དགོད་བཞིན་རྒྱུ།།
ང་ཡང་རྙོག་བྲལ་ཆུ་བོར་འགྲོགས་ནས་གངས་ལྗོངས་ཡུལ་ལ་ལྟད་མོར་འགྲོ།།
                                   དབྱར།
དབྱར་གྱི་ཀླུ་མོ་འཛུམ་མདངས་ཅན་མས་གདོང་ལ་སྔོ་མདངས་བྱུགས་ནས་སླེབས།།
སྤྲིན་དཀར་ཕུང་བོ་འཕྱོ་ཞིང་ལྡིང་ལ་གཡུ་འབྲུག་དར་མས་གླུ་སྒྲ་སྒྲོགས།།
སྐྱེད་མོའི་ཚལ་གྱིས་སྦྲང་ཆར་འཐུང་བཞིན་དགའ་བས་བཟི་སྟེ་བར་མེད་གཡོ།།
ང་ཡང་བསིལ་ལྡན་ཆར་ལ་འགྲོགས་ནས་གངས་ལྗོངས་ཡུལ་དུ་ལྟད་མོར་འགྲོ།།
                                  སྟོན།
སྟོན་གྱི་དཔལ་མོས་སྨིན་ལེགས་འབྲས་བུའི་གསེར་ལྭ་གྱོན་ནས་སླེབས་བྱུང་བས།།
རྐང་འཐུང་བུ་མོའི་སྒྲ་འཛིན་རྒྱན་དུ་སིལ་ཏོག་དམར་པོའི་རྣ་རྒྱན་ངོམ།།
སྟོན་རླུང་བསིལ་མས་སྤྲོ་གླུ་གྱེར་བཞིན་གྲོ་ཞིང་ཡངས་པོར་རྦ་རླབས་བསླངས།།
ང་ཡང་སྟོན་གྱི་དགའ་མར་འགྲོགས་ནས་གངས་ལྗོངས་ཡུལ་དུ་ལྟད་མོར་འགྲོ།།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།