སེམས་ཟུར་གྱི་ཆོན་ཐག

དབྱུག་སྲས།(གཞིས་ཀ་རྩེ) 琼迈文学网 2022-08-21
དབྱར་ཟླའི་ལྗོན་ཤིང་ལ་ཞེན་ཆགས་མ་གནང་། །
དགུན་གཞུང་ཁ་བ་དེ་གཤིབ་ཡུན་རིང་བས། །
ཨ་ཀྱོག་པ་ཀྱོག་གི་མི་ཚེའི་འགྲུལ་བཞུད། །
དུས་བཞིར་མཉམ་ཆས་ཀྱི་གཏན་གྲོགས་ང་ཡིན། །

རྨ་བྱའི་སྒྲོ་ཐིག་ལ་ཞེན་ཆགས་མ་གནང་། །
སྐྱེས་སའི་དུག་རྫས་ལ་ཡིད་ཆེས་མཛོད་དང་། །
གེ་སར་མེ་ཏོག་གི་ཟིལ་མངར་ཞིམ་པོར། །
རྐང་དྲུག་གཞོན་ནུ་ཡིས་ཚབ་མཚོན་ང་ཡིན། །

རྒོད་པོའི་གཤོག་འགྱུར་ལ་ཞེན་ཆགས་མ་གནང་། །
མི་རུས་ཟས་བསྟེན་ལ་ཡིད་ཆེས་མཛོད་དང་། །
བཅོས་མེད་ཕུག་རོན་གྱི་རང་གཤིས་བདེན་པོ། །
ཞལ་སྦྱོར་མཉམ་བསྲེས་ཀྱི་ཟླ་གྲོགས་ང་ཡིན། །

གླང་མཚོ་མགོ་ནག་ལ་ཞེན་ཆགས་མ་གནང་། །
ངམ་རིང་སྐྱེམས་མཚོ་ལ་ཡིད་ཆེས་མཛོད་དང་། །
གཡུ་མཚོའི་རྦ་རླབས་ཀྱི་ཟེགས་མ་དཀར་པོ། །
མཉམ་དུ་འཐུང་རོགས་ཀྱི་གཞོན་ནུ་ང་ཡིན། །

ཀོང་པོའི་ནེ་ཙོ་ལ་ཞེན་ཆགས་མ་གནང་། །
མཚོ་བྱ་ངང་སེར་ལ་ཡིད་ཆེས་མཛོད་དང་། །
འདམ་ཁུ་མཉམ་འཐུང་གི་འགྱུར་མེད་ཟླ་བོ། །
རྟག་ཏུ་རྣམ་པར་གྱི་རྩེན་རོགས་ང་ཡིན། །

ཁྲེལ་མེད་ཉེས་སྤྱོད་ལ་ཞེན་ཆགས་མ་གནང་། །
དམ་ཆོས་ཕྱག་བསྐོར་ལ་ཡིད་ཆེས་མཛོད་དང་། །
ཕོ་བྲང་མདུན་ཐད་ནས་འགྲོ་མཁན་ཁྱེད་རེད། །
གཡུ་ཐོག་ཟམ་ཆེན་ནས་ལྟ་མཁན་ང་ཡིན། །

ཁྲལ་ཆོས་ཐུང་ངུ་ལ་ཞེན་ཆགས་མ་གནང་། །
ཕུགས་ཀྱི་ཁེ་ཕན་ལ་ཡིད་ཆེས་མཛོད་དང་། །
ལུགས་མཐུན་ཆོ་ག་དེ་ཉམས་སུ་བསྟར་ན། །
ཕན་ཚུན་བརྩེ་འདང་གི་དམ་བཅའ་མི་འཇིག །

ཁྲ་ཆིལ་མེ་ཏོག་ལ་ཞེན་ཆགས་མ་གནང་། །
འགྱུར་མེད་ལྷ་ཤུག་ལ་ཡིད་ཆེས་མཛོད་དང་། །
ཐལ་འཚུབ་ཆར་རླུང་གི་འགག་འཕྲང་ཟུར་ན། །
སྒུག་སྟེ་སྡོད་མཁན་ནི་ང་རང་ལོས་ཡིན། །
           ༢༠༢༢/༦/༢༣

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སེམས་ཟུར་གྱི་ཆོན་ཐག

2022-08-21 དབྱུག་སྲས།(གཞིས་ཀ་རྩེ) ཀློག་གྲངས། མཆན ཡོད།
དབྱར་ཟླའི་ལྗོན་ཤིང་ལ་ཞེན་ཆགས་མ་གནང་། །
དགུན་གཞུང་ཁ་བ་དེ་གཤིབ་ཡུན་རིང་བས། །
ཨ་ཀྱོག་པ་ཀྱོག་གི་མི་ཚེའི་འགྲུལ་བཞུད། །
དུས་བཞིར་མཉམ་ཆས་ཀྱི་གཏན་གྲོགས་ང་ཡིན། །

རྨ་བྱའི་སྒྲོ་ཐིག་ལ་ཞེན་ཆགས་མ་གནང་། །
སྐྱེས་སའི་དུག་རྫས་ལ་ཡིད་ཆེས་མཛོད་དང་། །
གེ་སར་མེ་ཏོག་གི་ཟིལ་མངར་ཞིམ་པོར། །
རྐང་དྲུག་གཞོན་ནུ་ཡིས་ཚབ་མཚོན་ང་ཡིན། །

རྒོད་པོའི་གཤོག་འགྱུར་ལ་ཞེན་ཆགས་མ་གནང་། །
མི་རུས་ཟས་བསྟེན་ལ་ཡིད་ཆེས་མཛོད་དང་། །
བཅོས་མེད་ཕུག་རོན་གྱི་རང་གཤིས་བདེན་པོ། །
ཞལ་སྦྱོར་མཉམ་བསྲེས་ཀྱི་ཟླ་གྲོགས་ང་ཡིན། །

གླང་མཚོ་མགོ་ནག་ལ་ཞེན་ཆགས་མ་གནང་། །
ངམ་རིང་སྐྱེམས་མཚོ་ལ་ཡིད་ཆེས་མཛོད་དང་། །
གཡུ་མཚོའི་རྦ་རླབས་ཀྱི་ཟེགས་མ་དཀར་པོ། །
མཉམ་དུ་འཐུང་རོགས་ཀྱི་གཞོན་ནུ་ང་ཡིན། །

ཀོང་པོའི་ནེ་ཙོ་ལ་ཞེན་ཆགས་མ་གནང་། །
མཚོ་བྱ་ངང་སེར་ལ་ཡིད་ཆེས་མཛོད་དང་། །
འདམ་ཁུ་མཉམ་འཐུང་གི་འགྱུར་མེད་ཟླ་བོ། །
རྟག་ཏུ་རྣམ་པར་གྱི་རྩེན་རོགས་ང་ཡིན། །

ཁྲེལ་མེད་ཉེས་སྤྱོད་ལ་ཞེན་ཆགས་མ་གནང་། །
དམ་ཆོས་ཕྱག་བསྐོར་ལ་ཡིད་ཆེས་མཛོད་དང་། །
ཕོ་བྲང་མདུན་ཐད་ནས་འགྲོ་མཁན་ཁྱེད་རེད། །
གཡུ་ཐོག་ཟམ་ཆེན་ནས་ལྟ་མཁན་ང་ཡིན། །

ཁྲལ་ཆོས་ཐུང་ངུ་ལ་ཞེན་ཆགས་མ་གནང་། །
ཕུགས་ཀྱི་ཁེ་ཕན་ལ་ཡིད་ཆེས་མཛོད་དང་། །
ལུགས་མཐུན་ཆོ་ག་དེ་ཉམས་སུ་བསྟར་ན། །
ཕན་ཚུན་བརྩེ་འདང་གི་དམ་བཅའ་མི་འཇིག །

ཁྲ་ཆིལ་མེ་ཏོག་ལ་ཞེན་ཆགས་མ་གནང་། །
འགྱུར་མེད་ལྷ་ཤུག་ལ་ཡིད་ཆེས་མཛོད་དང་། །
ཐལ་འཚུབ་ཆར་རླུང་གི་འགག་འཕྲང་ཟུར་ན། །
སྒུག་སྟེ་སྡོད་མཁན་ནི་ང་རང་ལོས་ཡིན། །
           ༢༠༢༢/༦/༢༣

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།