མཚོའུ་ངོགས་ཀྱི་ཁེར་གཞས་ཐན་ཐུན།

མཁའ་མཐའི་སྤྲིན་པ་ལྷོ་ཕྱོགས་རི་ལ་འཁོར།།
སྨྲེང་བའི་སྐྱོ་གླུ་རྫ་རིའི་སྙིང་ལ་སིམ།།
སེམས་འགྱུ་ཕྲ་མོས་སྐུལ་བའི་གཞས་ཆུང་ཞིག།
ལྷིང་འཇགས་ཁོར་ཡུག་ངོགས་ནས་ཡང་ཡང་བླངས།།

ཁྲུང་ཁྲུང་དཀར་མོས་གཤོག་ཟུང་ལན་འགར་རྡེབ།།
ལན་ཆགས་ཕྱི་མིག་ཁྲོད་ནས་བྲག་ཐེམ་སྙེག།
ཆུ་འཛིན་འདུ་འཛི་རྒོད་པའི་མཁའ་དབྱིངས་ནས།།
ཟླ་བ་ལྷ་མོ་སྒྲ་གཅན་གཟའ་ཡིས་བཟུང༌།།

ལོ་ཟླའི་བྱང་ལམ་བཅད་པའི་མཚེའུ་འགྲམ་ནས།།
ཁེར་རྐྱང་བསམ་གཞིགས་རྒྱང་ནས་རྒྱང་དུ་བསྲིངས།།
གདུང་བའི་སེམས་པ་དགུན་གྱི་ཆུ་མོ་བཞིན།།
འཁྱག་པའི་མལ་ནས་སྐྱོ་བའི་གཞས་ཤིག་འབྱིན།།

ཉིན་མཚན་དུས་དྲུག་དབུགས་ཐེངས་གཅིག་གིས་ཤོར།།
གཞོན་པའི་ལང་ཚོ་དུས་ཀྱི་དབུང་དུ་བསྐྱལ།།
མཛེས་པའི་མེ་ཏོག་སྟོན་རླུང་བཙན་གྱིས་བདས།།
སྐྱོ་བའི་གཞས་ཤིག་མཚོ་ཡི་རླབས་ལ་བསྐུར།།

ཁྲ་ཚོམ་མེ་ཏོག་ལང་ཚོ་འཛུམ་གྱིས་དགོད།།
འདབ་ཆགས་ཕྱེ་ལེབ་སྒེག་མོ་ངང་གིས་རྩེན།།
ཞེན་ཆགས་ཕུང་བོ་བོར་བའི་ཕྱི་མིག་འདིས།།
མིག་ཆུའི་དོག་པ་ཕྲ་མོ་ས་རུ་ཟགས།།

ཟླ་བ་མཁའ་ན་འཛུམ་པའི་སྲོད་དུས་སུ།།
ལོ་མ་ཤག་ཤག་འཐོར་བའི་གྲུ་ཁ་ནས།།
ལྷུང་ལྷུང་འབབ་པའི་མཚོ་ཡི་འགྲམ་ངོགས་ནས།།
སེམས་འཕྲིན་ཤོག་བྱ་དཀར་མོ་མཁའ་རུ་བཏེགས།།

སྒྲོལ་མ་དཀར་མོ་དྲན་པས་སེམས་རྟེན་ལྕི།།
རྒུན་ཆང་མངར་མོ་བཏུང་ནས་རང་སེམས་གསོས།།
ཆང་གི་བཟི་ཁ་བཙན་པོའི་འདས་དོན་གྱིས།།
དྲན་པའི་སྙན་ངག་བྲིས་པ་རྫོགས་མཐའ་མེད།།

ཁོར་ཡུག་རྣམ་པ་སྐྱོ་གདུང་ཀློང་དུ་འཇགས།།
གྲོགས་མེད་གཅིག་པུས་ཤུགས་རིང་འབྱིན་ཞོར་དུ།།
རྒྱང་རིང་འདུན་པ་བཅོལ་སའི་ལྷ་བྱ་ལ།།
བརྩེ་དངུད་སྨྲེང་གླུ་གྱེར་འདི་སུ་ཡིས་རྟོགས།།

མི་ཡུལ་འཇིག་རྟེན་རྒས་པའི་སྐྱོ་སྡུག་བཙན།།
ཁ་བ་ཅན་ལ་བཅིངས་པའི་སེམས་རྟེན་ལྕི།།
སྐྱོ་སྡུག་ལྕི་བ་གཉིས་ཀྱི་སོ་མཚམས་ནས།།
ངེས་དོན་སྙན་ངག་ཡུལ་མི་སྤུན་ཟླར་འབྲི།།
                          ༢༠༠༢ལོའི་ཟླ༡༡ཆེས༩ཉིན་ཙོང་ཆུའི་ངོགས་སུ།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོའུ་ངོགས་ཀྱི་ཁེར་གཞས་ཐན་ཐུན།

2010-06-10 ལྡོང་སྨིན་དྲུག ཀློག་གྲངས། མཆན ཡོད།

མཁའ་མཐའི་སྤྲིན་པ་ལྷོ་ཕྱོགས་རི་ལ་འཁོར།།
སྨྲེང་བའི་སྐྱོ་གླུ་རྫ་རིའི་སྙིང་ལ་སིམ།།
སེམས་འགྱུ་ཕྲ་མོས་སྐུལ་བའི་གཞས་ཆུང་ཞིག།
ལྷིང་འཇགས་ཁོར་ཡུག་ངོགས་ནས་ཡང་ཡང་བླངས།།

ཁྲུང་ཁྲུང་དཀར་མོས་གཤོག་ཟུང་ལན་འགར་རྡེབ།།
ལན་ཆགས་ཕྱི་མིག་ཁྲོད་ནས་བྲག་ཐེམ་སྙེག།
ཆུ་འཛིན་འདུ་འཛི་རྒོད་པའི་མཁའ་དབྱིངས་ནས།།
ཟླ་བ་ལྷ་མོ་སྒྲ་གཅན་གཟའ་ཡིས་བཟུང༌།།

ལོ་ཟླའི་བྱང་ལམ་བཅད་པའི་མཚེའུ་འགྲམ་ནས།།
ཁེར་རྐྱང་བསམ་གཞིགས་རྒྱང་ནས་རྒྱང་དུ་བསྲིངས།།
གདུང་བའི་སེམས་པ་དགུན་གྱི་ཆུ་མོ་བཞིན།།
འཁྱག་པའི་མལ་ནས་སྐྱོ་བའི་གཞས་ཤིག་འབྱིན།།

ཉིན་མཚན་དུས་དྲུག་དབུགས་ཐེངས་གཅིག་གིས་ཤོར།།
གཞོན་པའི་ལང་ཚོ་དུས་ཀྱི་དབུང་དུ་བསྐྱལ།།
མཛེས་པའི་མེ་ཏོག་སྟོན་རླུང་བཙན་གྱིས་བདས།།
སྐྱོ་བའི་གཞས་ཤིག་མཚོ་ཡི་རླབས་ལ་བསྐུར།།

ཁྲ་ཚོམ་མེ་ཏོག་ལང་ཚོ་འཛུམ་གྱིས་དགོད།།
འདབ་ཆགས་ཕྱེ་ལེབ་སྒེག་མོ་ངང་གིས་རྩེན།།
ཞེན་ཆགས་ཕུང་བོ་བོར་བའི་ཕྱི་མིག་འདིས།།
མིག་ཆུའི་དོག་པ་ཕྲ་མོ་ས་རུ་ཟགས།།

ཟླ་བ་མཁའ་ན་འཛུམ་པའི་སྲོད་དུས་སུ།།
ལོ་མ་ཤག་ཤག་འཐོར་བའི་གྲུ་ཁ་ནས།།
ལྷུང་ལྷུང་འབབ་པའི་མཚོ་ཡི་འགྲམ་ངོགས་ནས།།
སེམས་འཕྲིན་ཤོག་བྱ་དཀར་མོ་མཁའ་རུ་བཏེགས།།

སྒྲོལ་མ་དཀར་མོ་དྲན་པས་སེམས་རྟེན་ལྕི།།
རྒུན་ཆང་མངར་མོ་བཏུང་ནས་རང་སེམས་གསོས།།
ཆང་གི་བཟི་ཁ་བཙན་པོའི་འདས་དོན་གྱིས།།
དྲན་པའི་སྙན་ངག་བྲིས་པ་རྫོགས་མཐའ་མེད།།

ཁོར་ཡུག་རྣམ་པ་སྐྱོ་གདུང་ཀློང་དུ་འཇགས།།
གྲོགས་མེད་གཅིག་པུས་ཤུགས་རིང་འབྱིན་ཞོར་དུ།།
རྒྱང་རིང་འདུན་པ་བཅོལ་སའི་ལྷ་བྱ་ལ།།
བརྩེ་དངུད་སྨྲེང་གླུ་གྱེར་འདི་སུ་ཡིས་རྟོགས།།

མི་ཡུལ་འཇིག་རྟེན་རྒས་པའི་སྐྱོ་སྡུག་བཙན།།
ཁ་བ་ཅན་ལ་བཅིངས་པའི་སེམས་རྟེན་ལྕི།།
སྐྱོ་སྡུག་ལྕི་བ་གཉིས་ཀྱི་སོ་མཚམས་ནས།།
ངེས་དོན་སྙན་ངག་ཡུལ་མི་སྤུན་ཟླར་འབྲི།།
                          ༢༠༠༢ལོའི་ཟླ༡༡ཆེས༩ཉིན་ཙོང་ཆུའི་ངོགས་སུ།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།