ལས་ཀྱི་རྒྱུད་སྐུད་ཆད་པའི་སྒྲ་དབྱངས།

འཇོ་མདའ་དྲང་འགྲོ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-11-23

མི་ལོ་དྲུག་ལ་སྒོམ་པའི་ཡི་དམ་དང་།།
བསྙེན་སྒྲུབ་མཆོད་པ་ཕུལ་བའི་ལས་ཀྱི་ལྷས།།
བར་བཀྱེད་དགྱེས་ཞལ་བྱིན་རླབས་མ་གནང་བས།།
ཨ་ཐང་ཆད་པའི་རྣམ་ཤེས་ངལ་ཞིང་དུབ།།

སྨྲ་ལྕེའི་འཕྲུལ་འཁོར་སུ་ལ་རང་འཁོར་རྒྱག།
གཏམ་གྱི་ལང་ཚོའི་འཇོ་སྒེག་སུ་ལ་ངོམས།།
ཡིད་ཀྱི་བརྩེ་འདང་རི་མོ་གང་དུ་བྲིས།།
ཚེ་རབས་གོང་མའི་ཐོད་ཡིག་སུ་ལ་དོོད།།

ལས་ཀྱི་རྒྱུད་སྐུད་ཆད་པའི་སྒྲ་དབྱངས་དང་།།
སྨྲེང་བའི་མཚོ་མོ་སྐྱོམ་པའི་རྦ་རླབས་ཀྱིས།།
ཕྱིར་དྲན་མེ་ལོང་གས་ཤིང་འཐོར་བར་བྱས།།
དམར་ཆུང་སྙིང་ལ་ལྕགས་ཀྱི་འཛེར་མ་བརྡབ།།

མི་སེམས་དྲན་གདུང་རེ་སྒུག་མཚོན་ཆས་གསོད།།
ལང་ཚོ་དུས་ཀྱི་འགྱུར་བས་ཡང་ཡང་རྨས།།
ཨེ་མ་མགོ་ནག་མི་ཡི་སྐྱིད་སྡུག་འདི།།
ཆུ་ཡི་གཉེར་མ་བཞིན་དུ་འདར་ལྕུག་ལྕུག།

ང་རས་རྟོག་པས་བཞེངས་པའི་མ་འོངས་པ།།
རྨི་ལམ་ལས་ཀྱང་འཁྲུལ་བ་ངོ་འཕྲོད་པས།།
བརྩེ་བའི་ནགས་ཚལ་ན་ཟུག་མེ་རུ་ཤོར།།
སྐྱོ་བའི་རླུང་གིས་དེ་ལ་གདོང་གྲོགས་མཛོད།།

བྲང་གཞུང་གཙང་ངོགས་འཁྱིལ་བའི་ཟླ་གཟུགས་ཀྱི།།
དྭངས་གསལ་བསིལ་འཇམ་འོད་ཟེར་འཕྲོ་ཚུལ་གྱིས།།
ཉམ་ཐག་སེམས་ཀྱི་ཕྱི་ནང་སྨུག་རླངས་འཕྱུར།།
འཆི་བ་ཉི་ནུབ་བཞིན་དུ་མཛེས་སྡུག་མཐོང་།།

ཀུན་བྱེད་དབང་ཆེན་ལས་ཀྱི་རི་མོ་དེས།།
ཉམ་ཆུང་མི་ལ་ཐུབ་ཚོད་བྱས་དྲགས་སོང་།།
ཨ་གསར་སྣང་བ་བྱིས་པའི་གཤིས་ཀ་དེ།།
སྐར་མདའ་བཞིན་དུ་འགྱུར་བ་སྐྱེན་དྲགས་སོང་།།

སྐྱོ་བའི་ཉི་མ་ང་ཡི་གཞིས་ཀ་ཚེས།།
གདུང་བའི་ཟླ་བས་སེམས་ཀྱི་མུན་པ་སྒུལ།།
སྐྱོ་གདུང་ཉི་ཟླ་ཁ་སྤྲོད་ད་ཐེངས་འཛོམས།།
ཀྱེ་མ་སྨྲེ་ངག་རིང་མོ་སུ་ལ་གྱེར།།

མི་སེམས་སྙི་མོ་བཟོད་དཀའི་འོབས་སུ་ལྷུང་།།
ལས་ཀྱི་ཆར་བས་དབུ་ལ་ཡང་ཡང་བྲབ།།
གྱེས་བྲལ་རླུང་གི་སྤུ་གྲི་རྣོན་པོ་ཡིས།།
དོན་ལྔ་སྣོད་དྲུག་ཚལ་པར་བརྒྱ་རུ་གཤགས།།

མ་བཞེངས་ལྷུན་གྲུབ་མཛའ་བརྩེའི་ཕོ་བྲང་ཡང་།།
ཆ་ཡོད་མི་ཡི་རྒྱུས་མེད་ཁ་རླངས་ཀྱིས།།
ཡ་ང་བག་ཚ་མེད་པར་གཞོམ་ཚུལ་འདིས།།
ཚོར་བའི་ཟབ་སར་ཆུ་འཁྱག་ཕོར་གང་བླུག།

ཡིད་ཀྱི་ན་བུན་སྙན་ངག་གཞུང་ལ་བཏབ།།
སྣང་བ་འཁྱག་པོ་གཞས་ཀྱི་གདངས་ལ་བསྲེས།།
རིང་ཐུང་དྲན་པ་མང་པོ་སྙིང་དུ་ཕབ།།
ལོ་དང་ཟླ་བའི་སྦྲེལ་མཚམས་སྐྱོ་བས་མཐུད།།
                  2019-11-17-ཉིན།

 

རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་ཀྱི་རྒྱུད་སྐུད་ཆད་པའི་སྒྲ་དབྱངས།

2019-11-23 འཇོ་མདའ་དྲང་འགྲོ ཀློག་གྲངས། མཆན ཡོད།

མི་ལོ་དྲུག་ལ་སྒོམ་པའི་ཡི་དམ་དང་།།
བསྙེན་སྒྲུབ་མཆོད་པ་ཕུལ་བའི་ལས་ཀྱི་ལྷས།།
བར་བཀྱེད་དགྱེས་ཞལ་བྱིན་རླབས་མ་གནང་བས།།
ཨ་ཐང་ཆད་པའི་རྣམ་ཤེས་ངལ་ཞིང་དུབ།།

སྨྲ་ལྕེའི་འཕྲུལ་འཁོར་སུ་ལ་རང་འཁོར་རྒྱག།
གཏམ་གྱི་ལང་ཚོའི་འཇོ་སྒེག་སུ་ལ་ངོམས།།
ཡིད་ཀྱི་བརྩེ་འདང་རི་མོ་གང་དུ་བྲིས།།
ཚེ་རབས་གོང་མའི་ཐོད་ཡིག་སུ་ལ་དོོད།།

ལས་ཀྱི་རྒྱུད་སྐུད་ཆད་པའི་སྒྲ་དབྱངས་དང་།།
སྨྲེང་བའི་མཚོ་མོ་སྐྱོམ་པའི་རྦ་རླབས་ཀྱིས།།
ཕྱིར་དྲན་མེ་ལོང་གས་ཤིང་འཐོར་བར་བྱས།།
དམར་ཆུང་སྙིང་ལ་ལྕགས་ཀྱི་འཛེར་མ་བརྡབ།།

མི་སེམས་དྲན་གདུང་རེ་སྒུག་མཚོན་ཆས་གསོད།།
ལང་ཚོ་དུས་ཀྱི་འགྱུར་བས་ཡང་ཡང་རྨས།།
ཨེ་མ་མགོ་ནག་མི་ཡི་སྐྱིད་སྡུག་འདི།།
ཆུ་ཡི་གཉེར་མ་བཞིན་དུ་འདར་ལྕུག་ལྕུག།

ང་རས་རྟོག་པས་བཞེངས་པའི་མ་འོངས་པ།།
རྨི་ལམ་ལས་ཀྱང་འཁྲུལ་བ་ངོ་འཕྲོད་པས།།
བརྩེ་བའི་ནགས་ཚལ་ན་ཟུག་མེ་རུ་ཤོར།།
སྐྱོ་བའི་རླུང་གིས་དེ་ལ་གདོང་གྲོགས་མཛོད།།

བྲང་གཞུང་གཙང་ངོགས་འཁྱིལ་བའི་ཟླ་གཟུགས་ཀྱི།།
དྭངས་གསལ་བསིལ་འཇམ་འོད་ཟེར་འཕྲོ་ཚུལ་གྱིས།།
ཉམ་ཐག་སེམས་ཀྱི་ཕྱི་ནང་སྨུག་རླངས་འཕྱུར།།
འཆི་བ་ཉི་ནུབ་བཞིན་དུ་མཛེས་སྡུག་མཐོང་།།

ཀུན་བྱེད་དབང་ཆེན་ལས་ཀྱི་རི་མོ་དེས།།
ཉམ་ཆུང་མི་ལ་ཐུབ་ཚོད་བྱས་དྲགས་སོང་།།
ཨ་གསར་སྣང་བ་བྱིས་པའི་གཤིས་ཀ་དེ།།
སྐར་མདའ་བཞིན་དུ་འགྱུར་བ་སྐྱེན་དྲགས་སོང་།།

སྐྱོ་བའི་ཉི་མ་ང་ཡི་གཞིས་ཀ་ཚེས།།
གདུང་བའི་ཟླ་བས་སེམས་ཀྱི་མུན་པ་སྒུལ།།
སྐྱོ་གདུང་ཉི་ཟླ་ཁ་སྤྲོད་ད་ཐེངས་འཛོམས།།
ཀྱེ་མ་སྨྲེ་ངག་རིང་མོ་སུ་ལ་གྱེར།།

མི་སེམས་སྙི་མོ་བཟོད་དཀའི་འོབས་སུ་ལྷུང་།།
ལས་ཀྱི་ཆར་བས་དབུ་ལ་ཡང་ཡང་བྲབ།།
གྱེས་བྲལ་རླུང་གི་སྤུ་གྲི་རྣོན་པོ་ཡིས།།
དོན་ལྔ་སྣོད་དྲུག་ཚལ་པར་བརྒྱ་རུ་གཤགས།།

མ་བཞེངས་ལྷུན་གྲུབ་མཛའ་བརྩེའི་ཕོ་བྲང་ཡང་།།
ཆ་ཡོད་མི་ཡི་རྒྱུས་མེད་ཁ་རླངས་ཀྱིས།།
ཡ་ང་བག་ཚ་མེད་པར་གཞོམ་ཚུལ་འདིས།།
ཚོར་བའི་ཟབ་སར་ཆུ་འཁྱག་ཕོར་གང་བླུག།

ཡིད་ཀྱི་ན་བུན་སྙན་ངག་གཞུང་ལ་བཏབ།།
སྣང་བ་འཁྱག་པོ་གཞས་ཀྱི་གདངས་ལ་བསྲེས།།
རིང་ཐུང་དྲན་པ་མང་པོ་སྙིང་དུ་ཕབ།།
ལོ་དང་ཟླ་བའི་སྦྲེལ་མཚམས་སྐྱོ་བས་མཐུད།།
                  2019-11-17-ཉིན།

 

རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།