མི་ནག་མ། (ཞར་བཀོད་གཅིག་ཡོད)

དོ་ནུབ་ཟླ་བའི་ངོ་ལ་སྡེར་འབྲད་བྱས།།
སྡེར་མོ་ཁྲག་གིས་བརྫུས་ནས་སྙིང་ཁར་རེག།
སྙིང་གི་ཚི་ལུ་དཀར་བོའི་འཇམ་ཤ་ལས།།
སྲིད་པའི་ཁམས་ཀྱི་མི་ནག་སྐེ་ནག་མ།།
ང་ཡི་ནུབ་ཁ་ནག་པོའི་ཤོག་གྲངས་རེད།།

དོ་ནུབ་སྐར་མ་གྲངས་མེད་རུམ་ལ་བསོགས།།
རུམ་གྱི་ངུ་སྐད་ཞེ་ཡི་གཏིང་སར་ཟུག།
ཞེ་ཡི་རྣམ་སྨིན་ཚེ་ཡི་མཆུ་ཏོས་སྲེག།
རྨི་ལམ་ལྗོངས་ནས་འཇའ་ཡི་ཁུ་ཁྲག་བཞུར།།
ཞེ་རྩ་ཁྱོན་ནས་འབྲེག་པ་ལག་དམར་ཞིག།

དོ་ནུབ་ས་གཞིའི་གྲིབ་མ་རིང་དུ་བྱེར།།
རྐང་བ་གྱོལ་བོའི་སྐས་ཀྱི་རིམ་པ་བཤིག།
མི་ཚེ་ཟེར་ལ་ལམ་ཐིག་ཁྲ་ཁྲ་བོ།།
སྐད་ཅིག་དུས་མཐའི་སྨོན་འདུན་འཁུར་རོགས་དེ།།
མི་ཁ་མི་འཆའ་མི་ལུགས་འཁྱལ་བོ་ཡིན།།

མཚན་སྨག་ཧྲིག་ཧྲིག་ལྡད་པའི་མི་ནག་མ།།
མཚན་སྨག་ཡོར་ཡོར་སྒུལ་བའི་མི་ནག་མ།།
རྨི་ལམ་ནང་གི་ཚངས་ཐིག་ཡིན་ནམ་ཅི།།
བདག་གི་ཁྱེད་ལ་རེག་ནས་སྙིང་ཆུང་སྔངས།།
གཟུགས་ཀྱི་ཕུང་བོ་དེ་ལ་ཁྱེད་རང་བཞུགས།།
         ༢༠༡༤•༡༢•༧


            མིག་ནང་གི་དེ་དག

ཁ་པར་ནང་གི་ལག་པ་སྔོ་ནག་དེ།།
འདར་འདར་མི་ངོ་བྱིལ་བྱིལ་བྱེད་ལུགས་ཀྱིས།།
མི་ཡི་ངོ་གདོང་ཚ་ཞིང་དམར་བོར་གྱུར།།
ལག་པ་ཞུ་ཞིང་མིག་ཆུ་འཐོར་ནས་ཐལ།།
སེམས་ཀྱི་ལྕགས་རྡོ་གས་ཤིང་ཆག་པ་ལས།།
རྨི་ལམ་སྟོད་ནས་ཉི་ཟླ་གཟའ་སྐར་འཁྲུག།
རྨི་ལམ་ནང་གི་མཚོ་མོ་མེ་ཆུ་ཞིག།
འུར་འུར་འབར་ཞིང་དགུང་གི་འཇའ་ཡང་ཚིག།
གཏམ་རྒྱུད་རུམ་པའི་ཤོག་སྐྱ་གོག་ནུར་བྱ།།

སྐད་འཕྲིན་ཟེར་ཡ་ཚེ་བླ་སྲོག་གསུམ་གཡར།།
ཚེ་ཡི་བལ་སྐུད་འཁེལ་མ་ཆད་ལ་འདྲ།།
སྲོག་གི་རྡོ་བ་འཁྲེགས་པོ་གས་ལ་ཉེ།།
ཆུ་ཡིས་ཞུ་ཞིང་དྲོད་ཀྱིས་སྐེམ་བཞིན་པ།།
ལང་ཚོ་ཟེར་ཡ་གཞོན་པའི་རང་མདོག་དེ།།
ཚོན་དང་ཚོས་ཀྱིས་བྱུགས་ནས་ཁྲ་ཁྲར་འཆར།།
བདག་གི་ལྗོངས་རྣམ་ཡག་མོ་ཡལ་ལ་ཉེ།།
དྲན་འཛིན་བློ་ཡི་སྒོ་མོ་བཙའ་ཡིས་ཟིན།།
དུས་ལ་བསྙལ་བ་འདི་ལ་ཅི་ཞིག་འབོད།།

ཐག་རིང་མགྲོན་པོ་ལྐོག་ནས་ཚུར་ལ་འོང་།།
ཉེ་བའི་མི་ནི་བྱང་དང་ཕྱོགས་སུ་བཞུད།།
རྒྱང་ཐག་ཉེ་རིང་བར་གྱི་གྲིབ་མ་དག།
ནང་གི་ཆོ་འཕྲུལ་དམར་བོའི་ངོས་སུ་སྦྱར།།
གཟུགས་བརྙན་འདྲ་མིན་ཡར་ལྡིང་མར་ལྡིང་བྱ།།
ཆོས་ཉིད་དང་ནི་འཚོ་བའི་ཧྲག་བར་མྱུལ།།
བདག་གི་བྲིས་མ་ཆུ་ཡིས་བརླན་ནས་འཁངས།།
བདག་གི་ཉིན་ཞག་རླུང་གིས་འཁུར་ནས་བོར།།
ང་ནི་རྒྱང་དུ་བཀྱེད་ལུགས་དེ་ཡང་འདྲ།།
            2014-12-12 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ནག་མ། (ཞར་བཀོད་གཅིག་ཡོད)

2014-12-13 ཆར་ཐིགས། ཀློག་གྲངས། མཆན ཡོད།

དོ་ནུབ་ཟླ་བའི་ངོ་ལ་སྡེར་འབྲད་བྱས།།
སྡེར་མོ་ཁྲག་གིས་བརྫུས་ནས་སྙིང་ཁར་རེག།
སྙིང་གི་ཚི་ལུ་དཀར་བོའི་འཇམ་ཤ་ལས།།
སྲིད་པའི་ཁམས་ཀྱི་མི་ནག་སྐེ་ནག་མ།།
ང་ཡི་ནུབ་ཁ་ནག་པོའི་ཤོག་གྲངས་རེད།།

དོ་ནུབ་སྐར་མ་གྲངས་མེད་རུམ་ལ་བསོགས།།
རུམ་གྱི་ངུ་སྐད་ཞེ་ཡི་གཏིང་སར་ཟུག།
ཞེ་ཡི་རྣམ་སྨིན་ཚེ་ཡི་མཆུ་ཏོས་སྲེག།
རྨི་ལམ་ལྗོངས་ནས་འཇའ་ཡི་ཁུ་ཁྲག་བཞུར།།
ཞེ་རྩ་ཁྱོན་ནས་འབྲེག་པ་ལག་དམར་ཞིག།

དོ་ནུབ་ས་གཞིའི་གྲིབ་མ་རིང་དུ་བྱེར།།
རྐང་བ་གྱོལ་བོའི་སྐས་ཀྱི་རིམ་པ་བཤིག།
མི་ཚེ་ཟེར་ལ་ལམ་ཐིག་ཁྲ་ཁྲ་བོ།།
སྐད་ཅིག་དུས་མཐའི་སྨོན་འདུན་འཁུར་རོགས་དེ།།
མི་ཁ་མི་འཆའ་མི་ལུགས་འཁྱལ་བོ་ཡིན།།

མཚན་སྨག་ཧྲིག་ཧྲིག་ལྡད་པའི་མི་ནག་མ།།
མཚན་སྨག་ཡོར་ཡོར་སྒུལ་བའི་མི་ནག་མ།།
རྨི་ལམ་ནང་གི་ཚངས་ཐིག་ཡིན་ནམ་ཅི།།
བདག་གི་ཁྱེད་ལ་རེག་ནས་སྙིང་ཆུང་སྔངས།།
གཟུགས་ཀྱི་ཕུང་བོ་དེ་ལ་ཁྱེད་རང་བཞུགས།།
         ༢༠༡༤•༡༢•༧


            མིག་ནང་གི་དེ་དག

ཁ་པར་ནང་གི་ལག་པ་སྔོ་ནག་དེ།།
འདར་འདར་མི་ངོ་བྱིལ་བྱིལ་བྱེད་ལུགས་ཀྱིས།།
མི་ཡི་ངོ་གདོང་ཚ་ཞིང་དམར་བོར་གྱུར།།
ལག་པ་ཞུ་ཞིང་མིག་ཆུ་འཐོར་ནས་ཐལ།།
སེམས་ཀྱི་ལྕགས་རྡོ་གས་ཤིང་ཆག་པ་ལས།།
རྨི་ལམ་སྟོད་ནས་ཉི་ཟླ་གཟའ་སྐར་འཁྲུག།
རྨི་ལམ་ནང་གི་མཚོ་མོ་མེ་ཆུ་ཞིག།
འུར་འུར་འབར་ཞིང་དགུང་གི་འཇའ་ཡང་ཚིག།
གཏམ་རྒྱུད་རུམ་པའི་ཤོག་སྐྱ་གོག་ནུར་བྱ།།

སྐད་འཕྲིན་ཟེར་ཡ་ཚེ་བླ་སྲོག་གསུམ་གཡར།།
ཚེ་ཡི་བལ་སྐུད་འཁེལ་མ་ཆད་ལ་འདྲ།།
སྲོག་གི་རྡོ་བ་འཁྲེགས་པོ་གས་ལ་ཉེ།།
ཆུ་ཡིས་ཞུ་ཞིང་དྲོད་ཀྱིས་སྐེམ་བཞིན་པ།།
ལང་ཚོ་ཟེར་ཡ་གཞོན་པའི་རང་མདོག་དེ།།
ཚོན་དང་ཚོས་ཀྱིས་བྱུགས་ནས་ཁྲ་ཁྲར་འཆར།།
བདག་གི་ལྗོངས་རྣམ་ཡག་མོ་ཡལ་ལ་ཉེ།།
དྲན་འཛིན་བློ་ཡི་སྒོ་མོ་བཙའ་ཡིས་ཟིན།།
དུས་ལ་བསྙལ་བ་འདི་ལ་ཅི་ཞིག་འབོད།།

ཐག་རིང་མགྲོན་པོ་ལྐོག་ནས་ཚུར་ལ་འོང་།།
ཉེ་བའི་མི་ནི་བྱང་དང་ཕྱོགས་སུ་བཞུད།།
རྒྱང་ཐག་ཉེ་རིང་བར་གྱི་གྲིབ་མ་དག།
ནང་གི་ཆོ་འཕྲུལ་དམར་བོའི་ངོས་སུ་སྦྱར།།
གཟུགས་བརྙན་འདྲ་མིན་ཡར་ལྡིང་མར་ལྡིང་བྱ།།
ཆོས་ཉིད་དང་ནི་འཚོ་བའི་ཧྲག་བར་མྱུལ།།
བདག་གི་བྲིས་མ་ཆུ་ཡིས་བརླན་ནས་འཁངས།།
བདག་གི་ཉིན་ཞག་རླུང་གིས་འཁུར་ནས་བོར།།
ང་ནི་རྒྱང་དུ་བཀྱེད་ལུགས་དེ་ཡང་འདྲ།།
            2014-12-12 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།