མ་ཡུམ་གངས་ལྗོངས།

དམིགས་མེད་བརྩེ་ཆེན་རྒྱ་མཚོའི་རླབས་ཤུགས་སྲིད་གསུམ་འགྲོ་བའི་དཔུང་དུ་འཕྱུར།།

མཁྱེན་པའི་ཡེ་ཤེས་དཔལ་གྱི་རྣོ་ངར་མ་རིག་རྨོངས་པའི་སྲོག་ལ་མཆོངས།།

རྒྱལ་དང་རྒྱལ་སྲས་གསང་གསུམ་ཡོན་ཏན་གཅིག་ཏུ་སྨིན་པའི་ཐུགས་སྟོབས་རྫོགས།།

བྱེ་བ་ཕྲག་བརྒྱའི་དཔུང་གཉེན་ཆེན་པོ་མཁྱེན་རབ་དབང་ཕྱུག་གཏན་དུ་མཆོད།།

གཞན་ཕན་སྙིང་རྗེ་བསིལ་བ་སྣུམ་པོས་མྱ་ངན་གདུང་བ་རྩ་ནས་གཏོར།།

རབ་དཀར་ཟླ་བའི་མདངས་ལས་སྦྲུམ་པའི་མཚན་དཔེ་འོད་ཀྱི་སྣང་བའི་གཟི།།

གངས་ལྗོངས་ཕྱུག་མོའི་སྙིང་ན་རྡོལ་བའི་ངུར་སྨིག་གོས་ཀྱི་རྣམ་རོལ་བ།།

ཕྱག་ན་པད་མའི་རྒྱལ་ཚབ་རིམ་པས་སྐལ་ལྡན་བདག་སོགས་རིང་དུ་སྐྱོངས།།

བྱམས་བརྩེ་ཞིམ་མངར་སྙིང་ན་ཁོལ་བའི་ཡབ་ཡུམ་མཆོག་ཟུང་ཁ་བའི་སྲས།།

ལྷག་བསམ་དར་དཀར་གཅིག་གིས་སྦྲེལ་པའི་ཕུ་ནུའི་དཔུང་རྡང་གངས་རིའི་རྒྱན།།

བདག་ཀྱང་གངས་དཀར་ཨ་མའི་པད་ནས་བཞད་པའི་མུ་ཏིག་རྡོག་ཅིག་ལགས།།

གངས་ལྗོངས་ཕྱུག་མོར་སྐྱེས་སུ་མཆོད་པའི་ངག་རིག་གླུ་འདི་གུས་པས་གཏོང༌།།

ཕྱོགས་བཞིར་གངས་རིའི་གཟི་འོད་འབར་ཞིང་རྒྱལ་ཀུན་དགྱེས་པའི་དཔལ་དུ་བཤམས།།

མཐའ་བཞིར་མཚོ་དང་མཚེའུ་མེ་ལོང་རྡུལ་བྲལ་དྭངས་གཙང་ཁམས་ལས་གྲུབ།།

དུས་བཞིར་བདེ་སྐྱིད་དཔལ་གྱི་བསོད་ནམས་ཟད་མེད་གངས་རིའི་ཁོང་ན་རྩེན།།

གྲགས་བཞིར་སྙན་པའི་སྒྲ་བརྒྱ་ལྡིར་བའི་གསེར་ལྡན་ས་ཡི་གཙུག་ཏུ་འཁྲུངས།།

ཁ་བའི་རྡུལ་མང་ཁྲི་སྟོང་བཞེས་པའི་གངས་ཀྱི་རྒྱལ་མཚན་དགུང་ལ་འཁྱུད།།

འོད་དཀར་ཉི་ཟླའི་རྣ་ཆ་མཛེས་ཤིང་ཆུ་འཛིན་སྤྲིན་གྱི་ཡོལ་བ་དཔྱངས།།

སྤྲེའུ་རྒྱུད་སྲད་པོ་འབུམ་སྡེ་འདི་ལ་སྟོབས་དང་འདུན་པ་ངས་སྟེར་ཞེས།།

བརྗིད་ཆགས་རི་བྲག་སྟོང་གི་དབུས་ན་གངས་ཀྱི་རྒྱལ་མོའི་དབུ་འཕང་མཐོ།།

མ་སྨད་བདེ་ལྡན་ཚངས་པའི་ཞིང་ནས་མཁའ་འགྲོ་བྱེ་བའི་ཁྲུས་ཀྱི་ཆབ།།

ཁ་བའི་ལྗོངས་འདིར་དལ་གྱིས་བབས་པས་བྱིན་རླབས་བདུད་རྩི་ཆུ་ཡི་གཏེར།།

ཁོ་ར་ཁོར་ཡག་ཀུན་ནས་འཁྱིལ་ཞིང་མཚར་སྡུག་གར་གྱི་ཟིལ་ཤུགས་འདིས།།

དབྱིག་འཛིན་སྒེག་མོའི་ཚེ་བསོད་དབུ་འཕང་གཡོ་མེད་རྡོ་རྗེའི་ཁམས་སུ་བསྐྱེད།།

གྱ་ཤིང་སྔོན་མོས་མཛེས་ལྗོངས་བསྐོར་ཞིང་བྱེའུ་དམར་ལྗོན་པའི་དྲ་བ་འཐབ།།

རི་སྐྱེས་སྨན་གྱི་སྡེབ་ཁ་འགྲིགས་ཤིང་མཆོད་པའི་སྤྲིན་ཕུང་དགུང་ལ་འཐིབས།།

རང་བྱུང་རི་ཆུ་ཆུ་ལྟ་ན་སྡུག་ཅིང་མཁའ་དབུགས་གཙང་མས་ལུས་སེམས་དྭངས།།

ཕུན་ཚོགས་ལེགས་བྱས་ཆུ་རྒྱུན་རི་བས་བདེ་དགའི་དཔལ་ཡོན་དར་ཞིང་འཕེལ།།

རི་རྩེ་གོས་དཀར་ན་བཟའ་གྱོན་པས་ཤེལ་གྱི་མཎྡ་བསྒྲིགས་པ་འདྲ།།

རི་སྐེད་ཚང་ཚིང་ནགས་ཀྱིས་བཏུམས་པས་གཡུ་ཡི་མཚོ་མོ་འཁྱིལ་དང་མཚུངས།།

རི་མཐར་སྤང་རྒྱན་མེ་ཏོག་བཀྲ་བས་ཟ་འོག་ཟེར་མའི་རི་མོ་བཞིན།།

རི་བོ་གངས་ཅན་སྨན་ལྗོངས་ཕྱུག་མོ་མཛེས་ལྡན་ས་ཡི་ཡང་རྩེར་བསླེབས།།

ཁ་བའི་སྐྱིད་སྡུག་ཕྲག་ཏུ་བབས་པའི་འཚེ་མེད་ཞི་བའི་དམག་དཔུང་ལ།།

ཤེས་བྱའི་སྨན་སྣའི་སྐྱེད་ཚལ་བརྒལ་ཏེ་རང་ཁྱིམ་གངས་ལྗོངས་སྐྱོང་བའི་བརྡར།།

རབ་དཀར་སྤུ་སྡུག་དུང་གི་གཤོག་ཟུང་བདེན་སྟོབས་ཆེན་པོའི་དབྱིངས་སུ་བསྒྱུར།།

ཁྲ་གླག་བཙན་པོའི་འཁྲུག་ལོང་མེད་སར་ཐང་དཀར་རྒོད་པོའི་འཚོ་གནས་ཆགས།།

ཁུ་བྱུག་བུ་མོའི་འགྱུར་ཁུགས་དཀྲོལ་བའི་རྫོགས་ལྡན་དཔྱིད་ཀྱི་མེ་ཏོག་བཞད།།

རྫ་དང་ལུང་བ་སྤྲོ་སེམས་རྒྱས་ཤིང་ཁོང་ནས་བདུད་རྩིའི་ཆུ་བོ་འབབ།།

འཇོལ་བོའི་གཤོག་འགྱུར་ཅི་དགར་བསྒྱུར་སའི་སྤང་དཀར་རྩྭ་ཐང་མཛེས་པས་བརྒྱན།།

དཀར་དཀར་རྩྭ་མཆོག་རྫོང་བ་མཐུག་པས་སྐྱེ་འགྲོ་བྱེ་བའི་རེ་ལྟོས་འགྲུབ།།

དཔྱིད་གསུམ་ཆར་བས་ས་གཞི་བརླན་པས་ལྗང་མདོག་གསར་བའི་ལང་ཚོ་བསྣན།

དབྱར་གསུམ་བདེ་དགའི་དྲོད་ཁོལ་འཛོམས་པས་ཡུལ་ཁམས་སྐྱིད་པའི་དཔལ་ལ་རོལ།།

སྟོན་གསུམ་འབྲས་ལྡན་མགོ་བོ་སྙེམས་པས་དགེ་མཚན་ལོ་འདབ་ཕྱོགས་བཞིར་གཡོ།།

དགུན་གསུམ་ཁ་བའི་བརྩེ་འཛུམ་འཐོར་བའི་གངས་དཀར་ཕྲེང་བའི་གཟི་བྱིན་འཁར།།

མེས་པོའི་སྙིང་སྟོབས་སྲོག་ལ་ཞུགས་པའི་སྦྲ་ནག་སྨུག་པོའི་ཆོན་ཐག་བརྒྱངས།།

དེང་རབས་ལང་ཚོ་བཅུད་དུ་སྨིན་པའི་སྦྲ་གུར་སྐར་ཚོགས་བཞིན་དུ་བཀྲམ།།

རྟ་ནོར་གཡང་གི་རྩེད་འཇོ་འཛོམས་ཤིང་ལུག་ཁྱུས་རི་ཐང་ལུས་གསུམ་ཁེབས།།

སྐྱིད་པའི་གླུ་གར་གཞས་གསུམ་གཏོང་བཞིན་ཕུ་ནུའི་དགོད་སྒྲ་བར་མེད་རྒྱུ།།

རྨིག་བཞིའི་བང་རྩལ་རླུང་དང་བསྡོངས་པའི་ཅང་ཤེས་རིན་ཆེན་རྟ་ལ་ཞོན།།

རིན་ཆེན་སྣ་ལྔའི་སྒ་ཡི་གོང་ན་ཕོ་གསར་གཞོན་ནུའོཧ་ལས་རླུང་དར།།

དངུལ་དཀར་བཞོ་ལུང་སྐག་ན་མཛེས་ཤིང་ལྷན་སྐྱེས་འཇོ་སྒེག་གར་གྱིས་ལྡེམ།།

སྨན་ཆུང་བུ་མོས་འབྲི་མོ་བཞི་བའི་དགོ་དགོ་དབྱངས་ཀྱིས་གནམ་ས་མཐུད།།

ཞོགས་པའི་ཉི་གཞོན་ཤར་ནས་འཕགས་ཏེ་གསེར་མདོག་སྣང་བ་འཁྲིགས་པའི་ཚེ།།

ཕྱོགས་བཞིའི་མཛེས་ལྗོངས་ཀུན་ནས་གསལ་ཞིང་ཞིམ་མངར་དྲི་བཟང་དགུང་ལ་འཐེན།།

མཚན་མོའི་ཟླ་བ་མཚོ་ལས་བུད་དེ་དངུལ་དཀར་འཛུམ་ཞལ་རྒྱས་པའི་ཚེ།།

མཐའ་བཞིའི་མུན་པའི་འཇིགས་པ་སེལ་ཞིང་བསིལ་རླུང་འཇམ་པོས་ཁོར་ཡུག་བཏུམས།།

འབྲུ་དྲུག་ཐོན་སྐྱེད་རོང་ནས་དར་ཞིང་ཉོ་ཚོང་འདུ་འགོད་འབྲོག་ལ་བསླེབས།།

མར་ཆུར་ཟས་མཆོག་འབྲོག་ནས་འཕེལ་ཞིང་བཅུད་ཀྱི་ལོངས་སྤྱོད་རོང་ལ་དྲངས།།

དངོས་རྫས་དཔལ་རླབས་ཀུན་ནས་འཕྱུར་བིའ་སྲིད་འབྱོར་འཕེལ་རྒྱས་གློག་ལྟར་མྱུར།།

མ་འོངས་གངས་ལྗོངས་གསར་བའི་ལམ་ལ་དགེ་མཚན་འོད་སྟོང་བླ་ལྷག་འཕྲོ།།

ལུང་རྟོག་བསྟན་པའི་རྩ་ལག་རྒྱས་ཤིང་བྱམས་བརྩེ་ཐུགས་རྗེ་གར་སྟབས་ཀྱིས།།

ལོག་རྟོག་མུན་པ་དབྱིངས་སུ་དག་ཅིང་ཆགས་སྡང་ནག་པོའི་དྲ་བ་ལྷོད།།

ཡུལ་འདིའི་མི་ཡི་ཁམས་དང་སེམས་པ་ཞི་བདེ་དམ་པའི་བཅུད་ཀྱིས་བཟུང༌།།

མཐུན་སྒྲིལ་གོམ་རྩལ་མཉམ་དུ་བསྡུས་ནས་རྫོགས་ལྡན་དཔལ་གྱི་མགྲོན་དུ་སྐྱོད།།

སྲོལ་རྒྱུན་རིག་པའི་ཅང་ཤེས་རྟ་ལ་ཚན་རྩལ་རིག་པའི་སྒ་ཆ་སྤྲོས།།

སྙན་ངག་དངུལ་སྲབ་ཁྲ་མོའི་སྟེང་ལ་སྡེབ་སྦྱོར་གསེར་གྱི་ཨ་ལོང་བསྒྲིགས།།

རྣམ་དཔྱོད་བློ་གྲོས་ལྡེམ་མྱུར་འཛོམས་པའི་གངས་ལྗོངས་ཁ་བའི་གཞོན་ནུ་རྣམས།།

རིན་ཆེན་རྟ་མཆོག་འདི་ལ་བཅིབས་ཏེ་འཛམ་གླིང་ཤེས་བྱའི་ཐང་ཆེན་འགྲིམ།།

རྩོམ་ཁུངས། ༢༠༠༩ལོའི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་ཡུམ་གངས་ལྗོངས།

2010-06-05 གངས་ཤར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།