ངག་གི་དྲི་མ་བསལ་བའི་མཆོད་བརྗོད།(ཞར་བཀོད་གཅིག་ཡོད)
གང་ལ་དབྱངས་ཅན་ངག་གི་དབྱིངས་རིམ་ནས།།
མ་བཅོས་ཟབ་དོན་མཁའ་འགྲོའི་གསང་ཚིག་གཏོར།།
མཚར་སྡུག་འབུམ་གྱི་སྣང་བས་འགེངས་པའི་ཞིང་།།
ཆར་སྨུག་སྲབ་བུས་བཏུམས་པའི་ཚུལ་དེ་དྲན།།
ཀུན་རྟོག་གཡོ་བའི་དཀྱིལ་འཁོར་བཟླུམས་པ་ལས།།
ལྷོད་པར་རེ་བའི་ཐབས་ལ་རྒྱུད་མངས་བསྙེན།།
ནམ་མཁའི་དྲི་བཞོན་མ་ཡི་ཁེངས་པ་འཕྲོག།
མི་ཟད་མཛེས་པའི་སྤྱན་གྱིས་ཁྱེད་ལ་སྲུང་།།
ཆོས་ཉིད་སྒྱུ་མའི་རྟེན་འབྲེལ་ཡོངས་བསྐོར་དབུས།།
ཆུ་འཛིན་ལང་ཚོས་དུད་པའི་འོད་དཀར་ཅན།།
རིང་ནས་བཀུག་པའི་མེ་ཏོག་ཆུང་ངུ་ཡང་།།
ཆོས་ཀྱི་མདུན་སར་ལྷ་མོའི་གཟུགས་སུ་འཕོས།།
བཀྲ་ཤིས་མཚན་མས་ཁྱབ་པའི་རྣམ་རོལ་ལས།།
དྲི་མེད་ཟླ་བའི་མདངས་འཕྲོག་བཞིན་བཟང་མ།།
སིལ་སིལ་རྐང་གདུབ་སྒྲ་སྒྲོག་ཚུར་བྱོན་དང་།།
མི་འགྱུར་དད་པའི་བླ་བྲེ་ཕང་ཕུང་གཡོ།།
བདེ་ལེགས་འདོད་རྒུ་འཇོ་བའི་ཡིད་བཞིན་མཛོད།།
འཁོར་འདས་ཞི་བའི་ལམ་བཟང་སྟོན་མཛད་པ།།
ཡོན་ཏན་ཨུ་དུམ་ཝཱ་རའི་ཆུན་པོ་འདི།།
ཟག་མེད་དབྱངས་ཀྱི་རྒྱ་མཚོ་བསྲུབས་ལས་སྐྱེས།།
དཀར་དམར་ཆུ་སྐྱེས་སྡུག་གུར་བཀྲ་བའི་མ།།
དང་བའི་སྨོན་ལམ་ཤིང་རྟའི་འགྲོས་དང་བསྡེབས།།
བྱིན་རླབས་འཇུག་པ་མྱུར་བའི་དགའ་ཚལ་དུ།།
འགྱོད་མེད་སེམས་བསྐྱེད་ཆེན་པོའི་གླུ་ཆུང་ཤོར།།
༢༠༢༢ ༨ ༢༦
རིག་འཛིན་རིགས་ཀྱི་སྲས་པོ་མཱ་ཏི་ཀ།
ཕུན་ཚོགས་ཞི་བའི་དགའ་ཚལ་ལ་སྐྱེས་པའི།།
གདུང་དབྱངས་སྤོས་དཀར་ལྗོན་པའི་དྲི་བསུང་འདི།།
ཕྱག་ཏུ་འཆང་བའི་དགེ་སློང་ལྷུང་བཟེད་ལ།།
ཐ་སྙད་སྒྱུ་མའི་རྡུལ་ནི་ཅི་ཡང་འཛིན།།
ཏིང་འཛིན་ཟས་ཀྱི་རོལ་བ་གནམ་གྱིས་བྱིན།།
ངམ་ནག་སྲིད་པའི་ཉོན་མོངས་ཀུན་སེལ་བའི།།
གང་ཐུགས་དྲི་བྲལ་ཤེལ་ལ་བསྣུན་པའི་མོད།།
འོད་ཀྱི་སོར་མོས་ཞགས་པ་ཉེར་བཅད་དེ།།
རིག་བྱེད་སྤྲིན་གྱི་ལྟོ་བ་ཡང་ཡང་བརྡུངས།།
སྨྲ་བསམ་བརྗོད་དུ་མེད་པའི་བར་གླགས་སུ།།
རི་དྭགས་རྨས་མ་བཞིན་དུ་བདག་གྱུར་ནས།།
ཚོགས་དྲུག་བདེ་བའི་བཙན་ས་རྗེན་པར་ཟིན།།
རིག་འཛིན་རྟ་མཆོག་དཀར་པོ་མཐོང་བ་ན།།
མགུར་མའི་ཚིག་རྒྱན་མཐའ་ནི་མ་བཅོས་པར།།
སྡིག་པའི་རྩ་མདུད་ཐམས་ཅད་གྲོལ་ཕྱིར་དུ།།
སྙིགས་སྤྱོད་ཕལ་བའི་མི་ལ་རྒྱུན་དུ་གཤོར།།
སྔོ་བསངས་མཁའ་ལ་བཀྲམས་པའི་མོས་གུས་དེ།།
དྲན་ཤེས་རབ་དཀར་ཡོལ་བས་སྒྲིབ་ཙམ་བྱེད།།
གཡང་ཊིའི་ཕོར་བའི་འབྲུག་རིས་སྔོན་མོ་ལ།།
རིག་འཛིན་གསང་བའི་མེ་ཏོག་ཕྲ་ཆུང་བཏབ།།
རང་སྣང་གེ་སར་གཞོན་ནུའི་འཁྲི་ཤིང་དུ།།
དྲང་སྲོང་ཆེན་པོའི་ཤིང་རྟ་མཆི་མས་བརླན།།
བདག་ནི་ཚངས་པར་སྤྱོད་པའི་ཡུལ་དབུས་སུ།།
གཡོ་སྒྱུ་མེད་པའི་སེམས་ཀྱི་མྱོས་གླུ་ཞིག།
ལྗགས་ཀྱི་ཟེའུ་འབྲུ་གད་དེ་དབྱིངས་སུ་བཏང་།།
༢༠༢༢ ༩ ༢
རྩོམ་སྒྲིག་པ། གངས་དགའ།
མ་བཅོས་ཟབ་དོན་མཁའ་འགྲོའི་གསང་ཚིག་གཏོར།།
མཚར་སྡུག་འབུམ་གྱི་སྣང་བས་འགེངས་པའི་ཞིང་།།
ཆར་སྨུག་སྲབ་བུས་བཏུམས་པའི་ཚུལ་དེ་དྲན།།
ཀུན་རྟོག་གཡོ་བའི་དཀྱིལ་འཁོར་བཟླུམས་པ་ལས།།
ལྷོད་པར་རེ་བའི་ཐབས་ལ་རྒྱུད་མངས་བསྙེན།།
ནམ་མཁའི་དྲི་བཞོན་མ་ཡི་ཁེངས་པ་འཕྲོག།
མི་ཟད་མཛེས་པའི་སྤྱན་གྱིས་ཁྱེད་ལ་སྲུང་།།
ཆོས་ཉིད་སྒྱུ་མའི་རྟེན་འབྲེལ་ཡོངས་བསྐོར་དབུས།།
ཆུ་འཛིན་ལང་ཚོས་དུད་པའི་འོད་དཀར་ཅན།།
རིང་ནས་བཀུག་པའི་མེ་ཏོག་ཆུང་ངུ་ཡང་།།
ཆོས་ཀྱི་མདུན་སར་ལྷ་མོའི་གཟུགས་སུ་འཕོས།།
བཀྲ་ཤིས་མཚན་མས་ཁྱབ་པའི་རྣམ་རོལ་ལས།།
དྲི་མེད་ཟླ་བའི་མདངས་འཕྲོག་བཞིན་བཟང་མ།།
སིལ་སིལ་རྐང་གདུབ་སྒྲ་སྒྲོག་ཚུར་བྱོན་དང་།།
མི་འགྱུར་དད་པའི་བླ་བྲེ་ཕང་ཕུང་གཡོ།།
བདེ་ལེགས་འདོད་རྒུ་འཇོ་བའི་ཡིད་བཞིན་མཛོད།།
འཁོར་འདས་ཞི་བའི་ལམ་བཟང་སྟོན་མཛད་པ།།
ཡོན་ཏན་ཨུ་དུམ་ཝཱ་རའི་ཆུན་པོ་འདི།།
ཟག་མེད་དབྱངས་ཀྱི་རྒྱ་མཚོ་བསྲུབས་ལས་སྐྱེས།།
དཀར་དམར་ཆུ་སྐྱེས་སྡུག་གུར་བཀྲ་བའི་མ།།
དང་བའི་སྨོན་ལམ་ཤིང་རྟའི་འགྲོས་དང་བསྡེབས།།
བྱིན་རླབས་འཇུག་པ་མྱུར་བའི་དགའ་ཚལ་དུ།།
འགྱོད་མེད་སེམས་བསྐྱེད་ཆེན་པོའི་གླུ་ཆུང་ཤོར།།
༢༠༢༢ ༨ ༢༦
རིག་འཛིན་དྲན་པའི་འཕྲིན་ཡིག
རིག་འཛིན་རིགས་ཀྱི་སྲས་པོ་མཱ་ཏི་ཀ།
ཕུན་ཚོགས་ཞི་བའི་དགའ་ཚལ་ལ་སྐྱེས་པའི།།
གདུང་དབྱངས་སྤོས་དཀར་ལྗོན་པའི་དྲི་བསུང་འདི།།
ཕྱག་ཏུ་འཆང་བའི་དགེ་སློང་ལྷུང་བཟེད་ལ།།
ཐ་སྙད་སྒྱུ་མའི་རྡུལ་ནི་ཅི་ཡང་འཛིན།།
ཏིང་འཛིན་ཟས་ཀྱི་རོལ་བ་གནམ་གྱིས་བྱིན།།
ངམ་ནག་སྲིད་པའི་ཉོན་མོངས་ཀུན་སེལ་བའི།།
གང་ཐུགས་དྲི་བྲལ་ཤེལ་ལ་བསྣུན་པའི་མོད།།
འོད་ཀྱི་སོར་མོས་ཞགས་པ་ཉེར་བཅད་དེ།།
རིག་བྱེད་སྤྲིན་གྱི་ལྟོ་བ་ཡང་ཡང་བརྡུངས།།
སྨྲ་བསམ་བརྗོད་དུ་མེད་པའི་བར་གླགས་སུ།།
རི་དྭགས་རྨས་མ་བཞིན་དུ་བདག་གྱུར་ནས།།
ཚོགས་དྲུག་བདེ་བའི་བཙན་ས་རྗེན་པར་ཟིན།།
རིག་འཛིན་རྟ་མཆོག་དཀར་པོ་མཐོང་བ་ན།།
མགུར་མའི་ཚིག་རྒྱན་མཐའ་ནི་མ་བཅོས་པར།།
སྡིག་པའི་རྩ་མདུད་ཐམས་ཅད་གྲོལ་ཕྱིར་དུ།།
སྙིགས་སྤྱོད་ཕལ་བའི་མི་ལ་རྒྱུན་དུ་གཤོར།།
སྔོ་བསངས་མཁའ་ལ་བཀྲམས་པའི་མོས་གུས་དེ།།
དྲན་ཤེས་རབ་དཀར་ཡོལ་བས་སྒྲིབ་ཙམ་བྱེད།།
གཡང་ཊིའི་ཕོར་བའི་འབྲུག་རིས་སྔོན་མོ་ལ།།
རིག་འཛིན་གསང་བའི་མེ་ཏོག་ཕྲ་ཆུང་བཏབ།།
རང་སྣང་གེ་སར་གཞོན་ནུའི་འཁྲི་ཤིང་དུ།།
དྲང་སྲོང་ཆེན་པོའི་ཤིང་རྟ་མཆི་མས་བརླན།།
བདག་ནི་ཚངས་པར་སྤྱོད་པའི་ཡུལ་དབུས་སུ།།
གཡོ་སྒྱུ་མེད་པའི་སེམས་ཀྱི་མྱོས་གླུ་ཞིག།
ལྗགས་ཀྱི་ཟེའུ་འབྲུ་གད་དེ་དབྱིངས་སུ་བཏང་།།
༢༠༢༢ ༩ ༢
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།