འཇོལ་མོའི་གདུང་དབྱངས།

རྒྱལ་ཀུན་གསང་གསུམ་སྒྱུ་འཕྲུལ་མེ་ཏོག་གི་ཚོམ་བུ།།
དུང་གི་ལང་ཚོར་བཞད་པའི་མཚོ་བྱུང་གི་ལྷ་མོ།།
ངག་རིག་ཟད་པ་མེད་པའི་བདུད་རྩི་ཡི་གྲུ་ཆར།།
སྙིང་གི་གདུང་བ་སེལ་བའི་གསོས་སྨན་དུ་སྩོལ་དང་།།
ཁྲུང་ཁྲུང་གཤོག་རླབས་རྒྱང་རིང་ལྷོ་མཐའ་ལ་བསྒྱུར་སོང་།།
ངང་བ་བྱང་དུ་ཕེབས་པའི་སྟ་གོན་ལ་ཆས་སོང་།།
མཛའ་གཅུགས་དབྱངས་ལྡན་ཁུ་བྱུག་ལྷོ་མོད་དུ་བསྙེགས་པས།།
ཉམ་ཆུང་འཇོལ་མོའི་ཤུགས་གླུར་རང་དབང་ཞིག་མ་བྱུང་།།
རྔམ་ནག་དགུན་གྱི་སྲིན་མོས་ཁྲོ་ཞལ་དེ་ངོམ་བཞིན།།
གྲང་རླུང་ངར་མོའི་མཚོན་རྩེ་ཕྱོགས་མེད་དུ་བསྐོར་ནས།།
ངོ་མཚར་དཔྱིད་ཀྱི་དཔལ་ཡོན་ཁྱུར་མིད་དུ་བཏང་སྟེ།།
གཡུ་བྱ་མི་ཡུལ་སྤྱུགས་པའི་ལས་སྐལ་འདིས་སྐྱོ་བ།།
གཡུ་གཤོག་རྔ་ཡབ་བསྐྱོད་པའི་གར་སྟབས་རང་བསྒྱུར་ནས།།
གསང་བ་སེམས་ཀྱི་རི་མོ་བརྩེ་དུང་གི་འགྱུར་ཁུགས།།
མཚོན་པའི་མགྲིན་གླུ་རེ་རེ་དྲན་ཤིང་དུ་གཏོར་བཞིན།།
དབང་མེད་གཞན་ཡུལ་འགྲིམ་པའི་ངང་ཚུལ་འདིས་སྐྱོ་བ།།
དཔྱིད་ཀྱི་ཏིང་འཛིན་རོལ་བའི་གཡུ་བྱ་ཡི་ཁུ་ལོ།།
གཞན་དབང་དགུན་གྱི་སྲིན་མོའི་བར་ཆད་ཀྱིས་བདས་པས།།
གསོན་ཤུགས་ཡལ་འདབ་འཐབ་པའི་སྟེགས་བུ་ནས་གྱེས་ཏེ།།
མི་འདོད་ལྷོ་ལམ་བསྙེགས་པའི་སྐྱོ་བ་འདི་སུས་ཐེག།
གྱེས་བྲལ་རྨ་ཁ་འཁུར་བའི་དབྱངས་ལྡན་གྱི་མཛའ་བོ།།
ལྷོ་མཐའི་སྨྱུག་ཚལ་དབུས་ནས་སྐུ་ལུས་རང་བདེ་ན།།
གཤོག་འགྱུར་འདབ་མ་གཡོ་བའི་སྟངས་སྟབས་ཀྱི་བར་ནས།།
སྨན་ཆུང་ངག་གི་སྐྱོ་གླུ་དར་ཅིག་ལ་གསན་རོགས།།
འདི་ན་འདབ་གཤོག་རྩལ་ཁ་ལྷན་སྐྱེས་སུ་རྫོགས་པའི།།
དྲི་བཞོན་འཁོར་ལོར་རྩེན་པའི་མཁའ་ལྡིང་གི་ཁྱུང་ཆེན།།
ཤ་ཁྲག་ལོངས་སྤྱོད་གསབ་བའི་དགའ་སྟོན་ལ་ཞེན་ནས།།
གདུག་ཅན་སྦྲུལ་ནག་འཇོམས་པའི་མཐུ་རྩལ་དེ་བྲལ་འདུག།
གཤོག་འགྱུར་ཡངས་པོའི་རླབས་ཀྱིས་མཁའ་དབྱིངས་སུ་ལྡིང་བའི།།
ཉིན་མཚན་གཟན་ལ་འཁོར་བའི་ཐང་དཀར་གྱི་རྒོད་པོ།།
རང་དོན་བེམ་ཤ་གསང་བ་ཟླ་ལམ་ནས་མཐོང་ཡང་།།
རིགས་ཀྱི་ལས་དབང་ཁྲ་ཆུང་མིག་ལམ་ནས་མི་མཐོང་།།
བདེ་མྱུར་འཁྲུལ་གཤོག་འཁོར་ལོ་རང་དབང་དུ་བསྒྱུར་བའི།།
རྩལ་དགུ་སྟོབས་སུ་དར་བའི་ཡ་མེད་ཀྱི་ཁྲ་གླག།
མཆུ་རྣོན་སྡེར་ཁྱིམ་ཕུ་ནུའི་སྲོག་རྩ་ལ་བསྐོར་བས།།
དམར་ཆེན་ཁྲག་གི་གཏམ་རྒྱུད་ས་སྟེང་ལ་མི་ཤོང་།།
ཆགས་སྡང་གཏམ་གྱི་དུག་མཚོན་གང་བྱུང་དུ་འདེབས་ལ།།
རོ་འཛིན་གར་དུ་འགྱུ་བའི་སྨྲ་མཁན་གྱི་ནེ་ཙོ།།
ཟེར་སྒྲོས་ངག་ཏུ་སྐྱོར་ལ་མཁས་ཉམས་ཤིག་འདུག་ཀྱང་།།
བདེན་གཏམ་སྨྲ་བའི་ངག་གི་འདབ་མ་དེ་བྲལ་འདུག།
འཇའ་རིས་གོས་སུ་བཀླུབས་པའི་སྤུ་སྡུག་གི་རྨ་བྱ།།
རོལ་སྒེག་གར་གྱིས་འཆོར་བའི་རྒྱ་བྱ་ཡི་སྒེག་མོ།།
ཕན་ཚུན་ཕྲག་དོག་སྦྲུལ་ཞགས་འཕེན་པ་ལ་མཁས་ཀྱང་།།
དུག་ཆེན་སྦྱོང་བའི་ཡོན་ཏན་ཏིལ་འབྲུ་ཙམ་མི་དམིགས།།
མདོར་ན་གྲང་རླུང་སྨྱོན་མས་ཕྱི་རོལ་ནས་འཐེན་པས།།
ཡལ་འདབ་རེངས་པོར་གྱུར་པའི་ཚང་ཚིང་གི་ཀློང་འདིར།།
ཞི་བདེའི་ཕུག་རོན་དཀར་པོའི་གཤོག་འགྱུར་དེ་མི་མཐོང་།།
སྙིང་སྡུག་འདབ་གཤོག་གྱེས་བྲལ་མིག་ཆུ་ཡིས་བརླན་བཞིན།།
རྒྱང་རིང་ལྷོ་མཐའ་བསྙེགས་པའི་ལས་དབང་འདི་སྐྱོ་ཡང་།།
དཔྱིད་དཔལ་འབོད་པའི་རྒྱང་གཞས་འཛམ་གླིང་དུ་སྒྲོགས་དང་།།
ལྷན་འཛོམས་དུས་སྟོན་གསར་བའི་ཉིན་མོ་ཞིག་ལོས་འཆར།།
མི་ཡུལ་བྱེས་སུ་གྱེར་བའི་སྙིང་སྡུག་གི་ཁུ་ལོ།།
མུན་པའི་གཞིས་སུ་ལུས་པའི་ཁེར་རྐྱང་གི་འཇོལ་མོ།།
རི་ལུང་ཁྲི་མ་འབུམ་གྱི་རྒྱང་ཐག་གིས་བཅད་ཀྱང་།།
ལས་སྨོན་གཅིག་ཏུ་དཀར་པོའི་དམ་ཚིག་གིས་སྒྲིལ་ཡོད།།
ལྷགས་རླུང་སྤུ་གྲིས་བཅོམ་པའི་བདེ་སྐྱིད་ཀྱི་དགའ་ཚལ།།
གསོ་བྱེད་རྫོགས་ལྡན་གསར་བའི་དཔྱིད་དཔལ་གྱི་ལྷ་མོ།།
ཐབས་ཤེས་སྟོང་གི་གཡུ་ཡི་གཤོག་ཟུངས་དེ་བརྐྱངས་ཏེ།།
རིང་མིན་བྱང་མཐའ་བསུ་བའི་སྟ་གོན་ལ་ཆས་ཤིག།
དེ་ལྟར་མིག་ཆུ་དམར་པོ་སེམས་ཁམས་སུ་ཉར་བའི།།
སྨྲེང་སྐྱོ་དབྱངས་སུ་འགུགས་པའི་ཉམ་ཆུང་གི་འཇོལ་མོ།།
རླུང་ནག་བུ་ཡུག་འཚུབ་པའི་ཤུ་སྒྲ་དེ་སྒོམ་བཞིན།།
སྐྱོ་བའི་དབྱངས་རྟ་མཐའ་བྲལ་མི་ཡུལ་དུ་ཐལ་སོང་།།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇོལ་མོའི་གདུང་དབྱངས།

2010-06-11 རང་སངས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།