ཟླ་གསུམ་པའི་རྨ་ཆུ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-02

རྨ་ཀླུང་སྔོན་མོར་སྨྲ་བ་ཉུང་ལ་རླབས་ཀྱི་ཕྲེང་བ་ཞི་ཞིང་འཇགས།།
ས་འཛིན་སྤོ་བའི་སྤྲིན་དཀར་དེ་ནི་ཁྲག་གིས་སྦངས་ཤིང་བྱུགས་པ་འདྲ།།
ལང་ལོང་འཚུབ་པའི་རྡུལ་དམར་གྱིས་ནི་དབྱིངས་ཀྱི་ཉི་འོད་སྒྲིབ་པར་བྱེད།།
མི་སེམས་འཁྲིགས་བྱུང་བདག་ཡིད་སྨྲེང་བྱུང་སྐྱོ་བའི་སྨྲེ་སྔགས་ཅི་ཡང་ཕྱུང༌།།

རྨ་ཁུག་རྟ་ཕོའི་དྲུག་ཤ་ལྷུང་སོང་ཧོར་སྒ་ལྷུ་བཞི་ཐེག་པར་དཀའ།།
མི་ཆུང་ང་ཡི་ཤ་རུས་དང་བཅས་ཟུག་གཟེར་དྲག་པོས་གཞིབ་པར་བྱེད།།
བརྗེད་དུ་མེད་པའི་དུས་ཀྱི་ཚེར་མ་སྙིང་གི་མཐིལ་དུ་ཟུག་ནས་ཡོང༌།།
དེ་ལྟར་ནའང་སེམས་ཀྱི་དམིགས་པ་རྒྱང་རིང་ཡུལ་ལ་བསྲིངས་ཏེ་ཡོད།།

རྒྱུས་མེད་མི་ལ་གཏམ་ཞིག་བཤད་པ་རླུང་དང་བསེར་བུས་ཕྱི་ལ་བསྒྲགས།།
ཆ་ཡོད་ཁྱིམ་ནས་གླུ་ཞིག་བླངས་པ་ཁྲོམ་གྱི་མི་ཡིས་ཐོས་ནས་འདུག།
བརྩེ་བའི་ཁམས་ལ་ཡིད་རྟོན་མི་འདུག་བུ་མོ་ཁྱོད་ཀྱང་དེ་ལྟར་རེད།།
གློ་དང་མཆིན་པའི་གསང་ཕུག་རེ་ལ་དོགས་གཞིའི་དྲི་རྟགས་ཅི་ཡང་འཁོར།།
                                                                                                 2010-3-23

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་གསུམ་པའི་རྨ་ཆུ།

2010-08-02 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

རྨ་ཀླུང་སྔོན་མོར་སྨྲ་བ་ཉུང་ལ་རླབས་ཀྱི་ཕྲེང་བ་ཞི་ཞིང་འཇགས།།
ས་འཛིན་སྤོ་བའི་སྤྲིན་དཀར་དེ་ནི་ཁྲག་གིས་སྦངས་ཤིང་བྱུགས་པ་འདྲ།།
ལང་ལོང་འཚུབ་པའི་རྡུལ་དམར་གྱིས་ནི་དབྱིངས་ཀྱི་ཉི་འོད་སྒྲིབ་པར་བྱེད།།
མི་སེམས་འཁྲིགས་བྱུང་བདག་ཡིད་སྨྲེང་བྱུང་སྐྱོ་བའི་སྨྲེ་སྔགས་ཅི་ཡང་ཕྱུང༌།།

རྨ་ཁུག་རྟ་ཕོའི་དྲུག་ཤ་ལྷུང་སོང་ཧོར་སྒ་ལྷུ་བཞི་ཐེག་པར་དཀའ།།
མི་ཆུང་ང་ཡི་ཤ་རུས་དང་བཅས་ཟུག་གཟེར་དྲག་པོས་གཞིབ་པར་བྱེད།།
བརྗེད་དུ་མེད་པའི་དུས་ཀྱི་ཚེར་མ་སྙིང་གི་མཐིལ་དུ་ཟུག་ནས་ཡོང༌།།
དེ་ལྟར་ནའང་སེམས་ཀྱི་དམིགས་པ་རྒྱང་རིང་ཡུལ་ལ་བསྲིངས་ཏེ་ཡོད།།

རྒྱུས་མེད་མི་ལ་གཏམ་ཞིག་བཤད་པ་རླུང་དང་བསེར་བུས་ཕྱི་ལ་བསྒྲགས།།
ཆ་ཡོད་ཁྱིམ་ནས་གླུ་ཞིག་བླངས་པ་ཁྲོམ་གྱི་མི་ཡིས་ཐོས་ནས་འདུག།
བརྩེ་བའི་ཁམས་ལ་ཡིད་རྟོན་མི་འདུག་བུ་མོ་ཁྱོད་ཀྱང་དེ་ལྟར་རེད།།
གློ་དང་མཆིན་པའི་གསང་ཕུག་རེ་ལ་དོགས་གཞིའི་དྲི་རྟགས་ཅི་ཡང་འཁོར།།
                                                                                                 2010-3-23

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།