འཚོལ་རྟོག་གི་བརྡབ་གསིག

གངས་དཀར་མ་མ་དུས་ཀྱི་རྗེས་སུ་ལུས།།
གངས་རིའི་བུ་རྒོད་རྣམ་གཡེང་ཀློང་ལ་ཚུད།།
གངས་ལྗོངས་སྙན་གྲགས་རྒུད་ནས་རྒུད་དུ་ཕྱིན།།
རེ་ལྟོས་མིག་ཟུང་གཉོམ་པོ་གང་དུ་འཕེན།།

མཛའ་གཅུགས་སྙིང་ག་གྲོགས་པོ་རྒྱང་དུ་བཞུད།།
སེམས་ཀྱི་ཁྲུང་ཁྲུང་དཀར་མོ་ལྷོ་རུ་འཕུར།།
ལྷིང་འཇགས་དབེན་པའི་རི་ལ་ལྷགས་རླུང་རྒོད།།
མི་རྐྱང་རྡོག་སྣེ་ཟད་པོ་གང་དུ་སྤོ།།

མི་ཡུལ་འགྲིམས་ནས་མི་ཡི་འགྲོ་སྟངས་བསླབ།།
མི་ཁའི་ཚེར་མ་རྩུབ་མོ་སྙིང་ལ་ཟུག།
མི་ལུས་བླངས་པའི་དོན་འགོ་མ་འཁྱོངས་པས།།
མི་རྐྱང་སེམས་པ་སྐྱོ་གདུང་གཡང་དུ་ལྷུང༌།།

ཚེ་གཅིག་གཏན་གྱི་འདུན་མ་ཆུ་ལ་བསྐྱུར།།
སྔོན་སྨོན་ལས་ཀྱི་རི་མོ་རྡོ་ལ་བརྐོས།།
འགྱོད་གདུང་ཆར་ཆུས་བརླན་པའི་སེམས་པ་ལ།།
བདེ་སྐྱིད་དྲོད་ཁོལ་འཁྱིལ་བའི་དུས་ཤིག་དབེན།།

མཁའ་དབྱིངས་དཀར་གསལ་ཟླ་བ་སྐྱོ་བས་འདར།།
རྔམ་ནག་མཚན་ལྗོངས་རིང་མོར་རླུང་འཚུབ་ལྡང༌།།
མཁོ་བའི་དུས་ཚིགས་སྣུམ་པོ་ཐན་པས་གཙེ།།
རྒྱང་བཞུད་ཉེར་བསྡོག་རྩོམ་ལ་སེམས་པ་བྲེལ།།

ཅང་མེད་སྤྲང་བོའི་བུ་ལ་རྒྱབ་རྟེན་དབེན།།
ཆོས་མེད་བཙུན་གཟུགས་སེམས་པ་སྨྲེང་བས་བཀང༌།།
ངེད་མེད་ཕྲག་དོག་ཚེར་མས་ས་གཞི་གཡོགས།།
འཆུག་མེད་འདུན་པའི་ལམ་བཟང་གང་དུ་འཚོལ།།

གཞན་ཕན་སེམས་ཀྱི་མཛེས་སྡུག་གཡོ་སྒྱུས་བསྣུབས།།
དྲང་བདེན་ཚངས་ཐིག་རི་མོ་སོར་མོས་བསུབས།།
མེས་པོའི་མག་སྦྲ་སྨུག་པོ་རླུང་གིས་འཐག།
འབྱུང་འགྱུར་འཚོ་བ་མངར་མོ་ཇི་ལྟར་རོལ།།

ཨ་གསར་མཐོང་སྣང་རྐྱེན་པས་མདུན་ལམ་འཚོལ།།
དངོས་གསར་རྡུལ་ཕྲན་མཚོན་ཆས་ལྷིང་འཇགས་དཀྲོགས།།
ལྟ་གསར་ལམ་རྡོལ་སྨྲ་བས་གནམ་འོག་དཀྲིགས།།
དྲང་བདེན་རིག་པའི་བུ་ཆུང་གང་དུ་གཤེགས།།

ཟུངས་ཟད་དུར་ཐང་སྐྱ་བོར་ཐལ་རྡུལ་འཕྱུར།།
སྤྱང་ཀིའུཧ་ངུ་སྐད་ཐོས་པས་བྲེད་ཤ་བསླངས།།
བརྣབ་སེམས་ལྷགས་རླུང་རྒོད་པོའི་སོ་ཁ་ནས།།
སུན་སྣང་ཉིན་མཚན་རིང་མོ་འཁྱོལ་ཐབས་དཀའ།།

ལས་དབང་འཚོ་བ་སྐྱུར་མོའི་གཏིང་རིམ་ནས།།
འདྲ་མིན་ཁ་དོག་སྣ་ལྔའི་བདེན་དོན་འཚོལ།།
འཚོལ་རྟོག་ཚོར་བ་ཟབ་མོའི་བརྡབ་གསིག་འདི།།
མ་བཟོད་ཤོག་དཀར་ལྷ་མོའི་ཞལ་ལ་བཏབ།།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོལ་རྟོག་གི་བརྡབ་གསིག

2010-08-25 མགར་སྨྱུག་རྩེན། ཀློག་གྲངས། མཆན ཡོད།

གངས་དཀར་མ་མ་དུས་ཀྱི་རྗེས་སུ་ལུས།།
གངས་རིའི་བུ་རྒོད་རྣམ་གཡེང་ཀློང་ལ་ཚུད།།
གངས་ལྗོངས་སྙན་གྲགས་རྒུད་ནས་རྒུད་དུ་ཕྱིན།།
རེ་ལྟོས་མིག་ཟུང་གཉོམ་པོ་གང་དུ་འཕེན།།

མཛའ་གཅུགས་སྙིང་ག་གྲོགས་པོ་རྒྱང་དུ་བཞུད།།
སེམས་ཀྱི་ཁྲུང་ཁྲུང་དཀར་མོ་ལྷོ་རུ་འཕུར།།
ལྷིང་འཇགས་དབེན་པའི་རི་ལ་ལྷགས་རླུང་རྒོད།།
མི་རྐྱང་རྡོག་སྣེ་ཟད་པོ་གང་དུ་སྤོ།།

མི་ཡུལ་འགྲིམས་ནས་མི་ཡི་འགྲོ་སྟངས་བསླབ།།
མི་ཁའི་ཚེར་མ་རྩུབ་མོ་སྙིང་ལ་ཟུག།
མི་ལུས་བླངས་པའི་དོན་འགོ་མ་འཁྱོངས་པས།།
མི་རྐྱང་སེམས་པ་སྐྱོ་གདུང་གཡང་དུ་ལྷུང༌།།

ཚེ་གཅིག་གཏན་གྱི་འདུན་མ་ཆུ་ལ་བསྐྱུར།།
སྔོན་སྨོན་ལས་ཀྱི་རི་མོ་རྡོ་ལ་བརྐོས།།
འགྱོད་གདུང་ཆར་ཆུས་བརླན་པའི་སེམས་པ་ལ།།
བདེ་སྐྱིད་དྲོད་ཁོལ་འཁྱིལ་བའི་དུས་ཤིག་དབེན།།

མཁའ་དབྱིངས་དཀར་གསལ་ཟླ་བ་སྐྱོ་བས་འདར།།
རྔམ་ནག་མཚན་ལྗོངས་རིང་མོར་རླུང་འཚུབ་ལྡང༌།།
མཁོ་བའི་དུས་ཚིགས་སྣུམ་པོ་ཐན་པས་གཙེ།།
རྒྱང་བཞུད་ཉེར་བསྡོག་རྩོམ་ལ་སེམས་པ་བྲེལ།།

ཅང་མེད་སྤྲང་བོའི་བུ་ལ་རྒྱབ་རྟེན་དབེན།།
ཆོས་མེད་བཙུན་གཟུགས་སེམས་པ་སྨྲེང་བས་བཀང༌།།
ངེད་མེད་ཕྲག་དོག་ཚེར་མས་ས་གཞི་གཡོགས།།
འཆུག་མེད་འདུན་པའི་ལམ་བཟང་གང་དུ་འཚོལ།།

གཞན་ཕན་སེམས་ཀྱི་མཛེས་སྡུག་གཡོ་སྒྱུས་བསྣུབས།།
དྲང་བདེན་ཚངས་ཐིག་རི་མོ་སོར་མོས་བསུབས།།
མེས་པོའི་མག་སྦྲ་སྨུག་པོ་རླུང་གིས་འཐག།
འབྱུང་འགྱུར་འཚོ་བ་མངར་མོ་ཇི་ལྟར་རོལ།།

ཨ་གསར་མཐོང་སྣང་རྐྱེན་པས་མདུན་ལམ་འཚོལ།།
དངོས་གསར་རྡུལ་ཕྲན་མཚོན་ཆས་ལྷིང་འཇགས་དཀྲོགས།།
ལྟ་གསར་ལམ་རྡོལ་སྨྲ་བས་གནམ་འོག་དཀྲིགས།།
དྲང་བདེན་རིག་པའི་བུ་ཆུང་གང་དུ་གཤེགས།།

ཟུངས་ཟད་དུར་ཐང་སྐྱ་བོར་ཐལ་རྡུལ་འཕྱུར།།
སྤྱང་ཀིའུཧ་ངུ་སྐད་ཐོས་པས་བྲེད་ཤ་བསླངས།།
བརྣབ་སེམས་ལྷགས་རླུང་རྒོད་པོའི་སོ་ཁ་ནས།།
སུན་སྣང་ཉིན་མཚན་རིང་མོ་འཁྱོལ་ཐབས་དཀའ།།

ལས་དབང་འཚོ་བ་སྐྱུར་མོའི་གཏིང་རིམ་ནས།།
འདྲ་མིན་ཁ་དོག་སྣ་ལྔའི་བདེན་དོན་འཚོལ།།
འཚོལ་རྟོག་ཚོར་བ་ཟབ་མོའི་བརྡབ་གསིག་འདི།།
མ་བཟོད་ཤོག་དཀར་ལྷ་མོའི་ཞལ་ལ་བཏབ།།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།