གསེར་གྱི་གདུ་བུ་ཞིག།

རོང་བོ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-07

                                                                       NANལགས་ལ་ཕུལ།
སེམས་ཀྱི་ཉ་མོ་འཁྱུག་པའི་རོལ་རྩེད་འདི།།
ལུས་ཀྱི་བ་སྤུ་ཕྱུང་བའི་གསེབ་ནས་ཐོན།།
ཡིད་ཀྱི་རློན་ཤ་སྦྲང་རྩིར་བསྲེས་པའི་རྒྱུན།།
དེ་རིང་ཁྱོད་ལ་སྟོབས་པའི་རྣམ་འགྱུར་འཛིན།།

ཕྱི་ན་སྤྲིན་དཀར་གཡོ་བའི་འགྱུ་བག་གིས།།
རྡུལ་ཕྲན་རེ་རེར་དུངས་པའི་མེ་ཏོག་ཕབ།།
ཡིད་ཀྱིས་བླ་འབོད་བྱས་པའི་ཐག་སྣེ་ན།།
ཆུང་ཆུང་ལས་ཀྱིས་བསྐོས་པའི་ལྷ་མོ་འཛུམ།།

དོ་ནུབ་སྒེའུ་ཁུང་འདི་ཡི་ཕར་ངོགས་སུ།།
དྭངས་གསལ་མཚོ་མོ་འདར་བའི་མཛེས་པ་ཡིས།།
ང་ཡི་སྙིང་ལ་བྲིས་པའི་རི་མོ་ནི།།
སྲོག་གི་དབུགས་རྒྱུན་རལ་པའི་སེང་གེ་ཞིག།

ནན་དང་ཤུགས་ཀྱིས་འཇུན་པར་མི་ནུས་པའི།།
བརྩེ་བའི་ལག་པ་བརྐྱངས་པའི་སོར་མོ་ནི།།
ཁྱོད་ཀྱི་ཕྱོགས་སུ་སྦྲོན་པའི་སྣང་བ་ལ།།
རི་དང་གཙང་བོ་འགུལ་བའི་ཉམས་ཤིག་འཁོར།།

དབྱར་གྱི་མེ་ཏོག་རྨི་ལམ་ཁམས་སུ་ཉུལ།།
དགུན་གྱི་ལྷགས་རླུང་སྨོན་པའི་ཡུལ་དུ་ཞི།།
དེ་རིང་མ་ཐོགས་སེམས་ཀྱི་རྣམ་འགྱུར་འགྲོས།།
བྱ་ཁྱུང་རི་བོའི་འདབས་སུ་སྒོམ་ལ་ཞུགས།།
    ཚོར་བའི་ཀློང་གི་མིག
ཁབ་ཀྱི་གཙགས་པ་ལྟ་བུའི་སྙིང་གི་ཤ།
ཡང་ཡང་འདར་བའི་ཚོར་བ་རྣོན་པོ་འདིས།།
ལུས་པོ་བྲག་ལ་བརྡབས་ཀྱང་མི་སངས་པའི།།
སྡུག་གི་སྨུག་པ་ནག་པོས་སེམས་ངོ་བཀབ།།

ལུས་ཀྱི་བ་སྤུ་གཞོགས་ཉལ་བྱས་པའི་རྩེ།།
གློ་བུར་སློང་བའི་མུ་ཏིག་དམར་པོ་ཞིག།
སྒེག་དང་དུད་པའི་རྣམ་པར་གཡོ་བ་ན།།
ང་ཡི་སྙིང་གི་རྫ་ཕོར་གང་དུ་གཟེད།།

ཤེལ་གྱི་རྩིག་པ་ཕྱིས་པའི་ཕ་གི་ནས།།
ནང་གི་དེ་ཉིད་མཚོན་པའི་རི་མོ་མཐོང༌།།
གཡོ་དང་འགྱུ་བའི་རྣམ་ཤེས་གཤོག་པ་ཅན།།
དེ་རིང་མྱུར་མོར་འདི་ལ་མགྲོན་དུ་བསླེབས།།

འདས་པའི་རྗེས་དྲན་གླེགས་བམ་སེར་པོ་ལས།།
ཁྲག་གིས་བྲིས་པའི་ཨ་ཡིག་དམར་པོ་ཞིག།
སྒྲིབ་དང་ཡོལ་བས་བར་དུ་མ་བཅད་པར།།
དབང་བོ་ལྔ་ཡི་སྒོ་ཁར་བཅར་གྱིས་ཐོན།།

ལོ་ཟླའི་སྦྲེལ་ཐག་སེམས་ལ་མཐུད་པ་ཡིས།།
ཚེ་ཡི་གྲུ་ཆུང་ཤིང་གི་རྟ་མགོ་མ།།
ཚངས་དབྱངས་རྒྱ་མཚོས་ཕར་ལ་དེད་དེད་ཀྱང༌།།
ང་ཡི་མདུན་ལ་དོ་ནུབ་གློ་བུར་བསླེབས།།

ལོ་མ་རླུང་གིས་འཁུར་བའི་སྐྱོ་ཉམས་ཀྱིས།།
མགོ་ཡི་སྐྲ་ལོ་རེ་རེ་འབལ་སྙམ་བྱེད།།
ནང་གི་གདུང་བས་ལུས་པོ་དཀྲུགས་བྱས་ཏེ།།
ཤ་པགས་རུས་པའི་བཅུད་དག་བོར་ལ་ལྟོས།།

རིག་པའི་མཛོད་ནས་བླངས་པའི་ལྡེ་མིག་ཅིག།
གསང་བའི་སྒོ་མོ་འབྱེད་པའི་ཐབས་སུ་སྤྱད།།
ནམ་ངག་དམ་རྒྱས་བཅད་པའི་སྒྲུབ་ཕུག་ནས།།
ཕན་ཚུན་ཞལ་སྦྱོར་ལྷ་སྐུ་མང་དུ་རིག།

རེག་པ་ལུས་ཀྱི་ཚོར་བས་རྩ་རླུང་ཀུན།།
མགོ་མཇུག་ལྡོག་པའི་ཚུལ་དུ་བསྐྱལ་པའི་དུས།།
གཉུག་གཤིས་རྗེན་པར་བུད་པའི་བརྡ་ཐབས་སུ།།
གདོང་གི་ཉམས་འགྱུར་ཟླ་གཟུགས་འདར་བ་འདྲ།།

ལག་པས་མི་ཟིན་ནམ་མཁའི་མཐོངས་ཤིག་ན།།
སེམས་ཀྱི་འདོད་པ་མཚན་དང་དཔེ་བྱད་ཅན།།
གདོད་མའི་ཀུན་བཟང་ཡབ་ཡུམ་ཟང་ཐལ་བ།།
ཆགས་པའི་ཟུར་མིག་གཡོ་ངའི་ངང་དུ་བཞུགས།།

ལུས་སེམས་ཧྲུལ་བོར་གཏོང་བའི་རལ་གྲི་འདི།།
མཉམ་ཉིད་བརྩེ་བའི་ཀློང་ལས་འཁྱུག་ཙམ་གྱིས།།
སྒོ་གསུམ་ཤུན་པ་བཤུས་པའི་ནང་རྟགས་སུ།།
མཚན་མོའི་སྨག་ལ་མར་མེ་བསྒྲོན་པ་བཞིན།།

རྩོམ་ཁུངས། ༢༠༡༠ལོའི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་གྱི་གདུ་བུ་ཞིག།

2010-06-07 རོང་བོ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

                                                                       NANལགས་ལ་ཕུལ།
སེམས་ཀྱི་ཉ་མོ་འཁྱུག་པའི་རོལ་རྩེད་འདི།།
ལུས་ཀྱི་བ་སྤུ་ཕྱུང་བའི་གསེབ་ནས་ཐོན།།
ཡིད་ཀྱི་རློན་ཤ་སྦྲང་རྩིར་བསྲེས་པའི་རྒྱུན།།
དེ་རིང་ཁྱོད་ལ་སྟོབས་པའི་རྣམ་འགྱུར་འཛིན།།

ཕྱི་ན་སྤྲིན་དཀར་གཡོ་བའི་འགྱུ་བག་གིས།།
རྡུལ་ཕྲན་རེ་རེར་དུངས་པའི་མེ་ཏོག་ཕབ།།
ཡིད་ཀྱིས་བླ་འབོད་བྱས་པའི་ཐག་སྣེ་ན།།
ཆུང་ཆུང་ལས་ཀྱིས་བསྐོས་པའི་ལྷ་མོ་འཛུམ།།

དོ་ནུབ་སྒེའུ་ཁུང་འདི་ཡི་ཕར་ངོགས་སུ།།
དྭངས་གསལ་མཚོ་མོ་འདར་བའི་མཛེས་པ་ཡིས།།
ང་ཡི་སྙིང་ལ་བྲིས་པའི་རི་མོ་ནི།།
སྲོག་གི་དབུགས་རྒྱུན་རལ་པའི་སེང་གེ་ཞིག།

ནན་དང་ཤུགས་ཀྱིས་འཇུན་པར་མི་ནུས་པའི།།
བརྩེ་བའི་ལག་པ་བརྐྱངས་པའི་སོར་མོ་ནི།།
ཁྱོད་ཀྱི་ཕྱོགས་སུ་སྦྲོན་པའི་སྣང་བ་ལ།།
རི་དང་གཙང་བོ་འགུལ་བའི་ཉམས་ཤིག་འཁོར།།

དབྱར་གྱི་མེ་ཏོག་རྨི་ལམ་ཁམས་སུ་ཉུལ།།
དགུན་གྱི་ལྷགས་རླུང་སྨོན་པའི་ཡུལ་དུ་ཞི།།
དེ་རིང་མ་ཐོགས་སེམས་ཀྱི་རྣམ་འགྱུར་འགྲོས།།
བྱ་ཁྱུང་རི་བོའི་འདབས་སུ་སྒོམ་ལ་ཞུགས།།
    ཚོར་བའི་ཀློང་གི་མིག
ཁབ་ཀྱི་གཙགས་པ་ལྟ་བུའི་སྙིང་གི་ཤ།
ཡང་ཡང་འདར་བའི་ཚོར་བ་རྣོན་པོ་འདིས།།
ལུས་པོ་བྲག་ལ་བརྡབས་ཀྱང་མི་སངས་པའི།།
སྡུག་གི་སྨུག་པ་ནག་པོས་སེམས་ངོ་བཀབ།།

ལུས་ཀྱི་བ་སྤུ་གཞོགས་ཉལ་བྱས་པའི་རྩེ།།
གློ་བུར་སློང་བའི་མུ་ཏིག་དམར་པོ་ཞིག།
སྒེག་དང་དུད་པའི་རྣམ་པར་གཡོ་བ་ན།།
ང་ཡི་སྙིང་གི་རྫ་ཕོར་གང་དུ་གཟེད།།

ཤེལ་གྱི་རྩིག་པ་ཕྱིས་པའི་ཕ་གི་ནས།།
ནང་གི་དེ་ཉིད་མཚོན་པའི་རི་མོ་མཐོང༌།།
གཡོ་དང་འགྱུ་བའི་རྣམ་ཤེས་གཤོག་པ་ཅན།།
དེ་རིང་མྱུར་མོར་འདི་ལ་མགྲོན་དུ་བསླེབས།།

འདས་པའི་རྗེས་དྲན་གླེགས་བམ་སེར་པོ་ལས།།
ཁྲག་གིས་བྲིས་པའི་ཨ་ཡིག་དམར་པོ་ཞིག།
སྒྲིབ་དང་ཡོལ་བས་བར་དུ་མ་བཅད་པར།།
དབང་བོ་ལྔ་ཡི་སྒོ་ཁར་བཅར་གྱིས་ཐོན།།

ལོ་ཟླའི་སྦྲེལ་ཐག་སེམས་ལ་མཐུད་པ་ཡིས།།
ཚེ་ཡི་གྲུ་ཆུང་ཤིང་གི་རྟ་མགོ་མ།།
ཚངས་དབྱངས་རྒྱ་མཚོས་ཕར་ལ་དེད་དེད་ཀྱང༌།།
ང་ཡི་མདུན་ལ་དོ་ནུབ་གློ་བུར་བསླེབས།།

ལོ་མ་རླུང་གིས་འཁུར་བའི་སྐྱོ་ཉམས་ཀྱིས།།
མགོ་ཡི་སྐྲ་ལོ་རེ་རེ་འབལ་སྙམ་བྱེད།།
ནང་གི་གདུང་བས་ལུས་པོ་དཀྲུགས་བྱས་ཏེ།།
ཤ་པགས་རུས་པའི་བཅུད་དག་བོར་ལ་ལྟོས།།

རིག་པའི་མཛོད་ནས་བླངས་པའི་ལྡེ་མིག་ཅིག།
གསང་བའི་སྒོ་མོ་འབྱེད་པའི་ཐབས་སུ་སྤྱད།།
ནམ་ངག་དམ་རྒྱས་བཅད་པའི་སྒྲུབ་ཕུག་ནས།།
ཕན་ཚུན་ཞལ་སྦྱོར་ལྷ་སྐུ་མང་དུ་རིག།

རེག་པ་ལུས་ཀྱི་ཚོར་བས་རྩ་རླུང་ཀུན།།
མགོ་མཇུག་ལྡོག་པའི་ཚུལ་དུ་བསྐྱལ་པའི་དུས།།
གཉུག་གཤིས་རྗེན་པར་བུད་པའི་བརྡ་ཐབས་སུ།།
གདོང་གི་ཉམས་འགྱུར་ཟླ་གཟུགས་འདར་བ་འདྲ།།

ལག་པས་མི་ཟིན་ནམ་མཁའི་མཐོངས་ཤིག་ན།།
སེམས་ཀྱི་འདོད་པ་མཚན་དང་དཔེ་བྱད་ཅན།།
གདོད་མའི་ཀུན་བཟང་ཡབ་ཡུམ་ཟང་ཐལ་བ།།
ཆགས་པའི་ཟུར་མིག་གཡོ་ངའི་ངང་དུ་བཞུགས།།

ལུས་སེམས་ཧྲུལ་བོར་གཏོང་བའི་རལ་གྲི་འདི།།
མཉམ་ཉིད་བརྩེ་བའི་ཀློང་ལས་འཁྱུག་ཙམ་གྱིས།།
སྒོ་གསུམ་ཤུན་པ་བཤུས་པའི་ནང་རྟགས་སུ།།
མཚན་མོའི་སྨག་ལ་མར་མེ་བསྒྲོན་པ་བཞིན།།

རྩོམ་ཁུངས། ༢༠༡༠ལོའི་སྦྲང་ཆར་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།