མཚེའུ་འགྲམ་གྱི་ཞོགས་པ།(ཞར་བཀོད་དྲུག་ཡོད)

ཐོས་པ་དགའ།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-05-18
  དངོས་མིང་ལ་ཐོས་པ་དགའ་ཟེར། རྩོམ་རེ་འབྲི་སྐབས་མུན་པ་རང་གྲོལ་ཡང་ཟེར་མྱོང་། བརྩམས་ཆོས་ལ《ཨ་ཕོའི་ཕྱིར་མིག》《སྟོན་མཇུག་གི་ཁྲུང་ཁྲུང་།》《ནོར་བུ་རྙེད་ཚུལ།》བཅས་དཔར་བསྐྲུན་བྱས་ཡོད། ད་ལྟ་ཟོག་རྫི་བྱེད་ཞོར་དུ་དཔེ་ཆ་ཀློག་གིན་ཡོད།

ལྷོ་ཡི་རི་རྒྱལ་སྤྲིན་དཀར་ལ་ཐོད་ཅན།།
དེ་ཡི་འདབས་ན་ཤྭ་ཁྱུ་རྒོ་ཁྱུ་གནས།།
ཀི་རེ་བཏབ་ན་ཆ་རེ་འདབས་ནས་འདྲོགས།།
སྦྲ་མགོའི་དུ་བ་ལུང་གཞུང་བརྒྱུད་ནས་རྒྱུ།།
དྲི་བཞོན་བུ་མོས་བསུས་ནས་མཁའ་ལ་ཁྱེར།།
ཅོ་ཐོགས་སྨན་ཤར་བུ་མོ་མཚོ་ཁར་སླེབས།།
གསོམ་དཀར་ཟོ་བ་ཆུ་ཡིས་ལྟེམས་སེ་ལྟེམས།།
ཤར་གྱི་རི་བོས་ཉི་མའི་ཅོད་པན་བསྣམས།།
མཚམས་སྤྲིན་དམར་པོ་བསང་མེ་མཆེད་པ་འདྲ།།
དེ་ཡི་མདུན་གྱི་མཚོ་མོ་རླངས་པ་ཅན།།
གཡུ་ཡི་མེ་ལོང་ཕྱིས་འདྲའི་མདངས་འཛིན་མ།།
ཁྲུང་ཁྲུང་ཁྱུ་གཅིག་དེ་ཡི་འགྲམ་ན་གནས།།
སོས་དལ་ངང་དུ་ཡར་འགྲོ་མར་འགྲོ་བྱེད།།
ཁ་བ་དཀར་པོ་པད་མ་མཁའ་འབབ་མ།།
ཆུ་ལེན་བུ་མོའི་སྐྲ་ཡི་བརྒྱན་དུ་གྱུར།།
ཉི་འོད་ཟ་ཟི་དེ་ཡི་སྟེང་ནས་འཕྲོས།།
འཛུམ་པའི་ཟོལ་གྱིས་ཚུར་ལ་འཁོར་བ་ན།།
མཁུར་བ་དུང་ཁྲི་དཀར་པོའི་ཡང་སྟེང་གི།
མིག་ཟུང་སྒོར་ཡག་ཆ་དེ་ལྷག་ཏུ་མཛེས།།
ཚིག་གསུམ་ཞུས་པའི་ལན་དུ་འདི་ལྟ་སྟེ།།
ལོ་སྒུག་ཟླ་སྒུག་བྱེད་ས་ཁྱོད་ཡིན་ཞིང་།།
སྐེ་རགས་ནང་བཅིང་གྲོལ་ས་ཁྱོད་ཡིན་པས།།
དངུལ་དཀར་མཛུབ་དཀྲིས་སྟེར་ས་ཁྱོད་ལོས་ཡིན།།
མགོ་བོ་ཐུར་ལ་སྨད་ཞོར་དེ་ལྟར་བཤད།།
མགོ་ནག་མི་ཡིས་གོ་ན་ལྟ་ཅི་སྨོས།།
གམ་གྱི་བྱ་ཁྱུས་གོ་རུང་སྨོན་པའི་གཞི།།
ཕོ་སྙིང་མོ་ལ་ཟུག་ན་འབལ་ཐབས་མེད།།
ཚེ་འདི་འདི་ཡིས་འདས་ཀྱང་འགྱོད་པ་ཅི།།
          ༢༠༢༠/༡༡/༢༢
འདབ་མ་བཅུ་གཉིས།

སྒྱུ་མའི་མེ་ཏོག་འདབ་ལོ་སྨིན་མ་རྙིད།།
མཚོ་ལྷུང་ཟླ་བ་སྐར་མ་ཡ་མ་གཟུགས།།
མི་རྟག་སྤྲིན་པ་མཁའ་ནས་ཡལ་མ་གཡོལ།།
ཆར་རྗེས་འཇའ་ཚོན་བདའ་ན་ཟིན་མ་ཤོར།།
ཟིལ་བའི་ཕྲ་རྒྱན་བལྟས་ན་སྒེག་མ་མཆོར།།
དེ་ལ་རེག་འདོད་བྱེད་པ་སྨྱོ་མ་དྭངས།།
ཁྱོད་ཀྱི་བཞིན་རས་ནམ་རྒྱུན་དཀར་མ་ནག།
ནངས་དྲོ་རྒོངས་འཁྱག་འཚོ་བ་སྐྱིད་མ་སྡུག།
སྤང་ལྗོངས་མེ་ཏོག་ལོ་ཟླ་སེར་མ་ལྗང་།།
ཕ་ཡུལ་ལམ་ཕྲན་རྡོག་མགོར་ཡང་མ་ལྕི།།
ལན་མང་བཟི་བའི་ང་ནི་གཉིད་མ་སད།།
བསམ་ཞིང་བསམ་ན་ངོ་མ་ཤི་མ་གསོན།།
             ༢༠༢༠/༡༢/༡༧
ཕྲ་གཅིག་མཛུབ་དཀྲིའི་དོད།

རི་མཐོན་པོ་ཁ་བའི་པང་ཁེབས་ཅན།།
སྤྱང་དར་མ་འཁོར་སའི་གནས་ཤིག་རེད།།
ལུག་ཚེར་མོ་མ་གཏོགས་གཞན་མི་ཟ།།
མགོ་རྭ་ཅོ་མ་གཏོགས་མི་བསྐྱུར་གི།
འབའ་ཚེར་མོ་བལ་ཁ་འཇིལ་ལི་ཅན།།
ས་དམའ་མོའི་གཞོངས་ནས་གན་ལ་སྐྲག།
སྐྲག་མི་དགོས་དལ་མོས་རྩྭ་ཞིག་ཟོ།།
དགྲ་ཡོད་ཕྱོགས་ས་ནས་ང་ཅིག་འདུག།

སྡེ་ཆེན་པོ་མེ་ཏོག་འདབ་བརྒྱད་ཅིག།
གཏམ་སྣ་ཚོགས་བཤད་སའི་གཞི་ཞིག་རེད།།
ངན་མྱི་ཁ་མ་གཏོགས་གཞན་མི་བཤད།།
སྐྱོན་ཁབ་རྩེ་ཙམ་ཞིག་མི་བསྐྱུར་གི།
སྨན་བུ་མོ་གཤིས་ཀ་འཇམ་པོ་ཅན།།
དྲིན་ཕ་མའི་ཟུར་ནས་གན་ལ་སྐྲག།
སྐྲག་མི་དགོས་མཐུན་པའི་ཚིག་ཅིག་ཤོད།།
ངན་ཡོད་ཕྱོགས་ས་ནས་ང་ཅིག་འདུག།
             ༢༠༢༡/༡/༣
         གསེར་ལུང་ཁ་སྒང་།

ཁ་བའི་འདབ་ལོ་རླུང་བཞོན་མ།།
ཡང་མོའི་ཟོར་གྱིས་ཡར་མར་འཁྱུག།
ལྷོ་བཞུད་སྤྲིན་པ་ཚེར་མོའི་བལ།།
འཇིལ་ལི་ཤིགས་སེ་འཕྱུར་བ་ཡག།
རྒྱང་རིང་རི་བོའི་རྩེ་མོ་ཕྲ།།
སྲོད་ཀྱི་ཉི་འོད་དྲོ་ཞིང་སེར།།
མེ་ཏོག་སྔ་ལམ་བཞད་སའི་ཉིན།།
གསེར་གྱི་གཞོང་བ་ཁ་སྤྲོད་འདྲ།།
སེམས་པ་གླན་སའི་ལྗང་ལོ་ནེམ།།
སྣང་བ་ཐོགས་སའི་ཤིང་ལོ་ལྡེམ།།
ཟླ་བ་འཛིན་སའི་མཚོ་མོ་དྭངས།།
ཁྱེད་ཉིད་མེད་པ་མ་གཏོགས་པས།།
གོམ་པ་མཉམ་ལེན་བྱེད་སའི་རིར།།
མཛེས་པའི་བྱིན་རླབས་རབ་ཏུ་འབར།།
             ༢༠༢༡/༢/༢༥
ཚིག་གཉིས་མདུད་མ།

རྫ་ཁྲ་ཡག་སྨུག་པའི་ཁྲོད་ནས།།
འབྲོང་བྲེ་མས་གཤར་ལམ་མ་ནོར།།
འབྲོང་འུ་གཉིས་གཤར་ལམ་འཕྲང་ཡིན།།
འཕྲང་དོག་མོའི་ལྷུང་ན་གཞན་དགའ།།
རྫ་རོག་རོག་ནང་ནས་ང་སྐྱོ།།
ངས་སྐྱོ་བའི་སྐྱོ་བ་རྡོར་བཤད།།
རྡོ་གྲམ་པ་ཡིན་རུང་གས་འགྲོ།།

གླིང་ཚོ་དྲུག་སྡེ་ཆེན་གྲོང་ནས།།
མ་ཁྱེད་སོའི་སེམས་པ་མ་འགྱུར།།
རོགས་འུ་གཉིས་མྱི་ཁའི་བར་ཡིན།།
འདང་ཨ་ལོང་ཆད་ན་གཞན་དགའ།།
ལམ་སྐྱ་མོའི་མདོ་ནས་ང་སྐྱོ།།
ངས་སྐྱོ་བའི་སྐྱོ་བ་རྟར་བཤད།།
རྟ་འདོ་བ་ཡིན་རུང་སེམས་སྐྱོ།།
      ༢༠༢༡/༣/༡༡
སྙིང་གི་གས་ཀ

སྟོད་ལ་སྟོད་ཀྱི་རྫ་རྒན་སྤེན་མ་ཅན།།
དེའི་ལ་ནང་གི་རྒོ་མ་རྒེའུ་བྲན་ཚོ།།
འདྲོགས་ལ་དགོས་པའི་རྡོ་ཞིག་མ་བརྒྱབ་རུང་།།
ང་ལ་ས་ཡི་རྩྭ་ཆུ་མི་འཐུང་གི།
ངའི་ལ་ཡ་ཆུང་སེམས་སུ་སྨུག་ཅིག་འཐིབས།།
སྨུག་ལ་དྭངས་པའི་ཉི་མ་ཡོད་དམ་ཅི།།

སྨད་ལ་སྨད་ཀྱི་སྡེ་ཆེན་མྱི་ཁ་ཅན།།
དེའི་ལ་ནང་གི་ཆུང་འདྲིས་རྩེད་རོགས་མ།།
འགལ་ལ་དགོས་པའི་དོན་ཞིག་མ་བསྒྲུབས་རུང་།།
ང་ལ་ས་ཡི་ཚིག་ལ་མི་ཉན་གི།
ངའི་ལ་ཞེ་སྨྲེང་ཁ་ར་ཁངས་ཀྱིས་བཟུང་།།
ཁངས་ལ་བཞུ་བའི་ཉི་མ་ཡོད་དམ་ཅི།།
        ༢༠༢༡/༤/༣
ཟླ་བ་ཕྱེད་ཀ་མ།

ནམ་མཁའ་སྔོན་པོ་གཡུ་ཡི་མེ་ལོང་འདྲ།།
ཉི་ཤུའི་ཟླ་བ་དངུལ་སྒོར་ཟད་པོ་ཞིག།
ག་ལེ་ག་ལེར་ནུབ་ལ་བཞུད་པར་བལྟས།།
སྒྱུ་མའི་གཟུགས་འཛིན་མཚོ་མའི་རླབས་རིས་སྟེང།།
ཞེན་ཆགས་དྲན་པའི་གྲུ་ཆུང་ཡོམ་ཡོམ་ཞིག།
ག་ལེ་ག་ལེར་མདུན་ལ་བསྐྱོད་པར་སུན།།

ལོ་དང་ཟླ་བ་འཁྱག་ཀྱང་དྲོ་རུང་འདས།།
རྒས་པའི་ངོ་གདོང་ལོ་མ་སྐམ་པོ་ཞིག།
ག་ལེ་ག་ལེར་གས་པའི་མདངས་ལ་བལྟས།།
ཟིལ་བའི་མགུལ་རྒྱན་བུ་མོའི་ལང་ཚོ་འདྲ།།
ཆུང་འདྲིས་བྱམས་པའི་ཁ་ཚིག་དམ་པོ་ཞིག།
ག་ལེ་ག་ལེར་ཞིག་པའི་ཚུལ་དེར་སྐྱོ།།
        ༢༠༢༡/༤/༥
རྩོམ་སྒྲིག་པ། དབང་མོ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མཚེའུ་འགྲམ་གྱི་ཞོགས་པ།(ཞར་བཀོད་དྲུག་ཡོད)

2021-05-18 ཐོས་པ་དགའ།(རྨ་ཆུ) ཀློག་གྲངས། མཆན ཡོད།
  དངོས་མིང་ལ་ཐོས་པ་དགའ་ཟེར། རྩོམ་རེ་འབྲི་སྐབས་མུན་པ་རང་གྲོལ་ཡང་ཟེར་མྱོང་། བརྩམས་ཆོས་ལ《ཨ་ཕོའི་ཕྱིར་མིག》《སྟོན་མཇུག་གི་ཁྲུང་ཁྲུང་།》《ནོར་བུ་རྙེད་ཚུལ།》བཅས་དཔར་བསྐྲུན་བྱས་ཡོད། ད་ལྟ་ཟོག་རྫི་བྱེད་ཞོར་དུ་དཔེ་ཆ་ཀློག་གིན་ཡོད།

ལྷོ་ཡི་རི་རྒྱལ་སྤྲིན་དཀར་ལ་ཐོད་ཅན།།
དེ་ཡི་འདབས་ན་ཤྭ་ཁྱུ་རྒོ་ཁྱུ་གནས།།
ཀི་རེ་བཏབ་ན་ཆ་རེ་འདབས་ནས་འདྲོགས།།
སྦྲ་མགོའི་དུ་བ་ལུང་གཞུང་བརྒྱུད་ནས་རྒྱུ།།
དྲི་བཞོན་བུ་མོས་བསུས་ནས་མཁའ་ལ་ཁྱེར།།
ཅོ་ཐོགས་སྨན་ཤར་བུ་མོ་མཚོ་ཁར་སླེབས།།
གསོམ་དཀར་ཟོ་བ་ཆུ་ཡིས་ལྟེམས་སེ་ལྟེམས།།
ཤར་གྱི་རི་བོས་ཉི་མའི་ཅོད་པན་བསྣམས།།
མཚམས་སྤྲིན་དམར་པོ་བསང་མེ་མཆེད་པ་འདྲ།།
དེ་ཡི་མདུན་གྱི་མཚོ་མོ་རླངས་པ་ཅན།།
གཡུ་ཡི་མེ་ལོང་ཕྱིས་འདྲའི་མདངས་འཛིན་མ།།
ཁྲུང་ཁྲུང་ཁྱུ་གཅིག་དེ་ཡི་འགྲམ་ན་གནས།།
སོས་དལ་ངང་དུ་ཡར་འགྲོ་མར་འགྲོ་བྱེད།།
ཁ་བ་དཀར་པོ་པད་མ་མཁའ་འབབ་མ།།
ཆུ་ལེན་བུ་མོའི་སྐྲ་ཡི་བརྒྱན་དུ་གྱུར།།
ཉི་འོད་ཟ་ཟི་དེ་ཡི་སྟེང་ནས་འཕྲོས།།
འཛུམ་པའི་ཟོལ་གྱིས་ཚུར་ལ་འཁོར་བ་ན།།
མཁུར་བ་དུང་ཁྲི་དཀར་པོའི་ཡང་སྟེང་གི།
མིག་ཟུང་སྒོར་ཡག་ཆ་དེ་ལྷག་ཏུ་མཛེས།།
ཚིག་གསུམ་ཞུས་པའི་ལན་དུ་འདི་ལྟ་སྟེ།།
ལོ་སྒུག་ཟླ་སྒུག་བྱེད་ས་ཁྱོད་ཡིན་ཞིང་།།
སྐེ་རགས་ནང་བཅིང་གྲོལ་ས་ཁྱོད་ཡིན་པས།།
དངུལ་དཀར་མཛུབ་དཀྲིས་སྟེར་ས་ཁྱོད་ལོས་ཡིན།།
མགོ་བོ་ཐུར་ལ་སྨད་ཞོར་དེ་ལྟར་བཤད།།
མགོ་ནག་མི་ཡིས་གོ་ན་ལྟ་ཅི་སྨོས།།
གམ་གྱི་བྱ་ཁྱུས་གོ་རུང་སྨོན་པའི་གཞི།།
ཕོ་སྙིང་མོ་ལ་ཟུག་ན་འབལ་ཐབས་མེད།།
ཚེ་འདི་འདི་ཡིས་འདས་ཀྱང་འགྱོད་པ་ཅི།།
          ༢༠༢༠/༡༡/༢༢
འདབ་མ་བཅུ་གཉིས།

སྒྱུ་མའི་མེ་ཏོག་འདབ་ལོ་སྨིན་མ་རྙིད།།
མཚོ་ལྷུང་ཟླ་བ་སྐར་མ་ཡ་མ་གཟུགས།།
མི་རྟག་སྤྲིན་པ་མཁའ་ནས་ཡལ་མ་གཡོལ།།
ཆར་རྗེས་འཇའ་ཚོན་བདའ་ན་ཟིན་མ་ཤོར།།
ཟིལ་བའི་ཕྲ་རྒྱན་བལྟས་ན་སྒེག་མ་མཆོར།།
དེ་ལ་རེག་འདོད་བྱེད་པ་སྨྱོ་མ་དྭངས།།
ཁྱོད་ཀྱི་བཞིན་རས་ནམ་རྒྱུན་དཀར་མ་ནག།
ནངས་དྲོ་རྒོངས་འཁྱག་འཚོ་བ་སྐྱིད་མ་སྡུག།
སྤང་ལྗོངས་མེ་ཏོག་ལོ་ཟླ་སེར་མ་ལྗང་།།
ཕ་ཡུལ་ལམ་ཕྲན་རྡོག་མགོར་ཡང་མ་ལྕི།།
ལན་མང་བཟི་བའི་ང་ནི་གཉིད་མ་སད།།
བསམ་ཞིང་བསམ་ན་ངོ་མ་ཤི་མ་གསོན།།
             ༢༠༢༠/༡༢/༡༧
ཕྲ་གཅིག་མཛུབ་དཀྲིའི་དོད།

རི་མཐོན་པོ་ཁ་བའི་པང་ཁེབས་ཅན།།
སྤྱང་དར་མ་འཁོར་སའི་གནས་ཤིག་རེད།།
ལུག་ཚེར་མོ་མ་གཏོགས་གཞན་མི་ཟ།།
མགོ་རྭ་ཅོ་མ་གཏོགས་མི་བསྐྱུར་གི།
འབའ་ཚེར་མོ་བལ་ཁ་འཇིལ་ལི་ཅན།།
ས་དམའ་མོའི་གཞོངས་ནས་གན་ལ་སྐྲག།
སྐྲག་མི་དགོས་དལ་མོས་རྩྭ་ཞིག་ཟོ།།
དགྲ་ཡོད་ཕྱོགས་ས་ནས་ང་ཅིག་འདུག།

སྡེ་ཆེན་པོ་མེ་ཏོག་འདབ་བརྒྱད་ཅིག།
གཏམ་སྣ་ཚོགས་བཤད་སའི་གཞི་ཞིག་རེད།།
ངན་མྱི་ཁ་མ་གཏོགས་གཞན་མི་བཤད།།
སྐྱོན་ཁབ་རྩེ་ཙམ་ཞིག་མི་བསྐྱུར་གི།
སྨན་བུ་མོ་གཤིས་ཀ་འཇམ་པོ་ཅན།།
དྲིན་ཕ་མའི་ཟུར་ནས་གན་ལ་སྐྲག།
སྐྲག་མི་དགོས་མཐུན་པའི་ཚིག་ཅིག་ཤོད།།
ངན་ཡོད་ཕྱོགས་ས་ནས་ང་ཅིག་འདུག།
             ༢༠༢༡/༡/༣
         གསེར་ལུང་ཁ་སྒང་།

ཁ་བའི་འདབ་ལོ་རླུང་བཞོན་མ།།
ཡང་མོའི་ཟོར་གྱིས་ཡར་མར་འཁྱུག།
ལྷོ་བཞུད་སྤྲིན་པ་ཚེར་མོའི་བལ།།
འཇིལ་ལི་ཤིགས་སེ་འཕྱུར་བ་ཡག།
རྒྱང་རིང་རི་བོའི་རྩེ་མོ་ཕྲ།།
སྲོད་ཀྱི་ཉི་འོད་དྲོ་ཞིང་སེར།།
མེ་ཏོག་སྔ་ལམ་བཞད་སའི་ཉིན།།
གསེར་གྱི་གཞོང་བ་ཁ་སྤྲོད་འདྲ།།
སེམས་པ་གླན་སའི་ལྗང་ལོ་ནེམ།།
སྣང་བ་ཐོགས་སའི་ཤིང་ལོ་ལྡེམ།།
ཟླ་བ་འཛིན་སའི་མཚོ་མོ་དྭངས།།
ཁྱེད་ཉིད་མེད་པ་མ་གཏོགས་པས།།
གོམ་པ་མཉམ་ལེན་བྱེད་སའི་རིར།།
མཛེས་པའི་བྱིན་རླབས་རབ་ཏུ་འབར།།
             ༢༠༢༡/༢/༢༥
ཚིག་གཉིས་མདུད་མ།

རྫ་ཁྲ་ཡག་སྨུག་པའི་ཁྲོད་ནས།།
འབྲོང་བྲེ་མས་གཤར་ལམ་མ་ནོར།།
འབྲོང་འུ་གཉིས་གཤར་ལམ་འཕྲང་ཡིན།།
འཕྲང་དོག་མོའི་ལྷུང་ན་གཞན་དགའ།།
རྫ་རོག་རོག་ནང་ནས་ང་སྐྱོ།།
ངས་སྐྱོ་བའི་སྐྱོ་བ་རྡོར་བཤད།།
རྡོ་གྲམ་པ་ཡིན་རུང་གས་འགྲོ།།

གླིང་ཚོ་དྲུག་སྡེ་ཆེན་གྲོང་ནས།།
མ་ཁྱེད་སོའི་སེམས་པ་མ་འགྱུར།།
རོགས་འུ་གཉིས་མྱི་ཁའི་བར་ཡིན།།
འདང་ཨ་ལོང་ཆད་ན་གཞན་དགའ།།
ལམ་སྐྱ་མོའི་མདོ་ནས་ང་སྐྱོ།།
ངས་སྐྱོ་བའི་སྐྱོ་བ་རྟར་བཤད།།
རྟ་འདོ་བ་ཡིན་རུང་སེམས་སྐྱོ།།
      ༢༠༢༡/༣/༡༡
སྙིང་གི་གས་ཀ

སྟོད་ལ་སྟོད་ཀྱི་རྫ་རྒན་སྤེན་མ་ཅན།།
དེའི་ལ་ནང་གི་རྒོ་མ་རྒེའུ་བྲན་ཚོ།།
འདྲོགས་ལ་དགོས་པའི་རྡོ་ཞིག་མ་བརྒྱབ་རུང་།།
ང་ལ་ས་ཡི་རྩྭ་ཆུ་མི་འཐུང་གི།
ངའི་ལ་ཡ་ཆུང་སེམས་སུ་སྨུག་ཅིག་འཐིབས།།
སྨུག་ལ་དྭངས་པའི་ཉི་མ་ཡོད་དམ་ཅི།།

སྨད་ལ་སྨད་ཀྱི་སྡེ་ཆེན་མྱི་ཁ་ཅན།།
དེའི་ལ་ནང་གི་ཆུང་འདྲིས་རྩེད་རོགས་མ།།
འགལ་ལ་དགོས་པའི་དོན་ཞིག་མ་བསྒྲུབས་རུང་།།
ང་ལ་ས་ཡི་ཚིག་ལ་མི་ཉན་གི།
ངའི་ལ་ཞེ་སྨྲེང་ཁ་ར་ཁངས་ཀྱིས་བཟུང་།།
ཁངས་ལ་བཞུ་བའི་ཉི་མ་ཡོད་དམ་ཅི།།
        ༢༠༢༡/༤/༣
ཟླ་བ་ཕྱེད་ཀ་མ།

ནམ་མཁའ་སྔོན་པོ་གཡུ་ཡི་མེ་ལོང་འདྲ།།
ཉི་ཤུའི་ཟླ་བ་དངུལ་སྒོར་ཟད་པོ་ཞིག།
ག་ལེ་ག་ལེར་ནུབ་ལ་བཞུད་པར་བལྟས།།
སྒྱུ་མའི་གཟུགས་འཛིན་མཚོ་མའི་རླབས་རིས་སྟེང།།
ཞེན་ཆགས་དྲན་པའི་གྲུ་ཆུང་ཡོམ་ཡོམ་ཞིག།
ག་ལེ་ག་ལེར་མདུན་ལ་བསྐྱོད་པར་སུན།།

ལོ་དང་ཟླ་བ་འཁྱག་ཀྱང་དྲོ་རུང་འདས།།
རྒས་པའི་ངོ་གདོང་ལོ་མ་སྐམ་པོ་ཞིག།
ག་ལེ་ག་ལེར་གས་པའི་མདངས་ལ་བལྟས།།
ཟིལ་བའི་མགུལ་རྒྱན་བུ་མོའི་ལང་ཚོ་འདྲ།།
ཆུང་འདྲིས་བྱམས་པའི་ཁ་ཚིག་དམ་པོ་ཞིག།
ག་ལེ་ག་ལེར་ཞིག་པའི་ཚུལ་དེར་སྐྱོ།།
        ༢༠༢༡/༤/༥
རྩོམ་སྒྲིག་པ། དབང་མོ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།