ཐོལ་བྱུང་གི་གླུ།

གདངས་སྙན་རྒྱུད་མངས་ཀྱི་སྐད་དང་འགྲོགས་ཤིང༌།།
ལྡོང་བྱེད་ཤེས་མུན་གྱི་མདངས་དང་བྲལ་བའི།།
སྙན་ཚིག་དགུན་ཆང་གི་མངར་ཁ་བཙན་པོས།།
འཁོར་བའི་འགྲོན་པོ་ལ་གུ་ཡངས་མ་བྱིན།།
དབྱང་གཞུང་མེ་ཏོག་གི་འཛུམ་མདངས་ཡལ་དུས།།
སྐྱོ་གླི་ཐར་ཐོར་གྱི་གསང་བ་སྦྲུམ་པའི།།
ལྷོ་བཞུད་ཁྲུང་ཁྲུང་གི་ཕྱིར་མིག་རྣོན་པོས།།
བརྩེ་བ་དུངས་དུངས་ཀྱི་བཟི་ཁ་མ་ཐུབ།།
སྐར་ཚོགས་ལྟེམས་ལྟེམས་ཀྱི་ཕྲེང་བའི་ཀློང་ནས།།
དཀར་གསལ་བག་ཕེབས་ཀྱི་ཟླ་བ་མཐོང་དུས།།
མར་མེ་ལྷབ་ལྷབ་ཀྱི་འོད་མདངས་ཁྲོད་ནས།།
དྲན་གདུང་སྨྲེ་ངག་གི་ཁེར་ལབ་མ་ཆད།།
མཚམས་སྤྲིན་མེ་ཏོག་གི་མགུལ་རྒྱན་ཁུར་བའི།།
ཁྱུང་གི་སྔོན་སྐྱེས་མའི་འཛུམས་མདངས་མཐོང་བས།།
ཟླ་བ་དྲན་གདུང་གི་ཚོར་བ་ལྕི་དུས།།
ཁུ་བྱུག་གྲེ་འགྱུར་གྱི་དབྱངས་སྙན་མི་ཐེག།
རྔམ་བརྗིད་གྲོང་ཁྱེར་གྱི་ཟིལ་ཤུགས་འདི་དང༌།།
སྒེག་མོའི་མཆོར་ཉམས་ལ་ཡིད་སེམས་མ་ཆགས།།
འཇོལ་མོའི་གསང་འཕྲིན་དེ་སྒོ་རྩར་འབྱོར་དུས།།
ཁོ་བོའི་སྙན་ངག་གི་བསླུ་བྲིད་མ་བཟོད།།
གདོང་མའི་རི་སུལ་ན་འདིར་རྒྱུག་རྒོད་པའི།།
རི་སྤྱང་ངུ་ཟུག་གི་སྐྱོ་ཉམས་མངོན་དུས།།
དབེན་པའི་རི་གྲོང་གི་ཏིང་འཛིན་བརྟན་པོར།།
གནས་ལུགས་བདེན་སྟོང་གི་རི་མོ་མ་ཤར།།
དགུན་ཁའི་ལྷགས་རླུང་གི་ང་རོ་རྒོད་པོས།།
འཇག་སྐྱའི་ཕུང་བོ་ཡི་ཤུགས་གླུ་གྱེར་དུས།།
ཚར་བུའི་མེ་ཏོག་གི་དྲོད་འཇམ་ཀློང་ནས།།
རི་སིལ་དམར་ཆུང་ལ་བརྩེ་བ་མ་འགྱུར།།
རུས་མཐུན་ངུར་སྨྲིག་གི་རྒྱལ་མཚན་ཁྲོད་ན།།
མི་མཐུན་གསང་ལམ་གྱི་དམུ་ཐག་རྒོད་ཀྱང༌།།
དགོས་འདོད་ཀུན་འབྱུང་གི་དམ་ཚིག་འདི་ཡིས།།
འདོད་ཆུང་ཆོག་ཤེས་ཀྱི་གཏན་ཚིགས་མ་བོར།།
དུས་ཀྱི་འགྱུར་བག་གི་རྟ་ཕོའི་བང་ཁ།།
ཉི་ཟླའི་བགྲོད་ལམ་ན་གར་དུ་རྩེན་ཀྱང༌།།
ཕྱི་གཙང་ནང་གཙང་གི་ལུས་པོ་འདི་ཡི།།
ལྟོ་སྐྱ་གོས་ཧྲུལ་གྱི་རང་མདངས་མ་ཡལ།།

རྩོམ་ཁུངས། ༢༠༠༩ལོའི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོལ་བྱུང་གི་གླུ།

2010-06-05 རུ་མང་ཐབས་མཁས། ཀློག་གྲངས། མཆན ཡོད།

གདངས་སྙན་རྒྱུད་མངས་ཀྱི་སྐད་དང་འགྲོགས་ཤིང༌།།
ལྡོང་བྱེད་ཤེས་མུན་གྱི་མདངས་དང་བྲལ་བའི།།
སྙན་ཚིག་དགུན་ཆང་གི་མངར་ཁ་བཙན་པོས།།
འཁོར་བའི་འགྲོན་པོ་ལ་གུ་ཡངས་མ་བྱིན།།
དབྱང་གཞུང་མེ་ཏོག་གི་འཛུམ་མདངས་ཡལ་དུས།།
སྐྱོ་གླི་ཐར་ཐོར་གྱི་གསང་བ་སྦྲུམ་པའི།།
ལྷོ་བཞུད་ཁྲུང་ཁྲུང་གི་ཕྱིར་མིག་རྣོན་པོས།།
བརྩེ་བ་དུངས་དུངས་ཀྱི་བཟི་ཁ་མ་ཐུབ།།
སྐར་ཚོགས་ལྟེམས་ལྟེམས་ཀྱི་ཕྲེང་བའི་ཀློང་ནས།།
དཀར་གསལ་བག་ཕེབས་ཀྱི་ཟླ་བ་མཐོང་དུས།།
མར་མེ་ལྷབ་ལྷབ་ཀྱི་འོད་མདངས་ཁྲོད་ནས།།
དྲན་གདུང་སྨྲེ་ངག་གི་ཁེར་ལབ་མ་ཆད།།
མཚམས་སྤྲིན་མེ་ཏོག་གི་མགུལ་རྒྱན་ཁུར་བའི།།
ཁྱུང་གི་སྔོན་སྐྱེས་མའི་འཛུམས་མདངས་མཐོང་བས།།
ཟླ་བ་དྲན་གདུང་གི་ཚོར་བ་ལྕི་དུས།།
ཁུ་བྱུག་གྲེ་འགྱུར་གྱི་དབྱངས་སྙན་མི་ཐེག།
རྔམ་བརྗིད་གྲོང་ཁྱེར་གྱི་ཟིལ་ཤུགས་འདི་དང༌།།
སྒེག་མོའི་མཆོར་ཉམས་ལ་ཡིད་སེམས་མ་ཆགས།།
འཇོལ་མོའི་གསང་འཕྲིན་དེ་སྒོ་རྩར་འབྱོར་དུས།།
ཁོ་བོའི་སྙན་ངག་གི་བསླུ་བྲིད་མ་བཟོད།།
གདོང་མའི་རི་སུལ་ན་འདིར་རྒྱུག་རྒོད་པའི།།
རི་སྤྱང་ངུ་ཟུག་གི་སྐྱོ་ཉམས་མངོན་དུས།།
དབེན་པའི་རི་གྲོང་གི་ཏིང་འཛིན་བརྟན་པོར།།
གནས་ལུགས་བདེན་སྟོང་གི་རི་མོ་མ་ཤར།།
དགུན་ཁའི་ལྷགས་རླུང་གི་ང་རོ་རྒོད་པོས།།
འཇག་སྐྱའི་ཕུང་བོ་ཡི་ཤུགས་གླུ་གྱེར་དུས།།
ཚར་བུའི་མེ་ཏོག་གི་དྲོད་འཇམ་ཀློང་ནས།།
རི་སིལ་དམར་ཆུང་ལ་བརྩེ་བ་མ་འགྱུར།།
རུས་མཐུན་ངུར་སྨྲིག་གི་རྒྱལ་མཚན་ཁྲོད་ན།།
མི་མཐུན་གསང་ལམ་གྱི་དམུ་ཐག་རྒོད་ཀྱང༌།།
དགོས་འདོད་ཀུན་འབྱུང་གི་དམ་ཚིག་འདི་ཡིས།།
འདོད་ཆུང་ཆོག་ཤེས་ཀྱི་གཏན་ཚིགས་མ་བོར།།
དུས་ཀྱི་འགྱུར་བག་གི་རྟ་ཕོའི་བང་ཁ།།
ཉི་ཟླའི་བགྲོད་ལམ་ན་གར་དུ་རྩེན་ཀྱང༌།།
ཕྱི་གཙང་ནང་གཙང་གི་ལུས་པོ་འདི་ཡི།།
ལྟོ་སྐྱ་གོས་ཧྲུལ་གྱི་རང་མདངས་མ་ཡལ།།

རྩོམ་ཁུངས། ༢༠༠༩ལོའི་སྦྲང་ཆར་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།