མི་སེམས་ཀྱི་གཞུང་ལ་བཏང་པའི་བརྩེ་བ།

མགར་ཚང་དར་རྒྱས།༼རྩེ་ཁོག༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-20

               དང་པོ།
མི་ཚེ་ཀྱག་ཀྱོག་གི་རི་ལམ་འདེད་དུས།།
སྐྱིད་སྡུག་རེས་འབྱུང་གི་འཁོར་བའི་ཀློང་གི།
སྐྱེ་བ་ད་ཐེངས་ཀྱི་རིགས་གཅིག་སྤུན་ཟླར།།
བརྩེ་བ་དར་དཀར་གྱི་ཞགས་པས་ཐེབས་སོང་།།
སྟེང་ཕྱོགས་ལྷ་ཡུལ་གྱི་འཆི་མེད་རིལ་བུ།།
འོག་ཕྱོགས་ཀླུ་ཡུལ་གྱི་རྒྱུ་དང་ལོངས་སྤྱོད།།
ཤ་ཁྲག་རུས་འབྲེལ་གྱི་ཕུ་ནུའི་རྩེ་བ།།
མི་འགྱུར་རྟག་བརྟན་དུ་ང་ལ་ཡོད་ན།།
རྔམ་གནག་འཁོར་བ་ཡི་འཚོ་བའི་རེ་ཁྰ།།
བཤད་ན་རྫོགས་མེད་ཀྱི་སྡུག་བསྔལ་ཡིན་ཡང་།།
སྐྱེ་བ་མི་རྒྱུད་ཀྱི་ང་ཡི་འཁོར་ཚོགས།།
ཁྱེད་ཀྱི་ཅི་ཞིག་གི་རོལ་བར་ཆགས་ཡོད།།
ཟས་གོས་ལོངས་སྤྱོད་ཀྱི་འབྱོར་བ་བཏང་ནས།།
བྱ་བྲལ་རྣལ་འབྱོར་བའི་རྟུལ་ཞུགས་འཆང་མཁན།།
བཀའ་གདམས་གོང་མ་ཡི་རྗེ་བཙུན་མི་ལས།།
ལྡོག་མེད་སྙིང་རུས་ཀྱི་ལྟ་སྤྱོད་བསམ་ན།།
ཁ་བཤད་ཚིག་སྐམ་གྱི་ལབ་ལ་མཁས་ཤིང་།།
ལག་ལེན་གནས་ལུགས་ཀྱི་རྒྱ་མ་གཅོག་པའི།།
ང་ཡི་ཉེ་འཁོར་གྱི་ཆེན་པོའི་ཚོགས་ལ།།
གཤིན་རྗེ་ལྕགས་ཁྲབ་ཀྱིས་གཞུས་རན་འདུག་ཨང་།།
སྐྱིད་སྣང་འཚོ་ཐབས་ཀྱི་ལམ་བུ་ཞིག་ལ།།
རྔུལ་ཆུ་ཁྲོམ་ཁྲོམ་གྱིས་འདུར་བའི་ཉེ་མི།།
ང་ཡི་ནང་སེམས་ཀྱི་རྩེ་བས་མཐོང་ན།།
ནམ་ཡང་གཏོང་འདོད་ཀྱི་སེམས་པ་མི་ལྷོད།།
སྲིད་པའི་ཆགས་འཛིན་ཀྱི་དངོས་པོའི་གཤིས་ལ།།
ཏིང་འཛིན་སྒོམ་ཐག་གི་མདུད་པ་གྲོལ་དུས།།
འཁོར་དང་ལོངས་སྤྱོད་ལ་སྙིང་བོ་མེད་ན།།
དམིགས་པ་རྩེ་གཅིག་གིས་མདུན་དུ་སྐྱོད་དང་།།
རྣམ་དཔྱོད་རིག་སྟབས་ཀྱི་འཆར་སྒོ་ཡངས་པའི།།
སྐྱེས་ཆེན་དམ་པ་ཚོའི་གདམས་ངག་ཟབ་མོས།།
རང་རྒྱུད་འདུལ་ཟིན་གྱི་རྟགས་རེ་མེད་ན།།
མཐོན་པོའི་ངག་སྒོ་ཡི་བཀའ་ལུང་ཙམ་མོ།།
ཨ་མཚར་མིག་ལམ་གྱི་སྲིད་པའི་ཕུན་ཚོགས།།
ནང་གི་དེ་ཉིད་ཀྱི་འདོད་པས་རེག་ན།།
ངུར་སྨྲིག་སྒྲུབ་སྡེ་ཡི་ཁ་དོག་དམར་པོ།།
འཁོར་བའི་བདག་འཛིན་གྱིས་གཡོ་ཡང་སྲིད་དོ།།
མྱི་ཆེན་སྒམ་པོ་ཚོའི་ཚིག་ལ་ཉན་ན།།
བཅོས་མའི་མཚན་སྙན་ཞིག་ཡོད་ན་ཆོག་ཀྱང་།།
ཧ་ཅང་ལྷོད་ལྷོད་ཀྱིས་འདང་རེ་བརྒྱབ་ན།།
རང་མགོ་རང་ཉིད་ཀྱིས་གཡོགས་འདོད་མ་སྐྱེས།།
ཚུལ་འཆོས་རྫུ་བག་གིས་བགྲོད་པ་ཁ་ཤས།།
འདི་ཕྱིའི་བདག་པོ་ཡི་མགོན་ལ་བཀུར་བས།།
ལམ་ནོར་ཐེབས་པ་ཡི་མི་སེར་བསམ་ན།།
རང་གི་མགོན་སྐྱབས་ཏེ་རང་གིས་བྱ་འདོད།།
སེམས་པ་དེང་རབས་ཀྱི་རྗེས་ལ་ཕྱོགས་ཀྱང་།།
ལུས་ངག་ཁོར་ཡུག་གི་བཙོན་ལ་ཚུད་པའི།།
ན་མཉམ་སྤུན་གྲོགས་ཚོའི་སེམས་ཀྱི་གཞུང་ལ།།
སྤོབས་པ་ཆེར་བསྐྱེད་ཀྱི་ཚིག་རེ་བྲིས་ཡོད།།
     གཉིས་པ།
དུས་སྙིགས་ཀྱི་མཐའ་མ་འདི་ལ།།
གྲོགས་རྫུན་གྱི་འདུ་རྒོད་འཁྲུག་པའི།།
མཛའ་བརྩེ་དང་ཕྱི་ཐག་རིང་མོ།།
རྒྱ་གྲོང་གི་ཚོང་རྫས་ཡིན་སོང་།།
ཁེར་ཚུགས་ཀྱི་གཤིས་ཀ་གྱོང་བོ།།
བག་ཆགས་ཀྱིས་བསྐྲུན་ན་མི་ཉེས།།
མི་ངོ་ཡི་རྫུ་བག་མཐུག་པོ།།
བསམ་བཞིན་དུ་བཅོས་ན་དེ་ཉེས།།
ཕྱི་ཐག་ལ་བརྒྱུས་པའི་མཛའ་བརྩེ།།
མྱི་ཁ་ཡིས་བཅད་ན་མི་བློ།།
དུས་ཚིགས་ཀྱི་འགྱུར་བག་ཁྲོད་ནས།།
ཚེ་སྲོག་གིས་སྲུང་ན་དེ་བཟང་།།
མི་སེམས་ཀྱི་གདོན་འཕྲུལ་བཟི་ཁས།།
བརྩེ་དུང་གི་བརྡ་རྟགས་བཅད་ཀྱང་།།
སྔོན་བསགས་ཀྱི་ལས་ལ་བཅོལ་བས།།
ལས་དབང་གི་གཞུང་སྐུད་ཕྲ་བ།།
སྟོང་ཁམས་ཀྱི་སྣང་བའི་ལྗོངས་ལ།།
བྲོ་གར་གྱི་ལྟངས་སྟབས་བསྒྱུར་བའི།།
མི་སེམས་ཀྱི་གཡོ་སྒྱུའི་ཁ་དོག།
འཇའ་ཚོན་གྱི་མཛེས་པར་མ་འཁྲུལ།།
འགྲོ་དྲུག་ལ་བཅིངས་པའི་བརྩེ་བ།།
རྒྱལ་བ་ཡི་རེ་བའི་འདུན་མ།།
སྐྱེས་བུ་དེ་སྐྱབས་སུ་བཟུང་དང་།།
འདི་ཕྱི་ཡི་ལམ་ཁ་དྲང་བོའོ།།
མི་སེམས་ལ་བཏབ་པའི་བརྩེ་བ།།
ཀུ་རེ་ཡི་གཏམ་ལ་མ་འཁྲུལ།།
བསམ་གཞིགས་ཀྱི་སྟོབས་ལ་བརྒྱུས་དང་།།
ནང་སེམས་ཀྱི་མདུད་པ་དཀྲོལ་ཡོང་།།
              གསུམ་པ།
དྲི་མེད་འོད་དཀར་གྱི་རྣམ་ཤེས་ཆུང་ཆུང་།།
ཡང་བསྐྱར་མི་ལུས་ཀྱི་མངལ་ལ་ཞུགས་དུས།།
ཐོག་མའི་རྐང་རྗེས་ཀྱི་རི་མོ་འབྲི་ས།།
དགྲ་གྲོགས་གཉིས་འཛོམས་ཀྱི་འཁོར་བའི་ངམ་ཁ།།
སྣང་བ་རྒྱ་ཡན་གྱི་གར་ལ་གཡེང་ནས།།
མི་ཚེ་ལེ་ལོ་ཡི་སོ་ཁར་འཐག་པའི།།
ཅང་མེད་ལག་སྟོང་གི་རྣམ་ཤེས་འཁྱམ་པོར།།
འཆི་བའི་ཞགས་པ་དེ་ཐེབས་དུས་སྙིང་རྗེ།།
མཚན་དང་གྲགས་པ་ལ་སྙེགས་པའི་བུ་ཆུང་།།
ཚུལ་འཆོས་རྫུ་བག་གི་རྙི་ལ་ཐེབས་པའི།།
འདོད་ཆུང་ཆོག་ཤེས་ཀྱི་ཐ་སྙད་དཀར་པོ།།
ནང་བསྟན་ཚིག་མཛོད་ཀྱི་གསེབ་ནས་ངུས་སོང་།།
དབེན་པའི་སྒོམ་ཆེན་གྱི་མེ་ལོང་ངོས་ལ།།
འདོད་ཡོན་ལོངས་སྤྱོད་ཀྱི་གཟུགས་རིས་འཆར་ན།།
དཀའ་བ་བརྒྱ་ཕྲག་གི་སྒོམ་ཐག་དམ་པོ།།
དེ་རིང་བདག་འཛིན་གྱི་ཀློང་ནས་གྲོལ་ལོ།།
འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ནས།།
འཁྲུལ་སྣང་སྟོང་བསམ་གྱིས་ཡང་ཡང་མནར་རྗེས།།
མཐའ་མའི་ངལ་དུབ་ཀྱི་མགོ་བོ་འཇོག་ས།།
དབེན་པའི་བྲག་རྫོང་གི་དུར་ཐང་སྐྱ་བོ།།
 
                                         ༢༠༡༠.༢

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་སེམས་ཀྱི་གཞུང་ལ་བཏང་པའི་བརྩེ་བ།

2011-08-20 མགར་ཚང་དར་རྒྱས།༼རྩེ་ཁོག༽ ཀློག་གྲངས། མཆན ཡོད།

               དང་པོ།
མི་ཚེ་ཀྱག་ཀྱོག་གི་རི་ལམ་འདེད་དུས།།
སྐྱིད་སྡུག་རེས་འབྱུང་གི་འཁོར་བའི་ཀློང་གི།
སྐྱེ་བ་ད་ཐེངས་ཀྱི་རིགས་གཅིག་སྤུན་ཟླར།།
བརྩེ་བ་དར་དཀར་གྱི་ཞགས་པས་ཐེབས་སོང་།།
སྟེང་ཕྱོགས་ལྷ་ཡུལ་གྱི་འཆི་མེད་རིལ་བུ།།
འོག་ཕྱོགས་ཀླུ་ཡུལ་གྱི་རྒྱུ་དང་ལོངས་སྤྱོད།།
ཤ་ཁྲག་རུས་འབྲེལ་གྱི་ཕུ་ནུའི་རྩེ་བ།།
མི་འགྱུར་རྟག་བརྟན་དུ་ང་ལ་ཡོད་ན།།
རྔམ་གནག་འཁོར་བ་ཡི་འཚོ་བའི་རེ་ཁྰ།།
བཤད་ན་རྫོགས་མེད་ཀྱི་སྡུག་བསྔལ་ཡིན་ཡང་།།
སྐྱེ་བ་མི་རྒྱུད་ཀྱི་ང་ཡི་འཁོར་ཚོགས།།
ཁྱེད་ཀྱི་ཅི་ཞིག་གི་རོལ་བར་ཆགས་ཡོད།།
ཟས་གོས་ལོངས་སྤྱོད་ཀྱི་འབྱོར་བ་བཏང་ནས།།
བྱ་བྲལ་རྣལ་འབྱོར་བའི་རྟུལ་ཞུགས་འཆང་མཁན།།
བཀའ་གདམས་གོང་མ་ཡི་རྗེ་བཙུན་མི་ལས།།
ལྡོག་མེད་སྙིང་རུས་ཀྱི་ལྟ་སྤྱོད་བསམ་ན།།
ཁ་བཤད་ཚིག་སྐམ་གྱི་ལབ་ལ་མཁས་ཤིང་།།
ལག་ལེན་གནས་ལུགས་ཀྱི་རྒྱ་མ་གཅོག་པའི།།
ང་ཡི་ཉེ་འཁོར་གྱི་ཆེན་པོའི་ཚོགས་ལ།།
གཤིན་རྗེ་ལྕགས་ཁྲབ་ཀྱིས་གཞུས་རན་འདུག་ཨང་།།
སྐྱིད་སྣང་འཚོ་ཐབས་ཀྱི་ལམ་བུ་ཞིག་ལ།།
རྔུལ་ཆུ་ཁྲོམ་ཁྲོམ་གྱིས་འདུར་བའི་ཉེ་མི།།
ང་ཡི་ནང་སེམས་ཀྱི་རྩེ་བས་མཐོང་ན།།
ནམ་ཡང་གཏོང་འདོད་ཀྱི་སེམས་པ་མི་ལྷོད།།
སྲིད་པའི་ཆགས་འཛིན་ཀྱི་དངོས་པོའི་གཤིས་ལ།།
ཏིང་འཛིན་སྒོམ་ཐག་གི་མདུད་པ་གྲོལ་དུས།།
འཁོར་དང་ལོངས་སྤྱོད་ལ་སྙིང་བོ་མེད་ན།།
དམིགས་པ་རྩེ་གཅིག་གིས་མདུན་དུ་སྐྱོད་དང་།།
རྣམ་དཔྱོད་རིག་སྟབས་ཀྱི་འཆར་སྒོ་ཡངས་པའི།།
སྐྱེས་ཆེན་དམ་པ་ཚོའི་གདམས་ངག་ཟབ་མོས།།
རང་རྒྱུད་འདུལ་ཟིན་གྱི་རྟགས་རེ་མེད་ན།།
མཐོན་པོའི་ངག་སྒོ་ཡི་བཀའ་ལུང་ཙམ་མོ།།
ཨ་མཚར་མིག་ལམ་གྱི་སྲིད་པའི་ཕུན་ཚོགས།།
ནང་གི་དེ་ཉིད་ཀྱི་འདོད་པས་རེག་ན།།
ངུར་སྨྲིག་སྒྲུབ་སྡེ་ཡི་ཁ་དོག་དམར་པོ།།
འཁོར་བའི་བདག་འཛིན་གྱིས་གཡོ་ཡང་སྲིད་དོ།།
མྱི་ཆེན་སྒམ་པོ་ཚོའི་ཚིག་ལ་ཉན་ན།།
བཅོས་མའི་མཚན་སྙན་ཞིག་ཡོད་ན་ཆོག་ཀྱང་།།
ཧ་ཅང་ལྷོད་ལྷོད་ཀྱིས་འདང་རེ་བརྒྱབ་ན།།
རང་མགོ་རང་ཉིད་ཀྱིས་གཡོགས་འདོད་མ་སྐྱེས།།
ཚུལ་འཆོས་རྫུ་བག་གིས་བགྲོད་པ་ཁ་ཤས།།
འདི་ཕྱིའི་བདག་པོ་ཡི་མགོན་ལ་བཀུར་བས།།
ལམ་ནོར་ཐེབས་པ་ཡི་མི་སེར་བསམ་ན།།
རང་གི་མགོན་སྐྱབས་ཏེ་རང་གིས་བྱ་འདོད།།
སེམས་པ་དེང་རབས་ཀྱི་རྗེས་ལ་ཕྱོགས་ཀྱང་།།
ལུས་ངག་ཁོར་ཡུག་གི་བཙོན་ལ་ཚུད་པའི།།
ན་མཉམ་སྤུན་གྲོགས་ཚོའི་སེམས་ཀྱི་གཞུང་ལ།།
སྤོབས་པ་ཆེར་བསྐྱེད་ཀྱི་ཚིག་རེ་བྲིས་ཡོད།།
     གཉིས་པ།
དུས་སྙིགས་ཀྱི་མཐའ་མ་འདི་ལ།།
གྲོགས་རྫུན་གྱི་འདུ་རྒོད་འཁྲུག་པའི།།
མཛའ་བརྩེ་དང་ཕྱི་ཐག་རིང་མོ།།
རྒྱ་གྲོང་གི་ཚོང་རྫས་ཡིན་སོང་།།
ཁེར་ཚུགས་ཀྱི་གཤིས་ཀ་གྱོང་བོ།།
བག་ཆགས་ཀྱིས་བསྐྲུན་ན་མི་ཉེས།།
མི་ངོ་ཡི་རྫུ་བག་མཐུག་པོ།།
བསམ་བཞིན་དུ་བཅོས་ན་དེ་ཉེས།།
ཕྱི་ཐག་ལ་བརྒྱུས་པའི་མཛའ་བརྩེ།།
མྱི་ཁ་ཡིས་བཅད་ན་མི་བློ།།
དུས་ཚིགས་ཀྱི་འགྱུར་བག་ཁྲོད་ནས།།
ཚེ་སྲོག་གིས་སྲུང་ན་དེ་བཟང་།།
མི་སེམས་ཀྱི་གདོན་འཕྲུལ་བཟི་ཁས།།
བརྩེ་དུང་གི་བརྡ་རྟགས་བཅད་ཀྱང་།།
སྔོན་བསགས་ཀྱི་ལས་ལ་བཅོལ་བས།།
ལས་དབང་གི་གཞུང་སྐུད་ཕྲ་བ།།
སྟོང་ཁམས་ཀྱི་སྣང་བའི་ལྗོངས་ལ།།
བྲོ་གར་གྱི་ལྟངས་སྟབས་བསྒྱུར་བའི།།
མི་སེམས་ཀྱི་གཡོ་སྒྱུའི་ཁ་དོག།
འཇའ་ཚོན་གྱི་མཛེས་པར་མ་འཁྲུལ།།
འགྲོ་དྲུག་ལ་བཅིངས་པའི་བརྩེ་བ།།
རྒྱལ་བ་ཡི་རེ་བའི་འདུན་མ།།
སྐྱེས་བུ་དེ་སྐྱབས་སུ་བཟུང་དང་།།
འདི་ཕྱི་ཡི་ལམ་ཁ་དྲང་བོའོ།།
མི་སེམས་ལ་བཏབ་པའི་བརྩེ་བ།།
ཀུ་རེ་ཡི་གཏམ་ལ་མ་འཁྲུལ།།
བསམ་གཞིགས་ཀྱི་སྟོབས་ལ་བརྒྱུས་དང་།།
ནང་སེམས་ཀྱི་མདུད་པ་དཀྲོལ་ཡོང་།།
              གསུམ་པ།
དྲི་མེད་འོད་དཀར་གྱི་རྣམ་ཤེས་ཆུང་ཆུང་།།
ཡང་བསྐྱར་མི་ལུས་ཀྱི་མངལ་ལ་ཞུགས་དུས།།
ཐོག་མའི་རྐང་རྗེས་ཀྱི་རི་མོ་འབྲི་ས།།
དགྲ་གྲོགས་གཉིས་འཛོམས་ཀྱི་འཁོར་བའི་ངམ་ཁ།།
སྣང་བ་རྒྱ་ཡན་གྱི་གར་ལ་གཡེང་ནས།།
མི་ཚེ་ལེ་ལོ་ཡི་སོ་ཁར་འཐག་པའི།།
ཅང་མེད་ལག་སྟོང་གི་རྣམ་ཤེས་འཁྱམ་པོར།།
འཆི་བའི་ཞགས་པ་དེ་ཐེབས་དུས་སྙིང་རྗེ།།
མཚན་དང་གྲགས་པ་ལ་སྙེགས་པའི་བུ་ཆུང་།།
ཚུལ་འཆོས་རྫུ་བག་གི་རྙི་ལ་ཐེབས་པའི།།
འདོད་ཆུང་ཆོག་ཤེས་ཀྱི་ཐ་སྙད་དཀར་པོ།།
ནང་བསྟན་ཚིག་མཛོད་ཀྱི་གསེབ་ནས་ངུས་སོང་།།
དབེན་པའི་སྒོམ་ཆེན་གྱི་མེ་ལོང་ངོས་ལ།།
འདོད་ཡོན་ལོངས་སྤྱོད་ཀྱི་གཟུགས་རིས་འཆར་ན།།
དཀའ་བ་བརྒྱ་ཕྲག་གི་སྒོམ་ཐག་དམ་པོ།།
དེ་རིང་བདག་འཛིན་གྱི་ཀློང་ནས་གྲོལ་ལོ།།
འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ནས།།
འཁྲུལ་སྣང་སྟོང་བསམ་གྱིས་ཡང་ཡང་མནར་རྗེས།།
མཐའ་མའི་ངལ་དུབ་ཀྱི་མགོ་བོ་འཇོག་ས།།
དབེན་པའི་བྲག་རྫོང་གི་དུར་ཐང་སྐྱ་བོ།།
 
                                         ༢༠༡༠.༢

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།