གནས་མཆོག་རྡོ་རྗེ་གདན།

སྤྲུལ་སྐུ་དབང་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-29

  ཀ་བ་ཁང་བཟང་ཡིད་འོང་མཆོད་རྫས་དང་།། ཁ་དོག་ལེགས་པའི་མཆོད་རྟེན་ཆེན་མོ་ལ། །
  ག་ལེར་བྱང་ཆུབ་ཤིང་གི་འོག་རོལ་ནས།། ང་ཡིས་ཕྱག་འབུམ་གསོག་བཞིན་མཇལ་སྐོར་བྱེད།།

  ཅ་དག་བརྐོས་འབུར་རྡོ་སྐུ་པ་ཏྲ་དང་། །ཆ་ཆིལ་མེ་ཏོག་ཆུན་པོས་བཅིང་པ་ཡི། །
  ཇ་ཁ་ཚོན་རྩིས་བྱུགས་པའི་བང་རིམ་ཀུན།། ཉ་རྒྱས་གང་བའི་བཞིན་ལ་འགྲན་པར་སྙམ།།

  ཏ་ལའི་འདབ་ལོ་སྙིང་གི་དབྱིབས་ཅན་དང་།། ཐ་དད་རྟེན་རྫས་ཚོང་ཟིང་རབ་ཏུ་བཀྲམ། །
  ད་དུང་ཕྱོགས་མེད་ཀུན་ནས་ཕེབས་པ་ཡི།། ན་གཞོན་ཕོ་མོ་གནས་མཆོག་འདི་ན་མང་།།

   པ་ཏྲ་རྡོ་སྐུའི་བསྐོར་བའི་རྡོར་གདན་དུ། །ཕ་རོལ་གཞན་སེམས་བསྒྱུར་བའི་མགོ་སེར་མས། །
   བ་ཚྭ་ཅན་གྱི་ཨ་ཁུ་འགའ་ཞིག་ལ།། མ་རུང་སྒང་ནས་ཞོན་ཞེས་སྒྲུང་ཞིག་སྨྲ།།

    ཙ་མདངས་ཆེ་བའི་འབྲུག་པའི་བུ་མོ་ལ། །ཚ་འབྲུམ་ཅན་གྱི་གྲྭ་རྒོད་རྒྱག་པ་འགས། །
    ཛ་གད་བདུད་རྩིས་མཆོད་བསྟོད་དགྱེས་ཕུལ་ཞེས། །ཝ་ལེ་ཝོ་ལེའི་གཏམ་འཁྱལ་རླུང་ལ་ཞོན།།

     རྭ་ཅོ་ཐུར་དུ་གུག་འདྲའི་ཉམ་ཆུང་ཚོས།། ལ་སེ་ལན་གསུམ་བརྗོད་ཀྱང་མི་གསན་ཡང་། །
    ཤ་ལོ་དུང་ལྟར་དཀར་བའི་དབྱིན་མོ་ལ།། ས་འདིར་བཞུགས་ཞེས་ཕྲག་མགོའི་གཟན་ཡང་བཏང་།།

    ཧ་ཅང་དགའ་སྐྱོའི་གནས་མཆོག་འདི་མཇལ་ཚེ།། ཨ་མཚར་མཐོང་སྣང་རི་མོའི་གཟུགས་སུ་བྲིས།།
    ཧ་ལས་དུག་བཞིན་གནོད་པའི་ཚོགས་མཆིས་ན། །ཨ་ལ་ལ་ཞེས་སྙིང་ནས་མཐོལ་བཤགས་ཞུ།།
                                           ཞེས་སྤྱི་ལོ་༡༩༩༨ ལོར་ཟླ་བ་༡༢ཚེས་༢༤ཉིན་བྲིས་པའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནས་མཆོག་རྡོ་རྗེ་གདན།

2012-06-29 སྤྲུལ་སྐུ་དབང་ཆེན། ཀློག་གྲངས། མཆན ཡོད།

  ཀ་བ་ཁང་བཟང་ཡིད་འོང་མཆོད་རྫས་དང་།། ཁ་དོག་ལེགས་པའི་མཆོད་རྟེན་ཆེན་མོ་ལ། །
  ག་ལེར་བྱང་ཆུབ་ཤིང་གི་འོག་རོལ་ནས།། ང་ཡིས་ཕྱག་འབུམ་གསོག་བཞིན་མཇལ་སྐོར་བྱེད།།

  ཅ་དག་བརྐོས་འབུར་རྡོ་སྐུ་པ་ཏྲ་དང་། །ཆ་ཆིལ་མེ་ཏོག་ཆུན་པོས་བཅིང་པ་ཡི། །
  ཇ་ཁ་ཚོན་རྩིས་བྱུགས་པའི་བང་རིམ་ཀུན།། ཉ་རྒྱས་གང་བའི་བཞིན་ལ་འགྲན་པར་སྙམ།།

  ཏ་ལའི་འདབ་ལོ་སྙིང་གི་དབྱིབས་ཅན་དང་།། ཐ་དད་རྟེན་རྫས་ཚོང་ཟིང་རབ་ཏུ་བཀྲམ། །
  ད་དུང་ཕྱོགས་མེད་ཀུན་ནས་ཕེབས་པ་ཡི།། ན་གཞོན་ཕོ་མོ་གནས་མཆོག་འདི་ན་མང་།།

   པ་ཏྲ་རྡོ་སྐུའི་བསྐོར་བའི་རྡོར་གདན་དུ། །ཕ་རོལ་གཞན་སེམས་བསྒྱུར་བའི་མགོ་སེར་མས། །
   བ་ཚྭ་ཅན་གྱི་ཨ་ཁུ་འགའ་ཞིག་ལ།། མ་རུང་སྒང་ནས་ཞོན་ཞེས་སྒྲུང་ཞིག་སྨྲ།།

    ཙ་མདངས་ཆེ་བའི་འབྲུག་པའི་བུ་མོ་ལ། །ཚ་འབྲུམ་ཅན་གྱི་གྲྭ་རྒོད་རྒྱག་པ་འགས། །
    ཛ་གད་བདུད་རྩིས་མཆོད་བསྟོད་དགྱེས་ཕུལ་ཞེས། །ཝ་ལེ་ཝོ་ལེའི་གཏམ་འཁྱལ་རླུང་ལ་ཞོན།།

     རྭ་ཅོ་ཐུར་དུ་གུག་འདྲའི་ཉམ་ཆུང་ཚོས།། ལ་སེ་ལན་གསུམ་བརྗོད་ཀྱང་མི་གསན་ཡང་། །
    ཤ་ལོ་དུང་ལྟར་དཀར་བའི་དབྱིན་མོ་ལ།། ས་འདིར་བཞུགས་ཞེས་ཕྲག་མགོའི་གཟན་ཡང་བཏང་།།

    ཧ་ཅང་དགའ་སྐྱོའི་གནས་མཆོག་འདི་མཇལ་ཚེ།། ཨ་མཚར་མཐོང་སྣང་རི་མོའི་གཟུགས་སུ་བྲིས།།
    ཧ་ལས་དུག་བཞིན་གནོད་པའི་ཚོགས་མཆིས་ན། །ཨ་ལ་ལ་ཞེས་སྙིང་ནས་མཐོལ་བཤགས་ཞུ།།
                                           ཞེས་སྤྱི་ལོ་༡༩༩༨ ལོར་ཟླ་བ་༡༢ཚེས་༢༤ཉིན་བྲིས་པའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།