སྙན་རྒྱུ་མེད་པའི་སྙན་ངག

       —ཕ་ཡུལ་ནས་སྔོན་ཆད་ས་རྩོད་ཆུ་རྩོད་བྱས་མྱོང་མོད་ད་ལྟ་གྲུབ་མཐའ་རྩོད་གླེང་་བྱེད་བཞིན་མཆིས། དེ་བས་དེ་ནི་ཕ་ཡུལ་སྟོད་ཀྱི་ཆོས་པ་དང་སྨད་ཀྱི་ཚོང་བ་གཉིས་ཀྱི་གསོལ་སྟོན་ཡིན།
ཁ་སང་ཡུལ་ནས་ཁ་པར་འབྱོར་བ་ལ།།
ཁ་ཡ་ན་ཟླ་ནང་འཁྲུག་ལངས་སོ་སྐད།།
ལོ་ལོན་རྒན་རྒོན་རྗེས་ལ་འཚིངས་སོ་ལབ།།
གྲྭ་བ་གྲོང་བ་མཉམ་དུ་འཐབ་བོ་ཟེར།།

 
རྫོབ་ནག་ལུང་བ་གང་བོ་བསྐྱལ་དོན་ནི།།
གསལ་བོར་གཞན་ལ་བཤད་རྒྱུར་ངོ་ཚ་ཡང་།།
མདོར་རྩ་སློབ་གསོ་མེད་པའི་ཁུངས་ལ་ཐུགས།།
དོན་གྱིས་རང་རང་རྨོངས་བ་ཁོ་ནར་ཟད།།

བླ་མ་གན་ལ་བྱིན་རླབས་ཆེ་ཚུལ་དང་།།
གྲུབ་མཐའ་འདི་ལ་ཐར་བ་སླ་འོ་ཞེས།།
ཁུངས་མེད་གཏམ་གྱི་རྒྱལ་ཕམ་རྩོད་པ་ལས།།
རང་གི་སེམས་རྒྱུད་བཏུལ་ན་ཅིས་མི་ཆོག །

བྱིན་རླབས་ཅི་ཆེ་རང་གི་སེམས་ལ་ཐུགས།།
ཐར་བའི་དཀའ་སླ་ཉམས་མེད་སྒོམ་ལ་ཐུགས།།
དེ་གཉིས་རྩ་བ་རྣམ་དཀར་བསམ་པར་ཐུགས།།
མདོར་ན་ཡོད་ཚད་དད་པའི་སྟོབས་ལ་ཐུགས།།

 
འཁོར་བའི་འཇིགས་པར་སྐྱོ་ཤས་སྐྱེས་ནས་ནི།།
མྱུར་དུ་ཐར་འདོད་འགྱུར་མེད་བློ་ཡོད་ན།།

“གཟན་ཤམ་དམར་པོ་གན་ལ་བདག་པོ་མེད།།”
དབེན་པའི་རི་ཁྲོད་གན་ལ་རྒྱ་སྒོ་མེད།།

གཞན་སྲོག་གཅོད་ཞོར་སེམས་ཅན་སྒོམ་ཕྱོགས་ཤིག །
སྡུག་ལས་བྱེད་ཀྱིན་མ་ནི་འདོན་ཚུལ་ཞིག །
དཀའ་བ་མ་སྤྱད་གྲུབ་པ་ཐོབ་སྲོལ་ཞིག །
ད་ལྟའི་ཆོས་བ་འདི་ཚོར་མཁོ་ཆེ་ཨང་།།

འཐབ་འཁྲུག་རྒྱབ་ན་ཐར་བ་གནང་མཁན་ཞིག །
ཆུང་མ་བསྟེན་ན་ཉམས་ལེན་ཡིན་མཁན་ཞིག །
དུས་རབས་འདི་ལ་མཐུན་པའི་སྟོན་པ་ཞིག །
ཡར་མར་རྒྱུགས་དང་ཕལ་ཆེར་རྙེད་ལས་ཆེ།།

བླ་མར་ཕྱོགས་ནས་གྲྭ་བར་གཅར་བ་ལས།།
སློབ་གསོར་ཕྱོགས་ནས་ཚིག་གཅིག་འཆད་ན་ཆོས།།
ལ་རྒྱ་ཟེར་ནས་རྡེའུ་འབུམ་གཤིག་པ་ལས།།
རྗེས་ལུས་ཟེར་ནས་ཀ་ཁ་སྦྱངས་ན་ཆོས།།
 
ཕྱོགས་རིས་སྲུང་མཁན་བླ་མར་བསྟེན་པ་ལས།།
དྲིན་ཆེན་ཕ་མ་ཚུལ་བཞིན་བསྐྱངས་ན་ཆོས།།
ནང་འཁྲུག་སློང་མཁན་མཁན་པོར་བཀུར་བ་ལས།།
ཁ་ཡ་ན་ཟླར་འགྲིག་མཐུན་བྱས་ན་ཆོས།།
 
གར་ཡོང་མེད་པའི་མཁན་པོ་ལྡོམ་པོ་དང་།།
ཨ་གསར་ཆེ་བའི་མང་ཚོགས་ཡ་གཟུགས་གཉིས།།
ཀླུ་ཆུ་ཐང་ནས་ལྷན་ཅིག་འཛོམས་པ་ན།།
ཁ་སང་དེ་རིང་ཁ་མཆུ་ཇེ་མང་རེད།།

དད་པའི་ལོང་ན་སངས་རྒྱས་གམ་ན་ཡོད།།
ཞེ་ཐག་ཆོད་ན་ཐར་བ་མདུན་ན་ཡོད།།
རྩྭ་ས་བརླག་ནས་རྡེའུ་འབུམ་བརྩིགས་དགོས་མེད།།
གཞན་སྡེའི་སྔུན་ནས་ངོ་ཚ་ཉོ་དགོས་མེད།།
 
ས་མཚམས་རྩད་ནས་དམག་རྟ་བསྡུ་བ་དང་།།
གསར་རྙིང་རྩད་ནས་མཚོན་ཆ་འཛིན་པ་གཉིས།།
མི་མཇེད་བདག་པོའི་ཐུགས་ན་ཁྱད་ཆེ་ཡང་།།
སོ་སྐྱེས་ང་འདྲའི་མིག་ན་ཁྱད་པར་མེད།།

ཨ་སྔོན་མ་དགའ་ཐེད་ནས་འཐོར་ཡང་ཆོག །
འབྲུག་ཆུང་མ་དགའ་ཐང་ལ་ལྷུང་ཡང་རུང་།།
ཐུགས་ལ་བདེ་བོ་མེད་པའི་དྲང་བརྗོད་འདི།།
ཤེས་ན་ཁྱེད་ལ་བསྟབས་པའི་མཆོད་པའོ།།
              

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་རྒྱུ་མེད་པའི་སྙན་ངག

2012-06-30 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

       —ཕ་ཡུལ་ནས་སྔོན་ཆད་ས་རྩོད་ཆུ་རྩོད་བྱས་མྱོང་མོད་ད་ལྟ་གྲུབ་མཐའ་རྩོད་གླེང་་བྱེད་བཞིན་མཆིས། དེ་བས་དེ་ནི་ཕ་ཡུལ་སྟོད་ཀྱི་ཆོས་པ་དང་སྨད་ཀྱི་ཚོང་བ་གཉིས་ཀྱི་གསོལ་སྟོན་ཡིན།
ཁ་སང་ཡུལ་ནས་ཁ་པར་འབྱོར་བ་ལ།།
ཁ་ཡ་ན་ཟླ་ནང་འཁྲུག་ལངས་སོ་སྐད།།
ལོ་ལོན་རྒན་རྒོན་རྗེས་ལ་འཚིངས་སོ་ལབ།།
གྲྭ་བ་གྲོང་བ་མཉམ་དུ་འཐབ་བོ་ཟེར།།

 
རྫོབ་ནག་ལུང་བ་གང་བོ་བསྐྱལ་དོན་ནི།།
གསལ་བོར་གཞན་ལ་བཤད་རྒྱུར་ངོ་ཚ་ཡང་།།
མདོར་རྩ་སློབ་གསོ་མེད་པའི་ཁུངས་ལ་ཐུགས།།
དོན་གྱིས་རང་རང་རྨོངས་བ་ཁོ་ནར་ཟད།།

བླ་མ་གན་ལ་བྱིན་རླབས་ཆེ་ཚུལ་དང་།།
གྲུབ་མཐའ་འདི་ལ་ཐར་བ་སླ་འོ་ཞེས།།
ཁུངས་མེད་གཏམ་གྱི་རྒྱལ་ཕམ་རྩོད་པ་ལས།།
རང་གི་སེམས་རྒྱུད་བཏུལ་ན་ཅིས་མི་ཆོག །

བྱིན་རླབས་ཅི་ཆེ་རང་གི་སེམས་ལ་ཐུགས།།
ཐར་བའི་དཀའ་སླ་ཉམས་མེད་སྒོམ་ལ་ཐུགས།།
དེ་གཉིས་རྩ་བ་རྣམ་དཀར་བསམ་པར་ཐུགས།།
མདོར་ན་ཡོད་ཚད་དད་པའི་སྟོབས་ལ་ཐུགས།།

 
འཁོར་བའི་འཇིགས་པར་སྐྱོ་ཤས་སྐྱེས་ནས་ནི།།
མྱུར་དུ་ཐར་འདོད་འགྱུར་མེད་བློ་ཡོད་ན།།

“གཟན་ཤམ་དམར་པོ་གན་ལ་བདག་པོ་མེད།།”
དབེན་པའི་རི་ཁྲོད་གན་ལ་རྒྱ་སྒོ་མེད།།

གཞན་སྲོག་གཅོད་ཞོར་སེམས་ཅན་སྒོམ་ཕྱོགས་ཤིག །
སྡུག་ལས་བྱེད་ཀྱིན་མ་ནི་འདོན་ཚུལ་ཞིག །
དཀའ་བ་མ་སྤྱད་གྲུབ་པ་ཐོབ་སྲོལ་ཞིག །
ད་ལྟའི་ཆོས་བ་འདི་ཚོར་མཁོ་ཆེ་ཨང་།།

འཐབ་འཁྲུག་རྒྱབ་ན་ཐར་བ་གནང་མཁན་ཞིག །
ཆུང་མ་བསྟེན་ན་ཉམས་ལེན་ཡིན་མཁན་ཞིག །
དུས་རབས་འདི་ལ་མཐུན་པའི་སྟོན་པ་ཞིག །
ཡར་མར་རྒྱུགས་དང་ཕལ་ཆེར་རྙེད་ལས་ཆེ།།

བླ་མར་ཕྱོགས་ནས་གྲྭ་བར་གཅར་བ་ལས།།
སློབ་གསོར་ཕྱོགས་ནས་ཚིག་གཅིག་འཆད་ན་ཆོས།།
ལ་རྒྱ་ཟེར་ནས་རྡེའུ་འབུམ་གཤིག་པ་ལས།།
རྗེས་ལུས་ཟེར་ནས་ཀ་ཁ་སྦྱངས་ན་ཆོས།།
 
ཕྱོགས་རིས་སྲུང་མཁན་བླ་མར་བསྟེན་པ་ལས།།
དྲིན་ཆེན་ཕ་མ་ཚུལ་བཞིན་བསྐྱངས་ན་ཆོས།།
ནང་འཁྲུག་སློང་མཁན་མཁན་པོར་བཀུར་བ་ལས།།
ཁ་ཡ་ན་ཟླར་འགྲིག་མཐུན་བྱས་ན་ཆོས།།
 
གར་ཡོང་མེད་པའི་མཁན་པོ་ལྡོམ་པོ་དང་།།
ཨ་གསར་ཆེ་བའི་མང་ཚོགས་ཡ་གཟུགས་གཉིས།།
ཀླུ་ཆུ་ཐང་ནས་ལྷན་ཅིག་འཛོམས་པ་ན།།
ཁ་སང་དེ་རིང་ཁ་མཆུ་ཇེ་མང་རེད།།

དད་པའི་ལོང་ན་སངས་རྒྱས་གམ་ན་ཡོད།།
ཞེ་ཐག་ཆོད་ན་ཐར་བ་མདུན་ན་ཡོད།།
རྩྭ་ས་བརླག་ནས་རྡེའུ་འབུམ་བརྩིགས་དགོས་མེད།།
གཞན་སྡེའི་སྔུན་ནས་ངོ་ཚ་ཉོ་དགོས་མེད།།
 
ས་མཚམས་རྩད་ནས་དམག་རྟ་བསྡུ་བ་དང་།།
གསར་རྙིང་རྩད་ནས་མཚོན་ཆ་འཛིན་པ་གཉིས།།
མི་མཇེད་བདག་པོའི་ཐུགས་ན་ཁྱད་ཆེ་ཡང་།།
སོ་སྐྱེས་ང་འདྲའི་མིག་ན་ཁྱད་པར་མེད།།

ཨ་སྔོན་མ་དགའ་ཐེད་ནས་འཐོར་ཡང་ཆོག །
འབྲུག་ཆུང་མ་དགའ་ཐང་ལ་ལྷུང་ཡང་རུང་།།
ཐུགས་ལ་བདེ་བོ་མེད་པའི་དྲང་བརྗོད་འདི།།
ཤེས་ན་ཁྱེད་ལ་བསྟབས་པའི་མཆོད་པའོ།།
              

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།