སྔས་འབོལ་འོག་གི་གསང་བ།

                     _______སྙིང་སྡུག་བུ་མོ་སྒྲོན་མེ་ལ།
བརྩེ་བའི་ཨ་ལོང་དམ་དུ་སྦྲེལ་གྱུར་བས།།
འཛད་མེད་སྙིང་གཏམ་ཆུ་བོའི་རྒྱུན་ལ་འགྲན།།
གསེར་གྱིས་བྲིས་པའི་ཡིག་ཆུང་བརྩེ་བ་ཅན།།
ཁྱེད་ལ་ཕུལ་བའི་འཕྲིན་གྱི་གསང་བ་ཉིད།།
 
སྔས་འབོལ་འོག་གི་འདྲ་པར་ཤིན་ཏུ་མཛེས།།
དེ་ཡི་ཁྲོད་ཀྱི་འཛུམ་ཆུང་ལྷག་ཏུ་ཡག།
བཅོས་མིན་སེམས་པས་ཉར་བའི་དྲན་རྟེན་འདི།།
ཕྱིར་དྲན་ངོགས་ཀྱི་བསུབས་མེད་གསང་བ་ཡིན།།
 
གནམ་གྱིས་མ་མཐོང་རླུང་གིས་མ་ཚོར་བུའི།།
ཁྱེད་ཀྱིས་བྱིན་པའི་སྙིང་གཏམ་དགུ་བརྩེགས་མ།།
སུ་ལ་མ་བཤད་གང་ལ་མ་བྱིན་པར།།
སེམས་ཁ་བསྲོ་བའི་སེམས་ཀྱི་གསང་བར་སྒོམ།།
 
དྲན་པའི་ཐག་སྣེར་དམ་གྱིས་འཇུས་སོང་བས།།
རྨི་ལམ་ཁམས་ནས་ཁྱེད་ཉིད་བོར་མ་མྱོང་།།
མིག་ཟུང་བརྒྱན་པའི་མུ་ཏིག་ཕྲེང་བ་འདི།།
ཁྱེད་ཉིད་དྲན་པའི་གདུང་བའི་ཆུ་རྒྱུན་ཡིན།།
 
ཕྱུག་པོར་མ་བཙོངས་སྤྲང་བོར་མ་བྱིན་པའི།།
ངེད་གཉིས་བརྩེ་བ་རྩ་གསུམ་ལྷ་ལ་བཅོལ།།
བཙན་པོས་མི་ཕྲོགས་གཉོམ་པོས་མི་བརྐུས་པའི།།
ངེད་གཉིས་གསང་བ་བརྒྱ་བརྩེགས་སྟོང་བརྩེགས་ཡིན།།
                                             ༢༠༡༠.༡༡.༣༠
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྔས་འབོལ་འོག་གི་གསང་བ།

2011-07-28 འབུར་མ།༼གཙོས༽ ཀློག་གྲངས། མཆན ཡོད།

                     _______སྙིང་སྡུག་བུ་མོ་སྒྲོན་མེ་ལ།
བརྩེ་བའི་ཨ་ལོང་དམ་དུ་སྦྲེལ་གྱུར་བས།།
འཛད་མེད་སྙིང་གཏམ་ཆུ་བོའི་རྒྱུན་ལ་འགྲན།།
གསེར་གྱིས་བྲིས་པའི་ཡིག་ཆུང་བརྩེ་བ་ཅན།།
ཁྱེད་ལ་ཕུལ་བའི་འཕྲིན་གྱི་གསང་བ་ཉིད།།
 
སྔས་འབོལ་འོག་གི་འདྲ་པར་ཤིན་ཏུ་མཛེས།།
དེ་ཡི་ཁྲོད་ཀྱི་འཛུམ་ཆུང་ལྷག་ཏུ་ཡག།
བཅོས་མིན་སེམས་པས་ཉར་བའི་དྲན་རྟེན་འདི།།
ཕྱིར་དྲན་ངོགས་ཀྱི་བསུབས་མེད་གསང་བ་ཡིན།།
 
གནམ་གྱིས་མ་མཐོང་རླུང་གིས་མ་ཚོར་བུའི།།
ཁྱེད་ཀྱིས་བྱིན་པའི་སྙིང་གཏམ་དགུ་བརྩེགས་མ།།
སུ་ལ་མ་བཤད་གང་ལ་མ་བྱིན་པར།།
སེམས་ཁ་བསྲོ་བའི་སེམས་ཀྱི་གསང་བར་སྒོམ།།
 
དྲན་པའི་ཐག་སྣེར་དམ་གྱིས་འཇུས་སོང་བས།།
རྨི་ལམ་ཁམས་ནས་ཁྱེད་ཉིད་བོར་མ་མྱོང་།།
མིག་ཟུང་བརྒྱན་པའི་མུ་ཏིག་ཕྲེང་བ་འདི།།
ཁྱེད་ཉིད་དྲན་པའི་གདུང་བའི་ཆུ་རྒྱུན་ཡིན།།
 
ཕྱུག་པོར་མ་བཙོངས་སྤྲང་བོར་མ་བྱིན་པའི།།
ངེད་གཉིས་བརྩེ་བ་རྩ་གསུམ་ལྷ་ལ་བཅོལ།།
བཙན་པོས་མི་ཕྲོགས་གཉོམ་པོས་མི་བརྐུས་པའི།།
ངེད་གཉིས་གསང་བ་བརྒྱ་བརྩེགས་སྟོང་བརྩེགས་ཡིན།།
                                             ༢༠༡༠.༡༡.༣༠
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།